ཤིས་ཚང་ལྗང་མྱུག
ཕྱི་ཟླ་༤ ཚེས་༡༤ ཉིན་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་གོད་ཆག་བྱུང་བ་ནས་བཟུང་བྱེས་ཀྱི་གདན་ས་ཁག་ཏུ་བདུན་ཚིགས་རེ་རེར་མཆོད་འབུལ་སྨོན་ལམ་ཆེད་ཚོགས་གནང་གིན་ཡོད་པ་བཞིན། འདི་ག་དཔལ་ལྡན་འབྲས་དཀར་སྤུངས་པའི་བཀྲ་ཤིས་སྒོ་མང་གྲྭ་ཚང་དང་མཁས་མང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱིས་ཀྱང་བདུན་ཚིགས་རེ་རེར་གྲྭ་ཚང་སོ་སོས་མཆོད་འབུལ་བསྔོ་སྨོན་རྒྱ་ཆེར་གནང་བར་མ་ཟད། བདུན་ཚིགས་རེ་རེའི་དགོང་དྲོར་གྲྭ་ཚང་ཤར་ནུབ་གཉིས་མཉམ་དུ་ཚོགས་ཏེ་བསྔོ་བ་སྨོན་ལམ་ཆེད་ཚོགས་གནང་ཡོད། ཕྱི་ཟླ་༦ཚེས་༡ཉིན་ཏེ་དགོང་ཞག་ཞེ་དགུ་འཁོར་བའི་ཉིན་མོར་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་འདོན་སྤེལ་བྱེད་བཞིན་པའི་《མཆོད་མེ་སྙན་ངག་ཚགས་པར་》གྱིས་ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་ཤུལ་ལུས་གདུང་ལྡན་སྒ་སྐྱེ་དགུའི་མི་མང་ཚོར་དམིགས་ཏེ། དཔལ་ལྡན་འབྲས་སྤུངས་གླིང་གི་དགེ་འདུན་པ་ཚོས་ཕུལ་བའི་མྱ་ངན་ཞུ་ཚིག་གམ་རྗེས་དྲན་སྙན་ངག་སུམ་ཅུ་ལྷག་ཆེད་སྒྲིག་བྱས་ཏེ། མཆོད་མེ་སྙན་ངག་ཚགས་པར་དམིགས་བསལ་འདོན་ཐེངས་ཤིག་ཏུ་ཉིན་དེའི་དགོང་དྲོ་དངོས་སུ་འགྲེམ་སྤེལ་བྱས་ཡོད། འདི་ནི་གདན་སའི་དགེ་འདུན་པ་ཚོའི་མྱ་ངན་རྩོམ་ཡིག་ཆེད་བསྡུས་ཀྱི་ཚགས་པར་ཐོག་མ་ཡིན་ལ། ཐག་རིང་ཐག་རིང་གི་བོད་མིའི་བརྩེ་བ་དང་དམ་ཚིག་མཚོན་པའི་མྱ་ངན་གྱི་གླུ་སྐད་གསར་བ་ཞིག་ཀྱང་ཡིན། མཆོད་མེ་སྙན་ངག་ཚགས་པར་ནི་གྲྭ་རྐྱང་ཞིག་གིས་སློབ་གཉེར་གྱི་ལས་ཞོར་དུ་གཉེར་གྱིན་པའི་སྙན་ངག་རྐྱང་བའི་ཚགས་པར་ཞིག་ཡིན། ཚགས་པར་དེ་སྔ་ལོའི་ཕྱི་ཟླ་༡༢ཚེས་༡༠ཉིན་གསར་དུ་འགོ་འཛུགས་ཀྱིས་དུས་ཚིགས་ངེས་མེད་ལ་འདོན་སྤེལ་བྱེད་ཀྱིན་ཡོད་ལ། རྩོམ་སྒྲིག་པ་ཤིས་ཚང་ལྗང་མྱུག་ཅེས་པ་ཡིན།
chol-may
ཤིས་ཚང་བ་ཐུགས་རྗེ་ཆེ། སྙན་ངག་གི་ཚགས་པར་གཉེར་བ་དང་། ལྷག་པར་ད་ཐེངས་ཀྱི་སྐྱེ་དགུ་མདོའི་གོད་ཆག་གི་ཆེད་དུ་ལེ་ཚན་སྐྱོང་བར་བསྟོད་བསྔགས་ཡོད། ཁོ་བོས་ཀྱང་དེ་རིང་བདུན་ཚིགས་བདུན་པ་དང་སྐབས་བསྟུན་ནས་མགྱོགས་བྲིས་ཀྱི་སྙན་ངག་དཔེ་རྒྱན་ཅན་ཞིག་སྐྱེ་དགུ་མདོ་ལ་སེམས་གཏིང་ནས་ཕུལ་ཡོད་པས་གཟིགས་རོགས་གནང་། དྲ་ཐག་འདི་རེད།
http://www.tibettimes.net/blogs.php?id=264&post_id=9556
《མཆོད་མེ་སྙན་ངག་ཚགས་པར་》གྱིས་ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་ཤུལ་ལུས་གདུང་ལྡན་སྒ་སྐྱེ་དགུའི་མི་མང་ཚོར་དམིགས་ཏེ། ཞེ་དགུ་གཉེར་བ་ཧ་ཅང་གི་ཡག་པོ་རེད་ལ་ལྷག་པར་ཚགས་པར་གི་དཔར་གཞི་དྲ་ཐོག་ལ་བཞག་པ་འདི་དེང་རབས་ཆ་འཕྲིན་དུས་དང་མཐུན་པའི་ཡར་རྒྱས་རྣམ་པ་ཟིག་རེད།། དུས་བབ་དང་བང་ཆེན་སོགས་ཀྱང་འདི་ལྟར་ཐུབ་རྒྱུ་བྱུང་ན་ཅི་མ་རུང་།
སྐུ་ཉིད་ཀྱིས་དེ་ལྟར་འབད་བརྩོན་བྱེད་ཀྱིན་པར་སྙིང་དང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།
དྲ་གྲོགས་ཚོས། ང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ལྷག་དོན་ཁ་བརྡ་དྲ་བས་མཆོད་མེ་ཚགས་པར་གྱི་དཔར་གཞི་དྲ་ཐོག་ལ་བཞག་སྟེ་དྲ་གྲོགས་ཐུན་མོང་གི་ལོངས་སྤྱོད་དུ་བསྟར་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞེས་ཞུ་བཞིན་ཡོད།
སྐུ་ཉིད་ཀྱིས་དེ་ལྟར་འབད་བརྩོན་བྱེད་ཀྱིན་པར་སྙིང་དང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།