རླུང་དམར།
བོད་ཀྱི་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་བོད་པ་ཡོངས་ཀྱིས་དགའ་སྤྲོའི་ངང་ནས་ལོ་སར་སྐྱིད་པོ་ཞིག་རོལ་རྒྱུར་གྲ་སྒྲིག་གྱ་ནོམ་པ་རེད་མོད། ཡིན་ཡང་། ངས་འདི་ནས་བོད་མི་ཚོས་ལོ་སར་ཞེས་ས་བསྒྲགས་གནམ་བསྒྲགས་ཡིན་དུས་དགའ་སྐྱོའི་ཚོར་བ་ཞིག་སྐྱེས་ཏེ། མི་འགྱངས་བའི་ཆར་བཙན་བྱོལ་བོད་མིའི་གྲོས་ཚོགས་འཚོགས་དུས་ཀྱི་རྣམ་པ་དེ་དག་འཕྲུལ་སྣང་གིས་ཡིད་ལ་འཆར་ཡོང་བཞིན་འདུག དེ་ཡིན་སྟེ། ལོ་ཟླ་འདི་ཅི་འདྲའི་མགྱོགས་མྱུར་ཆེ་བའི་འཚུབ་རླུང་ལྟ་བུ་ཞིག་ཏུ་སྣང་ནའང་། ད་ལོའི་བཙན་བྱོལ་བོད་མིའི་གྲོས་ཚོགས་འདི་ཇི་ལྟར་འཚོགས་རྒྱུ་རེད་དམ།དམིགས་ཡུལ་གང་ཞིག་གི་ཐོག་ནས་འཚོགས་ཀྱི་ཡིན་ནམ། སྲིད་སྐྱོང་བློ་སེང་གིས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུར་གྲ་སྒྲིག་ཅི་ཞིག་ཡོད་དམ། ༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་མིའི་ཆིག་སྒྲིལ་དང་། རིག་གཞུང་། དཔལ་འབྱོར། ཤེས་ཡོན་སོགས་ཀྱི་ཐད་ལ་བསམ་བློ་ཅི་ཙམ་གཏོང་གིན་ཡིན་ནམ། འདི་དག་དྲི་བ་ཞིག་ཡིན་ཡང་། མ་འོངས་བོད་ཀྱི་མདུན་ལམ་གྱི་ཆེད་དུ་དྲི་བ་འདི་དག་དྲིས་ཏེ་སླར་ཡང་བོད་མིའི་སྒྲིག་འཛུགས་ལ་ཤ་ཚ་སྙིང་གཏམ་རེ་གླེང་རྒྱུ་གལ་ཆེན་ཡིན་འདུག་པས། བློ་སེང་གིས་མུ་མཐུད་དུ་བཙན་བྱོལ་སྤྱི་ཚོགས་ནང་ནས་སྒེར་གཅོད་ཀྱི་སྲིད་དབང་མི་འཛིན་པར་བོད་མི་སྤྱི་ལ་དབང་བའི་མང་གཙོ་དང་། རང་དབང་། འདྲ་མཉམ། ཐོབ་ཐང་། དྲང་བདེན་བཅས་ཀྱི་ལས་ཀ་བླ་མེད་རེ་བསྒྲུབ་རྒྱུ་ནི་ང་ཚོ་ཆོལ་གསུམ་སྤུན་ཟླ་སྤྱིའི་བསམ་བློའི་ནང་གི་རེ་སྨོན་ཉག་ཅིག་རེད།
ངས་འདི་ནས་གླེང་རྒྱུར་བློ་སེང་གིས་དངོས་གནས་ཕྱོགས་ཞེན་གྱི་བསམ་བློ་རེ་གཏོང་གིན་བཙན་བྱོལ་སྒྲིག་འཛུགས་འདི་བོར་བརླག་ཏུ་འདེད་བཞིན་མཆིས། ལོ་སར་གྱི་སྐབས་དོན་མི་འགྱངས་བར་སླེབས་ལ་ཁད་འདིར་ངས་བཙན་བྱོལ་བོད་མིའི་གྲོས་ཚོགས་འཚོགས་དུས་ནང་གི་ལྟ་ལོག་དང་། རྫུན་འབག