རྟ་དབྱངས་ཀྱིས་བསྒྱུར།
མི་ཚེ་ཇི་ལྟར་འཚོ་བ། སྤྱོད་ལམ་ཇི་ལྟར་བཟང་དུ་གཏོང་བའི་རིག་གཞུང་རེ་རེར་རྣམ་དཔྱོད་ཅན་གྱི་ཁ་ཏ་སློབ་གསོ་རེ་རེ་ཕྱོགས་བསྡུས་བྱས་པ་ལ་ཟེར། དབྱིན་ཇིའི་གཏམ་དཔེ་བཀོལ་སྤྱོད་བྱས་ནས་དབྱིན་ཇི་གང་འདྲ་སྦྱོང་བ། དུས་རྒྱུན་བེད་སྤྱོད་ཆེ་བའི་དབྱིན་ཇིའི་གཏམ་དཔེའམ་ཁ་དཔེ་རེ་བཤད་ཤེས་ན་ཤིན་ཏུ་བཟང་།
ནམ་རྒྱུན་སྤྱི་ཚོགས་ཀྱི་ཁ་བརྡའི་ཁྲོད་ན་བཀོལ་སྤྱོད་བྱས་དང་བྱེད་བཞིན་ཡོད། མ་ཟད་གྲོགས་པོ་ཞིག་ལ་ཁ་བརྡ་སློབ་གསོ་ཞིག་རྒྱག་ན། གཏམ་དཔེ་ཆ་ཚང་ཞིག་བེད་སྤྱོད་བྱས་ན། གྲོགས་པོ་དེ་ཡི་བློ་ལ་འབབ་ཆེ་བ་དང་ཡིད་མགུ་སླ་བའི་ཕན་ཐོགས་ཆེ། དཔེར་ན། དཀའ་ངལ་དང་འཕྲད་པའི་དུས་སུ། དཀའ་ངལ་ལ་གདོང་ལེན་བྱ་དགོས།
གཏམ་དཔེ་སྦྱངས་ན་ཕན་ཐོགས་གཞན་པ་ཡང་ཡོད་དེ། དབྱིན་ཇིའི་མིས་འཇིག་རྟེན་ལ་ལྟ་ཚུལ་དང་མཐོང་ཚུལ་དེ་ཡང་ཞོར་ནས་ཧ་གོ་ཐུབ་པ་མ་ཟད། གཏམ་དཔེ་ནི་ཚིག་ཉུང་ཞིང་དོན་འདུས་པ། གོ་བདེ་ཞིང་བློ་ལ་འཛིན་སླ་བས། རང་ངོས་ནས་ཀྱང་མ་དཔེ་དེ་དག་ལ་དཔེ་ལྟ་བྱས་ནས་རང་བཟོའམ་གསར་བཟོ་ཐུབ་པའི་གཏམ་དཔེ་ཡང་བཤད་ཐུབ་པའི་ཕན་པ་ཡོད།
དབྱིན་ཇི་ཡི་སྤྱི་ཚོགས་ཁྲོད་ན། ཡང་ན་ནམ་རྒྱུན་ཁ་བརྡའི་བར་ན། གཏམ་དཔེའམ་ཁ་དཔེ་རྒྱུགས་ཆེ་ཤོས། རྣ་བར་གོ་མང་ཤོས། རིན་ཐང་ཆེ་བ་འགའ་འདམས་ནས་བོད་སྐད་དུ་བསྒྱུར་ན་བསམས་སོང་། མང་པོ་ཞིག་བོད་སྒྱུར་བྱས་ན་དུས་ཚོད་ཀྱང་མང་པོ་ཞིག་དགོས། དེ་ལས་བདུན་ཕྲག་གཅིག་གི་ནང་ལ་གཏམ་དཔེ་གཅིག་བསྒྱུར་བ་ཡིན་ན། ལོ་གཅིག་གི་ནང་ལ་གཏམ་དཔེ་ལྔ་བཅུ་ང་གཉིས་བསྒྱུར་ཐུབ། གཏམ་དཔེ་འདི་དག་ནི་མི་རབས་ནས་མི་རབས། དུས་རབས་ནས་དུས་རབས་བརྒྱུད་ནས་དེ་རིང་བར་དུ་ཐོན་ཡོད་པས། འགའ་ཤས་ཀྱི་དོན་དག་དེ་ཐོག་མའི་གཏམ་དཔེ་དང་བསྡུར་ན་ཕྲན་བུ་འགྱུར་སོང་བའང་ཡོད་སྲིད། འོན་ཀྱང་། དེ་ནི་འགྱུར་བའི་སྐབས་ཐོག་དུས་ཐོག་གི་བསམ་བློའི་འགྱུར་བ་ཞིག་དང་འབྲེལ་བ་ཡོད་པའང་སྲིད།
