རླུང་དམར།
སྐུ་ངོ་སྤེན་པ་ཚེ་རིང་ངམ་ཚོགས་ཟུར་མཆོག་ནི་བཙན་བྱོལ་བོད་མིའི་གཞུང་གི་མི་སྣ་ཆེས་གལ་ཆེན་ཡིན་ལ། འདས་མ་ད་གསུམ་གྱི་བཙན་བྱོལ་ལོ་རྒྱུས་ནང་བལྟས་ཏེ་ཡོང་ན་སྐུ་ངོ་སྤེན་ཚེའི་མཛད་རྗེས་བཞག་པའི་བརྒྱུད་རིམ་ནི་ཤིན་ཏུ་རླབས་ཆེན་རེད། ཡིན་ཡང་། ད་ལོར་ཡིད་ཕངས་བ་ཞིག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་སྔོན་མ་འོས་བསྡུའི་སྐབས་ཀྱི་སྒེར་འཁོན་སྙིང་ལ་བཅངས་ཏེ། ཨ་རིའི་དོན་གཅོད་སྐུ་ངོ་སྤེན་པ་ཚེ་རིང་གི་མཛད་འཕྲིན་ཡོད་ཚད་ལས་མཚམས་བཞག་ཏུ་འཇུག་པ་རེད། དེ་ནི། བཙན་བྱོལ་བོད་མི་སྤྱི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གྱོང་གུད་ཆེན་པོ་ཞིག་ཡིན། མ་ཟད། ༧གོང་ས་མཆོག་གིས་ཐད་བསྐོས་བྱས་པའི་སྐུ་ངོ་ཞིག་ཆགས་ཡོད་སྟབས་དེ་ཡང་རྩིས་མེད་བཏང་བ་རེད། མཐར་དེད་ན། ང་ཚོའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀུར་བསྟི་མ་བྱས་པ་རེད་ལ། གཞིས་བྱེས་གཉིས་ཀྱི་མི་མང་ཡོངས་ཀྱི་རེ་བ་གསོན་པོ་སྣང་མེད་དུ་བཞག་སྟེ་ཆབ་སྲིད་ཀྱི་བདག་དབང་སྒེར་གཅོད་བྱས་ཏེ་ཡོད་ཚད་མེད་བརླག་ཏུ་གཏོང་གིན་ཡོད་འདུག
ཚོགས་ཟུར་སྤེན་པ་ཚེ་རིང་ནི་བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་མི་སྣ་རླབས་ཆེན་ཤེས་ཡོན་པ་ཞིག་རེད་ལ། བཙན་བྱོལ་བོད་མིའི་སྒྲིག་ཁྲིམས་དང་། ཆབ་སྲིད། དཔལ་འབྱོར། མང་གཙོ་དོན་གཉེར་སོགས་ལ་འཇོན་ཐང་ཆེ་བའི་མི་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་ཞིག་ཡིན་ཡང་། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་ཕྱོགས་ཞེན་གྱི་བསམ་བློ་དེས་སྐུ་ངོ་མཆོག་གི་མཛད་རྗེས་འཇོག་དང་འཇོག་བཞིན་པ་དག་ལ་བར་ཆད་དང་། གཞི་མེད་འཕུང་དཀྲུག ཉེས་མེེད་ནག་འགེལ་སོགས་བྱས་ཏེ། སྐུ་ངོ་མཆོག་གི་ལས་དོན་འོད་སྟོང་ལྡན་པ་ཡོངས་རྫོགས་ལས་མཚམས་འཇོག་ཏུ་བཅུག་པ་རེད། འདི་དག་ནི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཁོ་རང་སྒེར་ལ་མཚོན་ནའང་། ཕམ་ཉེས་ཆེན་པོ་ཞིག་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ལོ་རྒྱུས་ནང་གི་ཆེས་བསུབ་དུ་མེད་པའི་ནག་ཉེས་ངོ་མ་དེ་རེད།