སྣོག་རྒྱག ཁ་འཛིང་སོགས་ཀྱི་ལམ་ནས་བོད་པའི་ལས་དོན་ཐེད་ལ་བོར་མཁན་དག་ལ་བཤད་ཀྱིན་ཡོད། ཁྱེད་ཚོས་མགོ་སྤོབས་ཀྱི་དཔའ་གདེང་རྫུན་མ་རེ་འཁྱེར་ནས་བཙན་བྱོལ་བོད་མི་སྤྱིའི་མདུན་ལམ་མེད་བརླག་ལ་གཏོང་མི་ཆོག་པས། ད་ལོར་ཁྱེད་ཚོ་སྟོབས་ཀྱིས་སད་དེ་སྟོབས་ཀྱིས་གཏམ་བཤད་གནང་དགོས་ལ། ལག་ལེན་གྱི་རང་སྟེང་ནས་བཀའ་ཤག་དང་། སྲིད་སྐྱོང་གིས་ནོར་འཛོལ་གྱི་ཆ་ཅི་ཙམ་བསྒྲུབས་ཡོད་པའི་རིགས་གླེང་དགོས་སྟབས། ཁ་ངག་གཉིས་ལྐུགས་ནས་མ་འདུག
ལོ་འདིར་བཙན་བྱོལ་སྤྱི་ཚོགས་ནང་ཆེེས་འཇིགས་ངལ་གྱིས་ཁེངས་ཏེ་ཡོད་པ་ནི་བློ་སེང་གིས་ཨ་རིའི་དོན་གཅོད་སྤེན་ཚེ་མཆོག་ལས་མཚམས་འཇོག་ཏུ་བཅུག་པ་སྟེ་རེད། དེ་ནི། དངོས་གནས་མི་སྒེར་གྱིས་སྲིད་དབང་སྒེར་གཅོད་བྱས་ཏེ་བཙན་བྱོལ་སྒྲིག་འཛུགས་ཀྱི་མཐུན་སྒྲིལ་དང་། བཅའ་ཁྲིམས། ལས་གཞི་ཡོངས་ལ་འགལ་རྐྱེན་ནག་པོ་བཟོས་འདུག འདི་དག་ལ་བསམས་ཏེ་ང་ཚོ་སྐྱ་སེར་སུ་ཞིག་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ཐད་ལ་རྨང་ནས་དག་ཐེར་བགྱིས་ཏེ་བོད་མི་བྱིངས་གཅིག་སྒྲིལ་དང་། དྲང་བདེན། ཕྱི་གསལ་ནང་གསལ་གྱི་སྲིད་ཇུས་ཤིག་ཡོད་པར་བཙན་བྱོལ་སྒྲིག་འཛུགས་ནང་གི་སྤྱི་འཐུས་ཡོངས་ལ་འགན་དབང་ཆ་ཚང་ཡོད་རེད། དེ་བས། ཐུགས་ལྷོད་བྱས་ཏེ་མི་འདུག་པར་མི་སྒེར་རེ་རེར་ནས་མི་མང་གི་བསམ་སྤྱོད་ལ་དོ་ཁུར་བྱེད་པ་དང་། གྲོས་ཚོགས་ནང་ནས་བགྲོ་གླེང་གནང་རྒྱུ་སོགས་བྱེད་དགོས།
བློ་སེང་དང་བློ་སེང་གི་འཁོར་གྱིས་ང་ཚོ་བཙན་བྱོལ་མི་མང་ལ་གླེང་ཡོང་གིན་པ་ནི།”བྱ་སྤུ་གནོན”་དང་”ཉེན་བརྡ”་སོགས་ཀྱི་ཐ་སྙད་སྐམ་པོ་རེར་བཟོས་ཏེ་མི་མང་ལ་བསླུ་བྲིད་བཙན་གཅུན་བྱེད་པའི་ལས་ཤིག་རེད། དེ་དག་ནི་མང་གཙོའི་རྒྱལ་ཁབ་གཅིག་ལ་མཚོན་ན། ཧ་ཅང་གི་བློ་འཚུབ་དང་འཇིགས་སྐུལ་དྲག་སྤྱོད་པའི་རྣམ་འགྱུར་དང་ལག་ལེན་ཞིག་ཡིན་པས། བཙན་བྱོལ་མི་མང་འདི་སྙིང་རེ་རྗེ། ༧རྒྱལ་བའི་ཐུགས་དགོངས