གཤམ་ལ་ཕྲན་གྱིས་བསྒྱུར་ཡོད་པའི་གཏམ་དཔེ་ལྔ་བཅུ་ང་གཉིས་པོ། ལོ་སར་གྱི་ལག་རྟགས་ཚུལ་དུ་གཟིགས་འབུལ་ཞུ་རྒྱུ་ལགས་ན། རྣམ་པ་ལྷན་རྒྱས་ཀྱིས་སྤྲོ་བཞེས་ཡོང་བར་འཚལ།
1: “A journey of a thousand miles begins with a single step.”
1: ལེ་དབར་སྟོང་ཕྲག་གཅིག་ལ་འགྲུལ་བཞུད་བྱ་དགོས་ན།
ཐོག་མར་གོམ་པ་གཅིག་ནས་འགོ་འཛུགས་དགོས།
2: “You can’t make an omelet without breaking a few eggs.”
2: བྱ་སྒོང་མ་བཅག་སྒོ་ང་རྔོད་མི་ཐུབ།
3: “You can’t always get what you want.”
3: ཅི་འདོད་དགོས་པ་དུས་ཀུན་མི་ཐོབ།
4: “Don’t bite the hand that feeds you.”
4: ཟ་མ་སྟེར་མཁན་གྱི་ལག་པར་སོ་མ་རྒྱགས།
5: “Don’t count your chickens before they hatch.”
5: སྒོ་ང་མ་གད་སྔོན་ལ་བྱ་ཕྲུག་མ་བརྩི།།
6: “A watched pot never boils.”
6: ཆུ་སྐོལ་རྫ་མ་བལྟས་ན་མི་ཁོལ།
7: “When the going gets tough, the tough get going.”
7: དཀའ་ངལ་དང་འཕྲད་པའི་དུས་སུ།
དཀའ་ངལ་ལ་གདོང་ལེན་བྱ་དགོས།
8: “Don’t put all your eggs in one basket.”
8: སྒོ་ང་ཚང་མ་སླེ་བོ་གཅིག་གི་ནང་ལ་མ་འཇོག
9: “ Silence is golden.”
9: སྨྲ་བ་ཉུང་ན་གསར་ཡིན།
10: “Easy come, easy go.”
10: ཡོང་སླ་བའི་སྒོར་མོ་ཚར་སླ།
11: “You can’t judge a book by its cover.”
11: དེབ་ཀྱི་ཕྱི་ལ་བལྟས་ནས་ནང་དོན་ཐག་གཅོད་མི་ཐུབ།
12: “Measure twice, cut once,”
12: ཚད་གཉིས་གཏུབ་གཅིག
13: “A little knowledge is a dangerous thing”
13: ཡོན་ཏན་ཆུང་བ་ཉེན་ཁ་ཆེ།
14: “Don’t let the grass grow under your feet”
14: རྐང་པའི་འོག་ལ་རྩྭ་སྐྱེ་གི་མ་འཇུག
15: “A friend in need is a friend indeed.”
15: གྲོགས་བཟང་པོ་མཁོ་དུས་ཡོད།
16: “An empty purse frightens away friends.”