སྲིད་སྐྱོང་གིས་སྒེར་གཅོད་ཀྱིས་སྲིད་དབང་འཛིན་བཞིན་ཡོད་ཀྱང་། བོད་ཕྱི་ནང་དང་། འཛམ་གླིང་ཤར་ནུབ་ཀྱི་ཤེས་ལྡན་པ་མང་པོས་ཁོ་རང་གི་བྱ་སྤྱོད་“བྱ་སྤུ་གནོན“ཟེར་བ་དེ་“བྱ་སྤུ་གཏོར“་ལ་སོང་ནས་ཁྲིམས་མེད་ལུགས་ཀྱིས་བཙན་བྱོལ་ནང་གི་མི་སྣ་རླབས་ཆེན་སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུ་དོན་མེད་དུ་ནག་པོ་བཟོས་ཏེ་ཆོལ་གསུམ་བར་ལ་འགལ་རྐྱེན་བསླངས་བ་ནི་བློ་བཟང་སངས་རྒྱས་ཀྱི་གཟི་བརྗིད་ཁོག་སྟོང་གི་ལས་ཀ་བྱེད་སྟངས་རིགས་ཤིག་རེད། དེ་ལྟ་ནའང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་ཁོ་ལྟ་བུས་མ་འོངས་པའི་བོད་ཀྱི་གནས་སྟངས་ལ་ཆག་གྲུམ་ཤོར་ཏུ་བཅུག་སོང་བས། ད་དུང་། མ་ཡིན་ཡིན་མདོག་གིས་མགོ་བོ་གཟེངས་ཏེ་འགྲོ་བཞིན་གདའ་ནའང་། རྒྱུ་འབྲས་མེད་པའི་ལས་ཀ་བྱས་པ་དེ་དག་ང་ཚོའི་སེམས་ན་གསལ་ལྷང་ངེར་ཡིན།
དེ་ཡང་། བསམ་བློ་ཟབ་གསལ་ཞིག་བཏང་ནས། ཕྱིར་མིག་རེ་འཕངས་ན་སྐུ་ངོ་མཆོག་གི་དྲང་བདེན་དང་། ལྷག་བསམ། ཕྱི་གསལ་ནང་གསལ་གྱི་ཕྱག་ལས་གནང་སྟངས་ནི་དཔེ་མི་སྲིད་པའི་ཡག་པོ་རེད་ལ། བཙན་བྱོལ་བོད་མི་བྱིངས་ལ་བཀའ་དྲིན་ཆེན་པོའང་རེད། ཡིན་ཡང་། སྒེར་གཅོད་ཀྱི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་མིག་སྔར་ཡོ་རོབ་(Europe)དང་། ཁཱ་ཎ་ཌཱ(Canada) ཨ་མེ་རི་ཁཱ (America)སོགས་ལ་སོང་ནས། མི་མང་གི་མདུན་ནས་སྐྱག་རྫུན་བརྒྱ་སྐོར་རེ་བཤད་དེ། སྐུ་ངོ་སྤེན་ཚེ་ལ་མ་ཉེས་ཁ་གཡོག་གི་ཉེན་བརྡ་མང་པོ་བཏང་བ་ནི་བློ་སངས་ཀྱི་ངོ་འབག་རུལ་སུངས་ཤིག་རེད། དེ་མིན། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེ་ཡང་མགོ་རྙོག་བཟོས་ཏེ་རྩིས་མེད་བྱས་པ་དང་། དེའི་སྐོར་ལའང་སྒྲུང་སྙན་མོ་རེ་བཤད་དེ་མི་མང་ནང་ལ་འགྲེལ་བཤད་གསལ་ཁ་ཐག་ཆོད་ཅིག་མེད་པར་བཞག་ནས་ཡོད་ཚད་བརླགས་པ་རེད།