་དཀྲུག་པ་འདི་ཡིད་རེ་སྐྱོ། ཤེས་ཡོན་འཇོན་ཐང་ཅན་རེ་བརླགས་པར་བྱས། འདི་འདྲའི་སྣང་ཚུལ་དང་སྣང་བརྙན་འདི་ནི་བློ་སེང་སྐབས་ཀྱི་བཀའ་ཤག་དང་བློ་སེང་ཁོ་རང་གིས་བསྒྲུབ་པའི་སྒྱུ་འཕྲུལ་གྱི་ཆབ་སྲིད་ཅིག་རེད། ཡིན་ཡང་། མི་མང་ནི་གདོད་མིའི་གཅན་གཟན་མིར་གྱུར་བའི་དུས་རབས་མིན་པས། ང་ཚོས་ནམ་ཡང་དྲང་བདེན་མེད་པའི་བཙན་བྱོལ་གྱི་སྲིད་སྐྱོང་བློ་སེང་ལྟ་བུ་ལ་ངོ་རྒོལ་ཡོད་ལ། མ་འོངས་བོད་ཀྱི་རྩ་དོན་གྱི་ཕྱིར་ཏུ་མི་ངན་ཁྲམ་རྫུན་གྱི་སྲིད་སྐྱོང་མཁན་སུ་ཞིག་ཡོང་ནའང་། དེ་ལ་ངོས་ལེན་མེད་པར་མང་གཙོའི་རང་དབང་ལོངས་སུ་སྤྱད་དེ་རྩ་གཏོར་བྱེད་དགོས་ཀྱི་འདུག
བཙན་བྱོལ་གྲོས་ཚོགས་མ་འཚོགས་སྔོན་འདིར་ངས་འདི་ནས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་སྤྱི་ལ་གླེང་འདོད་པ་ནི། ཁྱེད་ཚོས་སྲིད་སྐྱོང་བློ་སེང་གིས་བཙན་བྱོལ་སྒྲིག་འཛུགས་འདི་མུན་ནག་ནང་ལ་འཁྲིད་འགྲོ་བཞིན་པ་མཐོང་ཡོད་ཀྱང་། ད་དུང་། མུ་མཐུད་དེ་བཅོས་བསྒྱུར་དག་འབུད་བྱས་ཏེ། ༧གོང་ས་མཆོག་གི་སྔར་རྒྱུན་གྱི་དགོངས་དོན་ལྟར་བཙན་བྱོལ་སྒྲིག་འཛུགས་ལེགས་པོ་བསྐྲུན་དགོས་པ་དང་། འཐུས་ཤོར་ཉམས་ཆག་རིགས་བྱུང་བ་དེའི་སྐོར་ལ་སྦ་གསང་སོགས་མི་བྱེད་པར་གདོང་ལེན་བགྱི་དགོས་པས། བློ་སེང་གིས་བཙན་བྱོལ་སྤྱི་ཚོགས་ནང་དཀའ་ངལ་ཚད་ལས་བརྒལ་བ་དེ་དག་བཟོས་པའི་ནག་ཉེས་དེ་སེལ་དགོས་པ་ནི་ཁྱེད་ཚོའི་འགན་འཁྲི་ཞིག་ཡིན། དེར་བརྟེན། སྟོབས་ཀྱིས་སད་དེ་ལོ་སར་མ་རོལ་གོང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཚོགས་དུས་སྐོར་ལ་བསམ་བློ་གནད་ཐིངས་གཏོང་དགོས་པའི་དུས་ལ་བབ་སོང་། མ་ཟད། ཚོགས་ཟུར་རམ་སྐུ་ངོ་སྤེན་ཚེ་དང་བློ་སེང་བར་གྱི་འགལ་ཟླ་དེ་དག་ཀྱང་གཙང་སེལ་གནང་རྒྱུ་ཡང་ཁྱེད་ཚོའི་ལས་དོན་རེད་ལགས།