16: དངུལ་ཁུག་སྟོང་ན་གྲོགས་པོ་འདྲོག
17: “A happy heart is better than a full purse”
17: སྦ་ཁུག་གང་བ་ལས་སེམས་པ་སྐྱིད་ན་དགའ།
18:“ Honesty is the best policy. “
18: དྲང་བདེན་ནི་སྲིད་ཇུས་ཡག་ཤོས་དེ་ཡིན།
19: “Men make houses, women make homes.”
19: ཁང་པ་སྐྱེས་པས་སྐྲུན།། ཁྱིམ་ཚང་སྐྱེས་མས་སྐྲུན།།
20: “Bad news travels fast. ”
20: གསར་འགྱུར་ངན་པ་འགྲུལ་བཞུད་མྱུར།
21: ” Experience is the best teacher.”
21: ཉམས་མྱོང་ནི་དགེ་རྒན་ཡག་ཤོས་དེ་ཡིན།
22: “Don’t cry over spilt milk.”
22: འོ་མ་བྱོ་རྗེས་མ་ངུ།
23: “A flower blooms more than once.”
23: མེ་ཏོག་བཞད་པ་ཐེངས་གཅིག་མིན།
24: “A leopard cannot change it’s spot.”
24: གཟིག་གི་ཐིག་ལེ་བརྗེ་མི་ཐུབ།
25: “Money does not grow on tree.”
25: ཤིང་སྡོང་སྟེང་དུ་སྒོར་མོ་མི་སྐྱེ།
26: “A good man is hard to find.”
26: མི་བཟང་པོ་རྙེད་དཀའ།
27: “If it ain’t broke, don’t fix it.”
27: གལ་སྲིད་ཅ་ལག་ཆག་མེད་ན་བཟོ་བཅོས་མ་རྒྱག
29: “Every stick has two ends.”
29: “དབྱུག་པ་རེ་ལ་སྣེ་ཁ་གཉིས།”
30: “Children and fools tell the truth.”
30: བྱིས་དང་གླེན་པས་བདེན་གཏམ་བཤད།
31: “If you want a thing done well, do it yourself.”
31: ལས་དོན་ཡག་པོ་ཞིག་འགྲུབ་དགོས་ན། རང་ཉིད་ཀྱིས་སྒྲུབས།
32: “When the blind lead the blind, both shall fall into the ditch.”
32: ཞ་རས་ཞ་ར་ཁྲིད་ན། གཉི་ག་དོང་དུ་ལྟུང་ངོ།།
33: “You can lead a horse to water, but you can’t make it drink”.
33: རྟ་ཆུ་ཁར་འཁྲིད་ཐུབ་ཀྱང་། ཆུ་ལྡུད་མི་ནུས།
34: “The pen is mightier than the sword.”
34: སྨྱུ་གུ་ནི་རལ་གྲི་ལས་ནུས་ཤུགས་ཆེ།
35: “Many hands make light work.”
35: ལག་མང་གིས་ལས་དོན་ལས་སླ།
36: “You made your bed, now you have to lie in it.”
36: སོ་སོས་བཟོས་པའི་ཉལ་ཁྲི།།
བདེ་བོ་མེད་ན་ཉལ་དགོས།།
37: “ All that glitters is not gold.”
37: འོད་འཚེར་ཚད་གསེར་མིན།
38: “charity begins at home.”
38: སྦྱིན་པ་གཏོང་འགོ་ཁྱིམ།
39: “bitter pills have blessed effects.”
39: རིལ་བུ་ཁ་ཏིག་ཅན་ལ་ཕན་རླབས་ཆེ།
40: “slow but sure wins the race.”
40: བཏང་ལྷོད་མེད་ན་རྒྱལ་ཁ་འཐོབ་ངེས།
41: “Never put off till tomorrow what can be done today.”
41: དེ་རིང་ཐུབ་པའི་ལས་ཀ སང་ཉིན་བར་དུ་མ་འགྱངས།
42: “A good conscience is a soft pillow.”
