རྒྱ༌ཤོད༌བུ༌ཆུང༌དར༌རྒྱས།
བརྩེ༌ལྡན༌ཟླ༌མོ༌ཕྱོགས༌ལ༌སོང༌ཤུ
ཟླ༌མེད༌ཨ༌བུ༌ཁེར༌མ༌ལྷག༌དུས༎
ནང༌གི༌ཨ༌མ༌དྲན༌པའི་རྦ༌རླབས།།
ཡིད་ཀྱི་མཚོ་ལས་རབ་ཏུ་འཕྱུར་སོ
རྒྱ༌མཚོའི༌གཏིང༌ལ༌རིན༌ཆེན༌དོ༌
སྙིང༌གི༌མཐིལ༌ལ༌ནོར༌བུ༌ཆ༌གཅིག།
ཚེ༌སྐལ༌འདི༌ཡིི༌ནོར༌བུ༌རང༌འགྲི
མ༌དང༌བུ༌མོ༌ཚེ༌འདིའི༌སྙིང༌པོ།།
སྲི༌ཞུའི༌བྱ༌བའི༌ལས༌རྫོབ༌ཅུང༌གི
ཡུལ༌སྐོར༌སྤྲོ༌བསང༌ཁོམ༌ལོང༌མ༌བྱུ
མ༌སྨད༌གཉིས༌པོ༌ལྷོ༌མཐར༌བུད༌ཐལ༎
མ༌འོངས༌ལྷན༌དུ༌སྤྲོ༌འཁྱམ༌སྒུག༌
ཁྲུང༌ཁྲུང༌མ༌སྨད༌ལྷོ༌ལ༌འཕུར༌ཏེ༎
རྨི༌ལམ༌ཞིང༌གི༌ལུང༌གཤོངས༌ཕུ༌ནས༎
བྲག༌ཆ༌སྡེབ༌པའི༌གསུང༌སྙན༌གྲག༌བྱུ
མ༌དང༌བུ༌མོའི༌དགོད༌སྒྲ༌ཡིན༌སོང༌
ཨ༌མ༌ཡོལ༌བའི༌དགུན༌གཞུང༌དེ༌ལ༎
མལ༌ཆས༌འཇམ༌པོ༌ཤོ༌ལྟར༌བསྒྲིགས༌པ༎
རྨི༌ལམ༌རོལ༌བའི༌མི༌བུ༌གན༌གིས༎
གང༌འཚམ༌དམག༌གི༌ཤུལ༌ལྟར༌བརྫད༌སོ
ནང༌གི༌ཨ༌མ༌རྩིབ༌ན༌མེད༌དུས༎
ནངས༌དུས༌སྔ༌མོའི༌འོ༌ཇ༌ཆད༌ཐལ།།
དུས༌གསུམ༌ཉིན༌མོའི༌ལྟོ༌དུས༌འཁྲུ
ཐབ་ཀ་དྲོན་མོའི་ཚ་དྲོད་ཡལ་ཐལ།།
ཐབ༌ཚང༌གྲུ༌བཞིའི༌ཟུཪ༌ཁུག༌དེ་ལ༎
ལྟོ༌སྣོད༌དཀྲུ་སའི་ལྕག་གཞོང་མེ
ཕྱི་བཤོལ་ལས་ཀྱི་གོམས་འདྲིས་ངན༌
ཨ་མའི་མེ་ཁྱིམ་ཡོངས་སུ་བརྫད་སོ
འབྱུང་བཞིའི་ལུས་ལ་དྲོ་ཞིང་འཇམ་
དྲི་ཞིམ་ཐུལ་བའི་སྟོད་གོས་དོར་
རིམ༌བཞིན༌ལེ༌ལོས༌ཁུག༌སོར༌སྤུངས་
འགྱ༌ཕོས༌མི༌འཇོན་བྱི་དོར་གཙང༌
རྒྱ་རྫོང་འདབ་ཆགས་སྲིབ་ལ་ཕུར་
ས་སྲོད་མཚམས་སུ་ཚང་ལ་འཁོར་ཡོང་།
སྒོར་ཁར་གསོས་པའི་ཁེར་ཀྱང་བྱ་ཕོ
ཉིན་ཞག་དུས་དང༌འགྲོ༌འདུག༌གོ༌ལོ
ཁྱིམ༌བདག༌དྲིན༌ཅན༌གནས༌ལ༌མེད༌ན༎
སྒོ༌ཁྱི༌རྒྱ༌བོ༌རྟེན༌ས༌མེད༌རེད༎
ནོར༌བུ༌ཆ༌འགྲིག༌ནང༌ལ༌མེད༌ན༎
ནང༌མི༌ལ༌ལ༌འཁོར༌འདོད༌མེད༌རེད༎
ལས་ཀྱིས་བསྐོས་ཏེ་བགྲངས་བྱ་བཅུ་
ཡུད་ཙམ་གྱེས་བའི༌མྱོང་བ་ཟབ་མོ།།
བཅོས་མིན་རང་བཞིན་སྙན་པའི་སྒྲ་
བརྩེ་བས་རྒྱན་ཏེ་ཕྱོགས་བཅུར་ཤོ
དལ༌འབྱོར༌ལུས༌འདིའི༌སྲོག༌གི༌དོ༌
གཅེས༌ཕྲུག༌འཛིན༌འཛིན༌ཚེ༌རིང༌ལོ༌
ཁ༌སྒོ༌སྐྱེ༌འབྲས༌མིག༌ལམ༌འཆར༌བཞི