ལོ་འདི་དག་ལ་སྲིད་སྐྱོང་བློ་སེང་གིས་བསྒྲུབ་བཞིན་པའི་ལས་ཀ་དག་ནི་བོད་མི་ནང་ཁུལ་ལ་གནོད་པའི་ལས་ཀ་ཞིག་རེད་ལ། དགྲ་དགའ་གཉེན་སྡུག་ཟེར་བ་ལྟར་བློ་སེང་གིས་རྒྱ་གུང་ཁྲན་གྱི་སྲིད་ཇུས་ལྟ་བུ་ཞིག་བསྒྲུབ་བཞིན་འདུག འདི་ནི་བློ་ཡིད་ལ་སྐྱོ་བ་རྫོགས་མེད་སྟེར་ཡོང་བའི་འགོ་ཁྲིད་ཅིག་ཆགས་ཏེ་གདའ། དེ་མིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དང་། སློབ་གསོ། དགོངས་དོན་སོགས་ལ་ཉན་འཇོག་ཅི་ཡང་མེད་པར་མི་སྨྱོན་པའི་ལག་ཏུ་གྲི་ཐོགས་པ་ལྟར་བཙན་བྱོལ་གྱི་སྒྲིག་འཛུགས་འདི་རྩེད་ཆས་ལྟར་བཞག་སོང་བས། ང་ཚོ་བཙན་བྱོལ་མི་མང་རྣམས་འདི་ནས་ཡིད་ཕངས་ཏེ་འདུག་དགོས་སུ་བཅུག གང་ལྟར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཡོངས་ལ་འགན་དབང་རེ་ཡོད་པས། ཁྱེད་ཚོས་མི་འགྱངས་བའི་གྲོས་ཚོགས་འཚོགས་དུས་དེ་འཕྲོ་བརླགས་ལ་མི་གཏོང་བར་ཞུ། བོད་གཞིས་བྱེས་གཉིས་ཀྱི་མི་མང་གིས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་དང་། ཁྱེད་ཚོ་ལ་རེ་སྨོན་གྲངས་མེད་བརྒྱབས་ཏེ་ཡོད་རེད།
ལྷོ་ཀོ་རི་ཡའི་ཨོ་རྩལ་འགྲན་ཚོཊ་ཐོག་བོད་ཀྱི་རྒྱལ་དར་འཕྱར
http://tibettimes.net/2018/02/12/166827/
་་་་་་་་་་་་ ཨོ་རྩལ་ཚོགས་ཁང་དུ་འཛུལ་བ་ན་རྒྱལ་ཁབ་ཚང་མའི་རྒྱལ་དར་ཡར་འཕྱར་ཡོད་ཀྱང་བོད་ཀྱི་རྒྱལ་དར་མཐོང་ཡུལ་དུ་མི་འདུག་པས། ང་རང་སེམས་གཏིང་ནས་སྐྱོ་བ་སྐྱེས་བར་བརྟེན་བོད་ཀྱི་རྒྱལ་དར་འཕྱར་ཏེ་སྐད་བརྒྱབས་པ་ཡིན། ་་་་་་་་་་
་
ད་ལྟོས་དང་། སོག་པོས་བོད་དོན་བྱས། བོད་པ་ནང་འཁྲུགས་བརྒྱབས་ནས་སྡོད་ཨ། བོད་རིགས་ཞབས་འདྲེན་པ་ཚོ།
ཨ་མའི་བུ་ཡག་པོ་བྲིས་འདུག
༄༅། རླུང་དམར་།
བྱེད་རྒྱུ་གཏན་ནས་མེད་པར་། ཁ་བདེ་བོའི་གཏམ་བཤད་མང་དག་བཤད་མ་བཤད་མེད།
བཤད་རྒྱུ་སུ་ལའང་ཡོད་། ལག་ལེན་ཆུ་ཐིག་ཙམ་མེད་པའི་དྲ་རྒྱའི་ནང་ཁ་བདེའི་གཏམ་བཤད་
ཀྱི་ཅི་ལ་ཕན། གཞན་ལ་བལྟ་བའི་མིག་ཡོད་ཀྱང། རང་ལ་བལྟ་བའི་ཤེལ་སྒོ་དགོས་སོ།
ར་འཕྲོད་ཁུངས་སྐྱེལ་མེད་པར་གཞན་ལ་སྨ་འབེབས་སྐྱོན་བརྗོད་བྱེད་པ་ནི་ཁྲིམས་བརྒལ་རེད།