42: སྐྱོན་སྨྲ་ན་གཉིད་བདེ།
43: “Money is the root of all evil.”
43: ངན་དགུའི་རྩ་བ་སྒོར་མོ།
44: “when the cats away, the mice play.”
44: ཞི་མི་མེད་དུས། ཙི་གུ་རྩེད་མོ་རྩེ།
45: “Teachers open the door, but you must enter by yourself.”
45: དགེ་རྒན་གྱིས་སྒོ་ཕྱེ། སློབ་ཕྲུག་རང་ཉིད་ནང་དུ་འཛུལ་དགོས།
46: “practice makes perfect.”
46: སྦྱོང་བརྡར་གྱིས་རྩེ་ཕུད་སྐྲུན།
47: “Persuasion is better then force.”
47: བཙན་ཤུགས་ལས་སྐུལ་མ་དགའ།
48: “Where there is a will, there is a way.”
48: རེ་བ་ཡོད་སར་ལམ་ཁ་ཡོད།
49: “Too many cooks spoil the broth.”
49: མ་བྱན་མང་པོས་ཟ་མ་འཕྲོ་བརླག་གཏོང་།
50: “Cleanliness is next to godliness.”
50: གཙང་མ་ལྷ་ཡི་ཁྱིམ་མཚེས་ཡིན།
51“Curiosity killed the cat.”
51: ཤེས་འདོད་ཀྱིས་ཞི་མི་བསད།
52: “ Unity is Strength.”
52: མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན།
2017/2/12
ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ།
རྟ་དབྱངས་ལགས། ཐུགས་རྗེ་ཆེ། གཏམ་དཔེ་བོད་བསྒྱུར་མ་འདི་དག་གིས་རིག་གནས་གཞན་གྱི་ལྟ་ཚུལ་མང་པོ་ཞིག་ཤེས་དཔྱོད་བྱེད་པར་ཕན་ཐོགས་ཆེན་པོ་འདུག
དམིགས་ཡུལ་ཡག་པོ་རེད། བསྔགས་བརྗོད་ཞུ། འོན་ཀྱང་གཏམ་དཔེ་མང་པོའི་གོ་དོན་ནོར་འདུག དུས་ཚོད་ལྷོད་པོ་ཞིག་བྱུང་ན་བཅོས་ཆོག་པ་ཞུ།
དཔེར་ན་གཏམ་དཔེ་དང་(1) པོ་དེའི་འབྱུང་ཁུངས་དབྱུན་ཇི་མ་རེད། གཏམ་དཔེ་དེ་རྒྱ་ནག་གི་མནའ་བོའི་གཏམ་དཔེ་སྐད་གྲགས་ཆེན་པོ་ཞིག་རེད།
དེ་བཞིན་གཏམ་དཔེ་གཉིས་པ་དེའི་འབྱུང་ཁུངས་ཨུ་རུ་སུའི་དམར་པོའི་འགོ་ཁྲིད་Lenin ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གོ་དོན་དེ་ཡང་གསར་བརྗེའི་ལས་དོན་གྲུབ་དགོས་ན་མང་ཚོགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་དགོས་པར་སྐུལ་བའི་འབད་བཙོན་ཞིག་རེད།
དཔེར་ན།གཏམ་དཔེ་ 50པའི་གོ་དོན་དེ་ནི་དཀོན་མཆོག་ལ་མཆོད་པ་བྱ་རྒྱུ་དེ་གལ་ཆེར་འཛིན་པ་ལྟར་གཙང་སྦྲ་བྱ་རྒྱུ་དེ་ནི་དཀོན་མཆོག་ལ་མཆོད་པ་བྱས་པའི་རྗེས་གལ་ཆེ་ཤོས་གཉིས་པ་དེ་རེད་ཅེས་གཙང་སྦྲ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པར་སྐུལ་བའི་གོ་དོན་རེད།
