ང་ ༡༩༩༥ ལོའི་སྤྱི་ཟླ་ ༦ ཚེས་ ༣ ཉིན་ ལི་སི་པོན་[Lisbon] ལ་སྐྱེས་པ་རེད། ལི་སི་པོན་གྲོང་ཁྱེར་ཆེན་མོ་མ་རེད། ལི་སི་པོན་གྲོང་གསེབ་ཆུང་ཆུང་རེད། ལི་སི་པོན་གྱི་མི་འབོར་ཆུང་ཆུང་རེད། གྲོང་གསེབ་དེ་ལ་མི་གསུམ་སྟོང་ཙམ་ཡོད་རེད།
ལི་སི་པོན་འཁྲུག་པོ་མ་རེད། ལི་སི་པོན་ལ་གློག་བརྙན་ཁང་དང་། གཅན་གཟན་ཁང་། འགྲེམས་སྟོན་ཁང་། ཨེ་ནས། མཐའ་ན་སྨན་ཁང་ཡང་ཡོད་མ་རེད། ཡིན་ན་ཡང་། ནག་ཉེས་དཀོན་པོ་ཡིན་ཙང་ཉེན་རྟོག་པ་ཉུང་ཉུང་ཡོད་རེད།
ལི་སི་པོན་གྱི་ཡུལ་ལྗོངས་མཛེས་པོ་ཞེ་དྲག་འདུག ལི་སི་པོན་ལ་བཟོ་གྲྭ་མང་པོ་མེད་ཙང་ནམ་མཁའ་ཉིན་ལྟར་རེ་བཞིན་སྔོ་ཐིང་ཐིང་འདུག དཔྱིད་དུས་མེ་ཏོག་མང་པོ་ཡོད་རེད། དབྱར་དུས་ཤིང་སྡོང་དང་རྩྭ་ལྗང་ཐིང་ཐིང་ཡོད་རེད། དགུན་དུས་གངས་དཀར་པོ་དཀར་རྐྱང་འདུག སྟོན་དུས་ཤིང་སྡོང་གི་ལོ་མ་དམར་ཐིང་ཐིང་འདུག
ང་ཆུང་ཆུང་ཡིན་དུས་གློག་རིན་དང་ཆུ་རིན་ཧ་གོ་མ་སོང་། ཡིན་ན་ཡང་། གློག་རིན་དང་ཆུ་རིན་གོང་ཁེ་པོ་རེད་ཟེར། ཁང་གླ་ཡང་གོང་ཁེ་པོ་རེད་ཟེར། ལི་སི་པོན་གྱི་འགྲོ་སོང་ཆེན་པོ་མ་རེད། ཚང་མ་གོང་ཁེ་པོ་མ་རེད།
ང་ཆུང་ཆུང་ཡིན་དུས་ལི་སི་པོན་ལ་དགའ་པོ་མེད། ཡིན་ན་ཡང་། ད་ལྟ་ངས་ ལི་སི་པོན་དྲན་གི་འདུག
(འདི་ནི་བོད་སྐད་སློབ་བཞིན་པའི་ཕྱི་རྒྱལ་སློབ་མ་ཞིག་གིས་བྲིས་པའི་རྩོམ་ཡིག་རེད། འདི་དང་ང་ཚོས་འབྲི་བཞིན་པའི་སྐད་གཉིས་ཀྱི་བར་ལ་ཁྱད་པར་འདུག་གམ། འདི་ནི་གོ་བདེ་བ་དང་རྗོད་པ་བདེ་བ་ལྟ་བུ་ཞིག་འདུག་གམ།)