སྐུ་ངོ་མཆོག་གི་ལས་མཚམས་བཞག་རྗེས་སྲིད་སྐྱོང་བློ་བཟང་སངས་རྒྱས་ཨ་རིར་སོང་བ་དང་། ཨ་རིའི་གནམ་ཐང་ནས་ཕྱོགས་ཞེན་པ་སྐོར་ཞིག་གིས་བློ་སངས་ཀྱི་འདྲ་པར་ལ་ཁ་བཏགས་སེར་པོ་འཐེན་ནས་ཁྱི་སྤྱང་ལ་ལྟོ་མ་རག་པ་ལྟ་བུའི་ངུ་ཅོ་བཏོན་ཞོར་བསུ་མ་འདྲ་བྱས་ནའང་། སྲིད་སྐྱོང་གནམ་གྲུའི་ཐང་གི་ལྟག་སྒོ་ནས་བྲོས་ཏེ་སོང་འདུག དེ་ནི། རང་གཟུགས་ངན་པ་ལྷང་ལ་བུད་པ་རེད་ལ། དྲང་བདེན་མིན་པའི་གཡོ་འཕྲུལ་ཅན་ཞིག་ཡིན་པའང་ཧ་གོ་སོང་བ་རེད། དེ་བཞིན་དུ། བློ་སངས་ཀྱི་ཨ་ཕྲུག་དེ་ཚོས་དྲང་བདེན་པ་རྒྱབ་ཏུ་བཞག་ནས་རྫུན་མ་གཙུག་ཏུ་བཀུར་ཏེ་བློ་སངས་ལ་བསྟོད་གླུ་བླངས་པ་རེད་དེ། བསྟོད་གླུ་ནི་༧གོང་ས་མཆོག་ལ་བསྟོད་པ་ཞིག་ཡིན་པ་ནི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ནང་ཡོད་མོད། མི་ངན་དེ་དག་གིས་༧གོང་ས་མཆོག་གི་བསྟོད་གླུ་དེ་སྲིད་སྐྱོང་བློ་སངས་སྦྱར་ཏེ་བླངས་བ་ནི་ཆེས་མུན་ནག་དང་། ཀླ་ཀློ། ཅི་ཡང་མི་ཤེས་པར་ཆོལ་ཞེན་གྱི་འཐེན་ཁྱེར་ཁོ་ན་ལས་གྲུབ་འདུག
སྐུ་ངོ་སྤེན་པ་ཚེ་རིང་གིས་“ངའི་རྐུབ་སྟེགས་བློས་གཏོང་དགོས་བྱུང་ན་གཏོང་གི་ཡིན། འོན་ཀྱང་། བོད་ཀྱི་རྩ་དོན་ནམ་ཡང་བློས་གཏོང་བྱེད་ཀྱི་མིན།“ཞེས་གསུངས་བ་ལྟར། སྐུ་ངོ་སྤེན་ཚེས་རང་ཉིད་ཀྱི་ཕྱག་ལས་དེའི་ལས་མཚམས་བཞག་རྗེས་ཨ་རི་ནས་རྡ་སར་ཡོང་སྟེ། བཀའ་ཤག་དང་སྲིད་སྐྱོང་གི་ཁྲིམས་མེད་སྐྱོན་འཛུགས་དང་། ཉེས་མེད་ཉེན་བརྡ་བཏང་བ་སོགས་ལ་གསལ་བཤད་གནད་ལ་ཐིངས་བ་ཞིག་གནང་པ་རེད། དེའི་རྗེས་ལ། བཀའ་ཤག་དང་སྲིད་སྐྱོང་ལ་བདེན་པ་མེད་ཙང་ཁ་གྲག་འགུལ་མེད་པར་བསྡད་དགོས་བྱུང་བ་རེད། དེ་ལྟར། སྐུ་ངོ་མཆོག་གི་ཕྱི་གསལ་ནང་གསལ་གྱི་ཕྱག་ལས་གནང་སྟངས་ནི་ཕུལ་དུ་བྱུང་བ་ཞིག་ཡིན་པས། ཨ་རིའི་ནང་གི་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་གིས་བདེན་པ་རྒྱབ་ལངས་བྱས་ཏེ་སྐུ་ངོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་གསོལ་ཚིགས་ཐོག་གདན་ཞུ་གནང་ནས་བདེན་པར་རྒྱབ་སྐྱོར་དང་། སྐུ་ངོ་མཆོག་གིས་ཀྱང་མི་མང་ལ་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་ནས་རང་ཉིད་བདེན་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་བྱེད་མཁན་གྱི་མི་ཞིག་ཡིན་པའི་གསུངས་བཤད་སོགས་གནང་འདུག