7. When things gets tough, the toughs get going.”
ལས་དོན་དཀའ་བརྩེགས་ཆེ་རུ་འགྲོ་བ་ན། མི་སྙིང་རུས་ཆེ་བའམ་བློ་ཐག་གཅོད་པ་ཚོས་མ་གཏོགས་ལས་མཇུག་སྐྱེལ་མི་ཐུབ་ཅེས་པའི་དོན་ནོ།
བོད་ཀྱི་གཏམ་དཔེར།
ཕ་ཡུལ།
ཕ་ཡུལ་བསྐྱུར་ན་དགྲ་ཡུལ་ཡིན། ཕ་ས་བསསྐྱུར་ན་དགྲ་ས་ཡིན།
ཕ་ཡུལ་གྲམ་ཐང་ཡིན་ཡང་སྐྱིད། ཕ་མཁར་རྭ་ཅོ་ཡིན་ཡང་སྐྱིད། ཚེ་རོགས་ཤན་པ་ཡིན་ཡང་བྱམས།
བྱ་རྒས་ན་ཚང་དང་། མི་རྒས་ན་ཕ་ཡུལ།
འབྲུག་མོ་ཧོར་ན་ཡོད་རུང་། བསམ་པ་གླིང་ན་ཡོད།
མ་འདྲིས་བྱང་སྐྱ་བོ།འདྲིས་ན་རང་གི་ཕ་ཡུལ།
མི་ཡུལ་ལ་ལོ་གསུམ་བསྡད་ཀྱང་། ཕ་ཡུལ་གྱི་སྐད་མི་བརྗེད། འདི་བཙན་བྱོལ་བ་ཚོར།
ལུགས་བདེན་པས་རྒྱལ་ཁམས་བདེ་ལ་འཁོད། ཐབས་ངན་པས་རྒྱལ་སྲིད་ཕུང་ལ་སྦྱོར། འདི་བློ་ལགས་ལ།
ཨ་ཇོ་མགོ་རིས་ཞན་ཡང་། སྐྱེས་ས་ལྷ་སའི་བར་སྐོར།
སྡིར་གཞུང་གིས།
དགྲ་མགོ་རྡུང་བའི་ཐོ་བ། མི་སེར་སྐྱོང་བའི་ཕ་མ།
མཐོན་པོ་གཉའ་ནས་མནན། དམའ་བོ་འགབ་ནས་་སྐྱོར།
ཕྱི་ཡི་ལྕགས་རི། ནང་གི་ནོར་བུ།
རྒྱ་བློན་གྱིས།
རྒྱལ་པོ་དབང་ལའཛེམ་དགོས། འབངས་མི་བཀའ་ལ་འཛེམ་དགོས། བཙུན་མོ་ལུས་འཛེམ་དགོས། བློན་པོ་མིང་ལ་འཛེམ་དགོས།
རྒྱལ་པོའི་བཀའ་ལས། བློན་པོའི་དབྱུག་པ་བཙན།
ངནག་པ་ཚང་གི་དཔོན་བྱས་པ་ལས། བཟངགཔོགཚང་གི་དཔོན་བྱས་པ་བཟང་།
དཔོན་པོའི་སྤྱན་དུ་མ་ཕྱིན་ན། ལས་ཀ་གང་བྱས་སྐྱོན་དུ་འགྱུར། འདི་སྤནེ་ཚེ་ལགས་སུ།
དཔོན་ལ་དགོས་པ་དུས་གཅིག གཡོག་ལ་དགོས་པ་ཚེ་གང་།
བོད་ལ་ཕུང་བ་རྣམ་གསུམ་ཡོད། བློན་པོ་ངན་པས་རྒྱལ་པོ་ཕུང་། ཆུང་མ་ངན་པས་ཚེ་རོགས་ཕུང་། སྐྱ་མི་ངན་པས་འོག་རྟ་ཕུང་།
མི་ངན་རྒྱལ་པོ་བྱས་ན། ཁྱི་ལ་ཉི་མ་ལྡེ་རུ་མི་འཇུག
མཛོ་མོ་འཁྱོམས་ན། ཉ་མོ་ལས་ཀྱི་འཁྱོམས། ལུང་པ་དབུལ་ན། རྒྱལ་པོ་ལས་ཀྱིས་དབུལ།
མུ་མཐུད་འོངས། ཀློག་འདོད་ཡོད་ན་་་་་
ཆོད་སེམས།
སྐྱིད་ཉི་མས་ཛམ་གླིང་སྐོར་བའི་དུས། སྤྲིན་མཐུག་པོ་འཁྲིག་ཀྱང་འགོག་ས་མེད།