གཞོན་ནུ་ཁྱོད་ཀྱིས་བྲིས་པ་རྣམས་པ་བདེན་པ་ཡིན་ན། ངོ་མཚར་ཆེ་བ་མཆིས། བོད་པ་ང་ལྟ་བུས་ཀྱང་། དེ་ལྟར་འབྲི་མི་ཐུབ། ཁྱེད་ཀྱིས་བོད་སྐད་སྦྱངས་དང་། སྦྱོང་བཞིན་པ་ལ་རྒྱུ་མཚན་གང་ཡོད་དམ། ལི་སི་པོན་[Lisbon] ཞེས་པ་ཤར་གླིང་། ནུབ་གླིང་གང་དུ་ཡོད་དམ། སྤར་ས་བཀྲ་དེ། ལི་སི་པོན་[Lisbon] ན་ཡོད་ན། ཁྱེད་ཀྱི་སྐྱེས་ཡུལ་དེ་ཡར་བསྐྱེད་བྱུང་བའི་ཡུལ་དུ་མཐོང་ངོ་།
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
ཚིག་ཉུང་དོན་གསལ་ཞིག་བྲིས་འདུག
རེད་དང་མ་རེད། བཅུ་གཉིས་ཙམ་དང་། འདུག་གཉིས་མ་གཏོགས་མེད་པའི་རྩོམ་ཡིག དེ་སྟེང་ལ། མི་དགོས་ཡ་ཡིན་ཞེས་པའི། ཡིན་གཅིག་ཀྱང་མེད་འདིས་ང་ནི། ཤིན་ཏུ་དགའ་པོ་བྱུང་ངོ་། ཤིན་ཏུ་ལེགས་སོ།། །།
ཡག་པོ་བྲིས་འདུག བོད་ཡིག་ཐོག་མར་འདི་ལྟར་བྲིས་པ་མཐོང་མྱོང་། རྗེས་སུ། བོད་པའི་བླ་མ་དང་རྩོམ་པ་པོ་དེ་ཚོར་མཁས་ཉམས་སྟོན་པའི་ནད་ཕོགས་སྟབས། བོད་ཡིག་སྟབས་བདེ་པོ་དེ་མགོ་རྙོག་བཟོས་པ་རེད་བསམས། ཁོང་ཚོས་བོད་ཡིག་མགོ་རྙོག་བཟོས་ནས། ཁྲིམས་དང་རིམ་པ་མང་པོ་བཟོས། བདག་ཟེར་བ་དང་། གཞན་ཟེར་བ་དང་། བདག་གི་དངོས་པོ་ཟེར་བ་དང་། གཞན་གྱི་དངོས་པོ་ཟེར་བ་མང་པོ་གསར་པ་བཟོས། བོད་ཡིག་མགོ་རྙོག་ཆེ་རུ་བཏང་འདུག
སྔོན་མ་ལོ་མང་པོའི་གོང་ལ་བོད་ཡིག་དེ་ལོ་གཅིག་གི་ནང་ལ་ཤེས་ཐུབ་པ་དེ། ད་ཆ་ལོ་བཅུ་ཙམ་སྦྱངས་རུང་ད་དུང་ཡག་པོ་མ་ཤེས་པ་བཟོས་འདུག དེ་བཞིན་ད་ཆ་རྒྱ་ཡིག་དང་དབྱིན་ཇི་ཤེས་ན་བོད་ཡིག་མ་ཤེས་རུང་འཚོ་བ་དང་ཤེས་བྱ་ལེན་ཐུབ་པས། མི་མང་པོ་ཞིག་གིས་མགོ་རྙོག་ཅན་གྱི་བོད་ཡིག་དེ་འདོར་བཞིན་འདུག
སྐད་ཡིག་ཉམས་པའི་རྐྱེན་གཅིག་དེ་སྐད་ཡིག་དེ་རྙོག་ཟིང་ཆེ་བ་དང་བེད་སྤྱོད་ཉུང་བ་དེ་རེད། ང་ཚོ་བོད་ཡིག་དེའི་ཁོངས་སུ་གཏོགས་པས། མི་རིང་བར་བོད་ཡིག་དེ་འགྲེམ་སྟོན་ཁང་ལ་བསླེབས་རྒྱུ་བརྒྱ་ཆ་བརྒྱ་ཐག་ཆོད་པ་རེད་སྙམ།