2017-12-25ཉིན།
གནས་ལུགས་དང་རྒྱུ་མཚན་ལྡན་པའི་རྩོམ་ཡིག་བྲིས་འདུག རྗེས་མར་འདི་ལྟ་བུའི་རྩོམ་ཡིག་རྣམས་ཕྱོགས་བསྒྲིགས་ཀྱི་དེབ་བཟོས་ཏེ་དཔར་སྐྲུན་བྱེད་ན་ཡག་པོ་རེད་སྙམ།
ཡིག་འབྲི་བ་དག་གིས་སྐུ་ངོ་དོན་གཅོད་ཀྱི་གནད་དོན་འདིར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ན་ཚིག་ངན་དེ་ཙམ་བེད་སྤྱད་མི་དགོས་པ་ཞིག་ཡོང་བར་དངོས་པོའི་གནས་ཚུལ་གྱི་ཁ་གྲགས་ཡོང་། གཞན་མ་དེ་ལས་ཅི་ཞུ་ཡ་མེད། ༼ལྷ་ས་ནོར་བུ་གླིང་ཁ་ཞེས་པའི་གཞས་དེའི་སྐོར་ལ་ཡིན། བོད་ཀྱི་རིག་གཞུང་མི་ཤེས་པ་འགས་བླུན་ཚིག་སྨྲས་པ་ཁ་ཤས་མཐོང་སོང་དངོས་གནས་ཁོག་ནས་ཁྲེལ་སོང་། ༼ལྷ་ས་ནོར་བུ་གླིང་ལ། ཇོ་ཤག་ཡིད་བཞིན་ནོར་བུ།༽ ཟེར་བ་དེ་ལྷ་སའི་ཇོ་བོ་ལ་ཟེར་གྱི་ཡོད་རེད། ཨ་ཁ་ཁྱེད་ཚོ། གངས་ཅན་པ་ཡོངས་ཀྱིས་ཇོ་ཤག་ཡིད་བཞིན་ནོར་བུ་ཟེར་དུས་ལྷ་སའི་ཇོ་བོ་ལ་ཟེར་དེ་ལ་གོ་ཡི་རེད། ལྷ་ས་ནོར་བུ་གླིང་ལ་ཟེར་དུས་ནོར་བུ་གླིང་ཁར་གོ་བ་མ་ཡིན་པར་ལྷ་ས་ཡོངས་ལ་གོ དེ་༧ གོང་ས་མཆོག་ལ་སྦྱར་བ་ནི་ར་མགོར་ལུག་སྦྱར་རང་རེད། གཞས༌འདི༌དམངས༌ཁྲོད༌ཀྱི༌གཞས༌ཤིག༌རེད༌དམངས༌ཁྲོད༌ཀྱི༌གཞས༌བདག་ཐོབ་སུ་ལ་ཡོད༌མེད༌བཤད༌པ༌ནི༌བོད༌ཀྱི༌རིག༌
གཞུང༌མི༌ཤེས༌པའི༌བླུན་རྟགས༌རེད།
གཞས་ཆ་ཚང་བཀོད་ན།
༼ ལྷ༌ས༌ནོར༌བུ༌གླིང༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
ཇོ༌ཤག༌ཡིད༌བཞིན༌ནོར༌བུ།
ནོར༌བུ༌མིན༌ན༌གང༌རེད།
སྟག༌ཤར༌གཞོན༌པའི༌ལས༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
གཞོན༌པའི༌རྩིས༌དང༌ཡིག༌གེ
ནོར༌བུ༌མིན༌ན༌གང༌རེད།
སྨན༌ཆུང༌བུ༌མོའི༌ལུས༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
བུ༌མོའི༌ལུས༌ཀྱི༌རྒྱན༌ཆ།
ནོར༌བུ༌མིན༌ན༌གང༌རེད།
འདི༌གོང༌ས༌མཆོག༌ལ༌གཏང་བའི་གཞས་རེད་ཟེར་བ་ནི་གད་མོ་འཆོར་བའི་གནས་རེད། ཧཧ་
བསྟོད་པས་དགའ་བ་མ་འགྱུར་ཤིང་་།
སྨད་པས་མི་དགའ་མི་འགྱུར་ཤིང་།
རང་གི་ཡོན་ཏན་ལེགས་སྤེལ་ན་།