ཁྱུང་དར་མའི་ལོ་ལགནམ་ཕང་གཅོད། གནམ་ཁ་ཞེང་ཆེ་རུང་ཡ་མི་ང་། བུ་དར་མའི་ལོ་ལ་འཇིག་རྟེན་འགྲིམ། ས་ཁ་ཞེང་ཆེ་རུང་ཡ་མི་ང་།
དགུང་ཨ་སྔོན་མཐོ་རུང་འཕུར་ཐུབ་དགོས། ས་དོག་མོ་ཡངས་རུང་འཛུལ་ཐུབ་དགོས།
ཆུ་སྔོན་མོ་ཁ་ཞེང་ཆེ་ན་ཡང་། གྲུ་བཟང་པོས་ཕར་བཅད་ཚུར་བཅད་རེད། ཤིང་སྡོང་པོ་རྩེ་མོ་མཐོ་ན་ཡང་། རྣོ་སྟམ་རེས་ཕར་བཅད་ཚུར་བཅད་རེད།
ཟས་ཟ་ན་ཕོ་བས་འཇུ་བ་ཞིག དོན་སྒྲུབ་ན་གདེང་ཚོད་ཡོད་པ་ཞིག
ཤ་བ་རྭ་ཅོ་རིང་ཡང་གནམ་གྱི་སྐས་འཛེག་མི་ཉན། རི་བོང་སུ་ལག་ཐུང་ཡང་། ལ་མོ་འདྲ་འདྲ་བརྒྱབ་ཡོང་།
སེམས་ཐག་གོར་མོ་རྡོ་ཡིན། སྙིང་རྩ་སྲ་མོ་ལྕགས་ཡིན།
ལྷ་ས་མ་མཇལ་ན། མི་ལུས་ཕྱེད་ཀ་ཡིན།
ལྷ་ས་མ་བསླེབས་ན་མི་ལུས་ཕྱེད་ཀ་ཡིན།
ད་མང་དྲགས་ན། དྲ་བདག་ཀུན་སློང་བཞེང་འོངས། ད་ལན་དེ་ཙམ་མོ།།
ཀ་བ་ཚེ་རིང་ལགས།
ཁྱེད་ཀྱིས་གསུང་བ་དེ་ངོ་མ་བདེན་པ་རེད། རྒྱ་ནག་གི་རིགས་པ་སྨྲ་བ། (Lao Tzu) ཁོང་གི་གསུང་དུམ་བུ་ཞིག་རེད་ལགས། སྔོན་མ་ཞིག་ལ་བདག་གིས་ཁོང་གི་གསུང་དུམ་འགའ་བསྒྱུར་ཡིན། དེའི་ནང་གི་”ལེ་དབར་སྟོང་ཕྲག་གཅིག་ལ་འགྲུལ་བཞུད་བྱ་དགོས་ན། ཐོག་མར་གོམ་པ་གཅིག་ནས་འགོ་འཛུགས་དགོས།” ཟེར་བའི་གསུང་དུམ་བུ་འདི། དབྱིན་ཇིའི་གཏམ་དཔེ་ནང་དུ་བསྲེས་འདུག ཁྱེད་ཀྱིས་དོ་སྣང་དང་དག་བཅོས་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ།
ཀ་བ་ཚེ་རིང་ལགས།
ཁྱེད་ཀྱིས་གསུང་བ་དེ་ངོ་མ་བདེན་པ་རེད། རྒྱ་ནག་གི་རིགས་པ་སྨྲ་བ། (Lao Tzu) ཁོང་གི་གསུང་དུམ་བུ་ཞིག་རེད་ལགས། སྔོན་མ་ཞིག་ལ་བདག་གིས་ཁོང་གི་གསུང་དུམ་འགའ་བསྒྱུར་ཡིན། དེའི་ནང་གི་”ལེ་དབར་སྟོང་ཕྲག་གཅིག་ལ་འགྲུལ་བཞུད་བྱ་དགོས་ན། ཐོག་མར་གོམ་པ་གཅིག་ནས་འགོ་འཛུགས་དགོས།” ཟེར་བའི་གསུང་དུམ་བུ་འདི། དབྱིན་ཇིའི་གཏམ་དཔེ་ནང་དུ་བསྲེས་འདུག ཁྱེད་ཀྱིས་དོ་སྣང་དང་དག་བཅོས་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ།
52: “ Unity is Strength.”