རབ་གསལ་ལགས། ཕྱི་རྒྱལ་བ་བོད་སྐད་སྦྱོང་མཁན་འདིས་ད་ཕན་ལོ་དུ་ལ་སྦྱངས་པ་རེད།
ང་ ༡༩༩༥ ལོའི་སྤྱི་ཟླ་ ༦ ཚེས་ ༣ ཉིན་ ལི་སི་པོན་[Lisbon]༼ ལ་༽ (དུ་)སྐྱེས་པ་ཡིན༼རེད༽། ལི་སི་པོན་གྲོང་ཁྱེར་ཆེན་(པོ་)༼མོ༽་མ་རེད། ལི་སི་པོན་གྲོང་གསེབ་ཆུང་ཆུང་རེད། ལི་སི་པོན་གྱི་མི་འབོར་(ཉུང་ཉུང་)༼ཆུང་ཆུང་༽རེད། གྲོང་གསེབ་དེ་ལ་མི་གསུམ་སྟོང་ཙམ་ཡོད༼་རེད༽།
ལི་སི་པོན་འཁྲུག་པོ་མ་རེད། ལི་སི་པོན་ལ་གློག་བརྙན་ཁང་དང་། གཅན་གཟན་ཁང་། འགྲེམས་སྟོན་ཁང་། ཨེ་ནས། (ཐ)༼མཐའ༽་ན་སྨན་ཁང་ཡང་མེད་༼ཡོད་མ་རེད༽། ཡིན་ན་ཡང་། ནག་ཉེས་(བསགས་མཁན)དཀོན་པོ་ཡིན་ཙང་ཉེན་རྟོག་པ་ཉུང་ཉུང་(ལས་མེད་)༼ཡོད་རེད༽།
ལི་སི་པོན་གྱི་ཡུལ་ལྗོངས་མཛེས་པོ་ཞེ་དྲག་འདུག ལི་སི་པོན་ལ་བཟོ་གྲྭ་མང་པོ་མེད་ཙང་ནམ་མཁའ་ཉིན་(རྟག་པར་)༼ལྟར་རེ་བཞིན་༽སྔོ་ཐིང་ཐིང་འདུག དཔྱིད་དུས་མེ་ཏོག་མང་པོ་ཡོད༼་རེད༽། དབྱར་དུས་ཤིང་སྡོང་དང་རྩྭ་ལྗང་(སྔོ་ལྡེམ་ལྡེམ)་༼ཐིང་ཐིང་༽ཡོད༼་རེད༽། དགུན་དུས་གངས་དཀར་པོ་༼དཀར་རྐྱང་༽འདུག སྟོན་དུས་ཤིང་སྡོང་གི་ལོ་མ་(སེར་ལམ་ལམ་)༼དམར་ཐིང་ཐིང་༽འདུག
ང་ཆུང་ཆུང་ཡིན་དུས་གློག་རིན་དང་ཆུ་རིན་(ག་ཚོད་སྤྲོད་དགོས་པ་)ཧ་གོ་མ་སོང་། ཡིན་ན་ཡང་། གློག་རིན་དང་ཆུ་རིན་གོང་ཁེ་(བོ)༼པོ་༽རེད་ཟེར། ཁང་གླ་ཡང་གོང་ཁེ་(བོ)༼པོ་༽རེད་ཟེར། ལི་སི་པོན་གྱི་འགྲོ་སོང་ཆེན་པོ་མ་རེད། (འོན་ཀྱང་)ཚང་མ་གོང་ཁེ་༼པོ༽་མ་རེད།
ང་ཆུང་ཆུང་ཡིན་དུས་ལི་སི་པོན་ལ་དགའ་(བོ)༼པོ་༽མེད། ཡིན་ན་ཡང་། ད་ལྟ་ངས་ ལི་སི་པོན་དྲན་(གྱིན་)༼གི་༽འདུག
(གོང་གི་མཆན་བུ་བ་རྣམ་པ་ལགས་མི་ཤེས་ན་རྒན་ན་དྲིས་མི་རིག་ན་སྒང་ལ་བུད།)