ཁ༌བརྡ༌བསླབ༌བྱའི༌སྐད༌འཕྲིན༌བསྐུ
ཕ༌མས༌བསྐྱུར༌བའི༌བཙན༌གྱི༌དྭ༌ཕྲུ
ཆ༌མེད༌ལ༌ལུང༌ཉུལ༌བའི༌འགག༌ཏུ།།
རྒྱ༌སེའི༌མེ༌ཏོག༌རྐང༌གཅིག༌བཞད༌
མཐོན༌པོའི༌ལ༌རྩེར༌ང༌ཡིས༌འདྲེན༌
ས༌མཐར༌འཁྲུངས༌པའི༌རྒྱ༌ཤོད༌སྲས༌
མ༌སྲུ༌སྟོང༌གི༌མགྲིན༌ཚབ༌ཆགས༌ཡོ
རིག༌པའི༌སྟོབས༌ཀྱི༌གཉོམ༌ལག༌རྒྱ
ཕ༌མ༌གཉེན༌གྱི་རེ༌བའི༌འདུན༌མ༎
དཔེ༌སྟོན༌རིག༌ཚལ༌མེ༌ཏོག༌ལྡུམ༌རྭ
བུང༌བ༌འདུས༌པའི༌སྦྲང༌ཚང༌གསུམ༌
སྦྲང༌ཆུང༌དཀྱིལ༌ནས༌ལྡིང༌རྩལ༌རྩེ
ཨ༌མའི༌བུ་མོས༌སྤོབས༌པ༌ངོམས༌བྱུ
ཁྱིམ༌བདག༌ཨ་ཇོ༌སྣང༌བ༌རྒྱ་ཡན༎
བྱམས༌ལྡན༌མཛའ༌མོའི༌གཡང༌རྟེན༌བརྩི
གཡང་རྟེན་སྐུ་འདྲ་མགུལ༌ཙམ༌བྱས་
གཟུངས་གཞུག་མཛའ་བརྩེ་ཕྱིར་རུ་
ཆུ་འཛིན་དཀར་པོས་ཇི་ཙམ་ཉུག་ཡང་།
ནམ་མཁའ་ཡངས་པོའི་མཚམས་དེ་མི་རེ
མ༌དང༌བུ༌མོར༌བཅངས་པའི་བརྩེ༌དུང་
འཇལ༌བའི༌ཚད༌དེ༌སྲིད༌ན༌མེད༌དོ༎
མཇའ༌མོའི༌བརྩེ༌སེམས༌དུང༌ཟླ༌དཀར༌
མཚན༌མོའི༌མུན༌ནག༌ཇི༌ཙམ༌སེལ༌ཡང༌༎
ལོག༌པར༌ལྟ༌བའི༌རང༌ཤེད༌ཅན༌པོ༎
ཐན༌བྱ༌འུག༌པས༌སྐད༌ངན༌མ༌རྒྱག།
རླབས༌ཆེན༌སྐྱེས༌མ༌ནོར༌བུ༌འོད༌
རྒྱང༌དུ༌སོང༌ཡང༌འོད༌ཟེར༌འཕྲོ༌ཡོ
ལོང༌བའི༌མདུན༌ལ༌དགོས༌འདོད༌ཀུན༌
མ༌ཚོར༌རྡོག༌ཞབས༌མ༌འགྲོ༌ཤོག༌ཅིག།
རང༌བཞིན༌བརྗོད༌པའི༌རང༌དཔེའི༌ཚུ
རབ༌བཏགས༌གབ༌ཚིག༌གཞན༌ལ༌རྒྱན༌ཡོད༎
སྲོག༌ལྡན༌སྙན༌ངག༌མཐུ༌རྩལ༌ཡོད༌ན༎
འབྱུང༌པོའི༌ཚོགས༌ལ༌འོད༌སྣང༌སྦྱི
ངེས༌མེད༌མི༌རྟག༌འཁོར༌བའི༌རང༌བཞི
གནས༌སྐབས༌མགྲོན༌པོ༌ཞུགས༌པའི༌ཚེ༌
དགའ༌སྡུག༌ཟང༌ཟིང༌ཁ༌དོག༌སྣ༌ཚོགས།
འདོད༌ཆུང༌ཆོག༌ཤེས༌སྐྱིད༌ཀྱི༌རྩ༌
བཅུ༌དྲུག༌ལང༌ཚོའི༌སྙན༌ངག༌ས༌སྟེ
ཆགས༌སྲེད༌དགའ༌མའི༌སྙན༌ངག༌གནམ༌འོ
ཨ༌མར༌བསྟོད༌པའི༌སྙན༌ངག༌ཁམས༌གསུ
ཁྱིམ༌གཞིའི༌བདག༌མོར༌སྙན༌ངག༌མི༌
རང༌སེམས༌ངོགས༌ཀྱི༌ཡིད༌འོངས༌པདྨ༌
དེ༌ལས༌འཁྲུངས༌པའི༌གེ༌སར༌འབྲས༌བུ
འདམ༌གྱི༌དྲི༌མ༌ཟད༌ཅིང༌འཚར༌ལོངས༌
ཅི༌བསམ༌འདོད༌དགུ༌དགའ༌བདེའི༌དཔལ༌
རྒྱ༌ཤོད༌བུ༌ཆུང༌དར༌རྒྱས།
རེས་གཟའ་ཉི་མ། 2018/01/23