སྐྱེས་བུ་དམ་པའི་མཚན་ཉིད་ཡིན་།
ི
ཡིག་འབྲི་བ་དག་གིས་སྐུ་ངོ་དོན་གཅོད་ཀྱི་གནད་དོན་འདིར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ན་ཚིག་ངན་དེ་ཙམ་བེད་སྤྱད་མི་དགོས་པ་ཞིག་ཡོང་བར་དངོས་པོའི་གནས་ཚུལ་གྱི་ཁ་གྲགས་ཡོང་། གཞན་མ་དེ་ལས་ཅི་ཞུ་ཡ་མེད། ༼ལྷ་ས་ནོར་བུ་གླིང་ཁ་ཞེས་པའི་གཞས་དེའི་སྐོར་ལ་ཡིན། བོད་ཀྱི་རིག་གཞུང་མི་ཤེས་པ་འགས་བླུན་ཚིག་སྨྲས་པ་ཁ་ཤས་མཐོང་སོང་དངོས་གནས་ཁོག་ནས་ཁྲེལ་སོང་། ༼ལྷ་ས་ནོར་བུ་གླིང་ལ། ཇོ་ཤག་ཡིད་བཞིན་ནོར་བུ།༽ ཟེར་བ་དེ་ལྷ་སའི་ཇོ་བོ་ལ་ཟེར་གྱི་ཡོད་རེད། ཨ་ཁ་ཁྱེད་ཚོ། གངས་ཅན་པ་ཡོངས་ཀྱིས་ཇོ་ཤག་ཡིད་བཞིན་ནོར་བུ་ཟེར་དུས་ལྷ་སའི་ཇོ་བོ་ལ་ཟེར་དེ་ལ་གོ་ཡི་རེད། ལྷ་ས་ནོར་བུ་གླིང་ལ་ཟེར་དུས་ནོར་བུ་གླིང་ཁར་གོ་བ་མ་ཡིན་པར་ལྷ་ས་ཡོངས་ལ་གོ དེ་༧ གོང་ས་མཆོག་ལ་སྦྱར་བ་ནི་ར་མགོར་ལུག་སྦྱར་རང་རེད། གཞས༌འདི༌དམངས༌ཁྲོད༌ཀྱི༌གཞས༌ཤིག༌རེད༌དམངས༌ཁྲོད༌ཀྱི༌གཞས༌བདག་ཐོབ་སུ་ལ་ཡོད༌མེད༌བཤད༌པ༌ནི༌བོད༌ཀྱི༌རིག༌
གཞུང༌མི༌ཤེས༌པའི༌བླུན་རྟགས༌རེད།
གཞས་ཆ་ཚང་བཀོད་ན།
༼ ལྷ༌ས༌ནོར༌བུ༌གླིང༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
ཇོ༌ཤག༌ཡིད༌བཞིན༌ནོར༌བུ།
ནོར༌བུ༌མིན༌ན༌གང༌རེད།
སྟག༌ཤར༌གཞོན༌པའི༌ལས༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
གཞོན༌པའི༌རྩིས༌དང༌ཡིག༌གེ
ནོར༌བུ༌མིན༌ན༌གང༌རེད།
སྨན༌ཆུང༌བུ༌མོའི༌ལུས༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
བུ༌མོའི༌ལུས༌ཀྱི༌རྒྱན༌ཆ།
ནོར༌བུ༌མིན༌ན༌གང༌རེད།
འདི༌གོང༌ས༌མཆོག༌ལ༌གཏང་བའི་གཞས་རེད་ཟེར་བ་ནི་གད་མོ་འཆོར་བའི་གནས་རེད། ཧཧ་
ལྷ༌ས༌ནོར༌བུ༌གླིང༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
ཇོ༌ཤག༌ཡིད༌བཞིན༌ནོར༌བུ།
ནོར༌བུ༌མིན༌ན༌གང༌རེད།
ཡང་།
ལྷ༌ས༌ནོར༌བུ༌གླིང༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
༸གོང་ས་ཡིད༌བཞིན༌ནོར༌བུ།
ནོར༌བུ༌མིན༌ན༌གང༌རེད།
ཡང་དིང་སང་།
ལྷ༌ས༌ནོར༌བུ༌གླིང༌ལ།
ནོར༌བུ༌མི༌འདུག༌མ༌གསུང༌།
སྲིད་སྐྱོང་བློ་བཟང་སེང་གེ
ནོར༌བུ༌མིན༌ན༌གང༌རེད།
ད་དུང་། སྤེན་ཚེ་ལ་སྦྱར་བའང་བྱུང་ཡོད་རེད་དོ།།
ཁ་བརྡ་དྲ་བ་འདི་ཀློག་མཁན་ཀ་ཚོད་ཅིག་ཡོད་དམ།
ཕོ་འགའ་རེའི་གཡུ་རེད་འཛོ་ཡི་འདའ་།
ཕོ་འགའ་རེའི་རྡོ་རེད་འཛོ་ཡི་འདའ་།
ཧ་ཧོ།
སྤེན་ཚེ་ཕོ་རབ་རེད་ཨ།
ཧ་ཧེ་ཧོ།
ཧ་ཧ་་ ལ་ལས་སྤེན་ཚེ་གསེར་ཡིན་ཟེར། ལ་ལས་སྤེན་ཚེ་ལྕགས་རེད་ཟེར།
ལ་ལས་སྤེན་ཚེ་རྡོ་ཡིན་ཟེར། གསེར་ལྕགས་རྡོ་གསུམ་གང་ཡིན་ནམ།
ལ་ལས་བློ་སེང་དྲང་མིན་ཟེར། ལ་ལས་བློ་སེང་བདེན་མིན་ཟེར།
ལ་ལས་བློ་སེང་མཛད་ལེགས་ཟེར། ལ་ལས་བློ་སེང་རྒྱལ་ཞེན་ཟེར།
དྲང་བདེན་མཛད་དང་རྒྱལ་ཞེན་པ། གང་ཡིན་དཔྱད་མཁན་སུ་ཡིན་ནམ།
དོན་དག་རྡོག་རྡོག་བཤད་ན། ད་ལེན་ཨ་དོན་དང་འབྲེལ་བའི་རྙོག་གྲ་མི་ཡོང་བའི་འགན་དང་དབང་ཚོད་བློ་སྤེན་གཉིས་ཀ་ལ་ཡོད། དང་པོ་ཉིད་ནས་ཁོང་རྣམས་པ་གཉིས་ཀྱིས་སོ་སོའི་རྒྱབ་སྐྱོར་བ་ཡིན་ཟེར་ཁན་དག་ལ་སྤྱི་ཚོགས་ཐོག་རྙོག་གླེང་མི་ཡོང་བའི་བཀའ་སློབ་ནོན་པོ་རེ་གནང་ཐུབ་ཡོད་ན་ད་གཟོད་ཁོང་གཉིས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་ཁ་རོགས་སུ་འདུག་ངེས་རེད། ད་དུང་འགྲིག་མ་སོང་ཟེར་མཁན་འདྲ་བྱུང་ཚེ་དེ་ཚོའི་རྒྱབ་ནས་མོའུ་ཙེ་ཏུང་གི་མགོ་པར་གྱིས་སྡོད་བཅུག་གི་མེད་པའི་མངོན་རྟགས་གསལ་པོ་རེད། དེ་མ་ཡིན་པའི་མི་མང་ཆེ་བ་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཡིད་ཆེས་བྱེད་ནས་བཞུག་ཡོད།
ཡིད་བཞིན་གྱི་ནོར་བུ་དེ་ནི། དང་པོ་ཇོ་བོ་ཤཱཀྱ་མུ་ནེ་ལ་སྦྱར་འདུག་གཱ སྦྱར་ས་ག་ལ་ནོར་ཏེ་སངས་རྒྱས་རེད། གཉིས་པ་༧གོང་ས་མཆོག་ལ་སྦྱར་འདུག་གཱ སྦྱར་ས་ག་ལ་ནོར་ཏེ་རྒྱུད་བཤད། མན་ངག་གནང་། དབང་བསྐུར་བའི་བླ་མ་རེད། བླ་མའི་ནང་ནས་ཀྱང་མཆོག་དང་རབ་དང་རྩེ་མོར་སོན་པ་ཞིག་རེད། ཆོས་སྲིད་གཉིས་ཐད་ནས་བཤད་ན། ཉག་ཕྲ་གུ་ལ་ཐུག་དུས་ཀྱི་སྐྱབས་མགོན་རེད།
དེ་ལྟར་མིན་ཀྱང་རུང་། རབ་ཏུ་བྱུང་པ་མཁས་བཙུན་བཟང་གསུམ་ཞིག་ཡིན་ན་ནི། སྔགས་ཁྱིམ་པ་རིམ་གཉིས་རྣལ་འབྱོར་གྱི་གདེངས་ལྡན་ཞིག་ཡིན་ན་ནི། དེ་དག་ནི་ངེས་འབྱུང་དང་། བྱང་སེམས། རྣལ་འབྱོར་གྱིས་ཁྱད་པར་དུ་ཕྱེས་པ་ཡིན་དུས། ཡི་བཞིན་གྱི་ནོར་བུ་ལྟར་སྙེད་པར་དཀའ་བ་རེད།
ད་ཆ་ཕོ་གསར་ཞིག ཕྲུ་གུའི་ཨ་ཕ་ཞིག ཆབ་སྲིད་ཁོ་ནའི་མགོ་འཁྲིད་རེ་ཞིག་པ་ཙམ་ལ་སྦྱར་ན་ནི་ལན་པོ་འདུག་གམ། འདུག་ན་ནི། སྦྱོར་དང་། ར་མགོ་ལུག་སྦྱར་དང་། རྟེའུ་མགོ་རྟ་སྦྱར་དང་། ཕོ་མགོ་མོ་སྦྱར་རྣམས་ནི་འཇིན་རྟེན་འདིར་སྲིད་མཐའ་ཙམ་ཡིན་དུས། དངོས་སུ་བྱུང་ན་ནི། རིན་པ་སྤྲད་མི་དགོས་པའི་ངོ་མཚར་ལྟད་མོ་རུ་ཧ་ཅང་བཟང་ངོ་། །
ཡག་པོ་བྲིས་འདུག་ཡིན་ན་ཡང་ངས་སྔོན་ནས་བཤད་ཡོད་ད་ཕན་ཐོག་མེད་པ་གསལ་བོ་རེད་དེ་ལས་ལྷོད་ལྷོད་བཞག་ན་དགའ་།
ད་བཙན་བྱོལ་བ་ཚོ་ཆབ་སྲིད་ཀྱིས་བཟིས་ནས། དམངས་ཁྲོད་ཀྱི་གླུ་གཞས་ཀྱང་ཆབ་སྲིད་ལ་བསྒྱུར་བཞིན་འདུག དམངས་ཁྲོད་ཀྱི་གླུ་གཞས་དེ། ཆུ་བཞི་སྒང་དྲུག་གིས་ནོར་བུ་གླིང་ཁའི་རྟག་བརྟན་མི་འགྱུར་ཕོ་བྲང་ནང་ལ། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པར། གསེར་ཁྲི་ཞིག་བཞེངས་རྗེས་ལྷ་སར་ཐོན་པ་རེད་ཅེས་ཡོངས་གྲགས་རེད།
ལྷ་ས་ནོར་བུའི་གླིང་ལ།
ནོར་བུ་མི་འདུག་མ་གསུངས།
རྒྱལ་བ་ཡིད་བཞིན་ནོར་བུ།
ནོར་བུ་མིན་ན་གང་རེད།
ཕྱི་ལ་ལྕགས་རི་བསྐོངས་ཡོད།
གསེར་གྱི་ལྕགས་རི་བསྐོངས་ཡོད།
ནང་ལ་ནོར་བུ་བཞུགས་ཡོད།
ཡིད་བཞིན་ནོར་བུ་བཞུགས་ཡོད།
ང་ཚོ་གཅིག་ལ་སྒྲིལ་ཤོག
ང་ཚོ་གཉིས་ལ་སྒྲིལ་ཤོག
ང་ཚོརྒྱུ་དང་སྤུན་དོག
ཐག་ཁྲིའི་སྟེང་ལ་སྒྲིལ་ཤོག
སྤེན་པ་ཚེ་རིང་ཕོ་རྒོད་ཡིན་གདའ་ཡིན། ཀ་སྟག་སྤྲུལ་སྐུ་གསོད་ཐུབ་མཁན་དེ་རེད་བ། ད་ཆོལ་ཁ་ཆོས་ལུགས་བར་ཁྲག་དཀྲུག་པ་ལྟར་ག་འདྲ་བཟོས་སོང་།
དགའ་ལྡན་ཕོ་བྲང་གིས་སྤེན་ཚེ་ཨ་ཕྲུག་བྱས་མཐར་ངོ་ལོག་རྒྱབ། ངོ་མ་སྤེན་
ཚེ་ཕོ་རྒོད་རེད་འདུག
སྤེན་ཚེའི་མི་ཚེའི་ནང་དུ། ལས་ངན་གལ་ཆེ་གཉིས་བཞག་།
གཅིག་ནི་ཀ་སྟག་སྤྲུལ་སྐུ། གཉིས་ནི་ངན་བསླབ་བརྒྱབ་པ།
གསང་དང་མ་གསང་མི་འདུག། ཞབས་རྗེས་ཐང་ལ་བཞག་འདུག་
སྦས་དང་མ་སྦས་མི་འདུག། ཆེ་འབྲིང་ཆུང་གི་ཤེས་སོང།
ཉིན་ལ་རྐུ་མ་མ་སྐུ། རི་ལུང་ཐམས་ཅད་མིག་རེད།
མཚན་ལ་གསང་ལབ་མ་རྒྱག་། རྩིག་སང་ཐམས་ཅད་ཨམ་མཆོག།