52: མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན།
ངས་བྱས་ན།
52: མཐུན་སྒྲིལ་ནི་སྟོབས་ཤུགས་རེད།
Unity ཞེས་པ་ཆིག་སྒྲིལ་ལ་གོ་དགོས་།
ཆིག་སྒྲིལ་ནི་སྟོབས་ཤུགས་རེད།
གཏམ་དཔེ་དེ་འདྲ་བ་ཡོངས་གྲགས་ཆེ་བ་གཞན་ཞིག་ནི་། United we stand, divided we fall. ཆིག་སྒྲིལ་བྱས་ན་ལང་ཐུབ་། ཆིག་སྒྲིལ་མེད་ན་ལྷུང་གི་རེད་/ཡང་ན་ཕམ་གྱི་རེད།ཅེས་པའི་དོན་ནོ།
48: “Where there is a will, there is a way.”
48: རེ་བ་ཡོད་སར་ལམ་ཁ་ཡོད།
Will ཞེས་པ་རེ་བ་མ་རེད། རེ་བ་ཟེར་ན་ Hope རེད་། རེ་བ་སྟོང་པ་དེ་འདྲ་ཡོང་སྲིད་པས། གཏམ་དཔེ་དེའི་གོ་དོན་ནི་།༼ འདུན་པ་ཡོད་ན་ལམ་ཁ་ཡོད་། ༽ལས་དོན་གང་ཞིག་འགྲུབ་དགོས་བསམ་པའི་འདུན་པའམ་ཆོད་སེམས་ཡོད་ན། ལམ་ཁ་སྟེ་ཐབས་ལམ་ཞིག་རང་བཞིན་གྱི་ཐོན་ཡོང་གི་རེད་ཅེས་པའི་དོན་ནོ། དབྱིན་ཇིའི་གཏམ་དཔེའི་གོ་དོན་དེ་འདྲ་བ་ཅུང་ཡོངས་གྲགས་ཆེ་བ་ཞིག་ནི། God helps those who help themselves. ཟེར་བ་དེ་རེད། སྐྱབས་གནས་དཀོན་མཆོག་གིས་སོ་སོའི་ལས་ཀ་སོ་སོས་བྱ་རྒྱུར་བཙོན་མཁན་ཚོར་མཐུན་གྲོགས་སམ་རོགས་པ་བྱེད་ཀྱི་རེད་ཅེས་གོ་འོ།
སྨྲ་བ་ཉུང་ན་གསར་ཡིན། ??
If speaking is less it is new?
“དེ་བཞིན་གཏམ་དཔེ་གཉིས་པ་དེའི་འབྱུང་ཁུངས་ཨུ་རུ་སུའི་དམར་པོའི་འགོ་ཁྲིད་Lenin ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གོ་དོན་དེ་ཡང་གསར་བརྗེའི་ལས་དོན་གྲུབ་དགོས་ན་མང་ཚོགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་དགོས་པར་སྐུལ་བའི་འབད་བཙོན་ཞིག་རེད།”
གྲོགས་པོ་ལགས། ཁྱེད་ཀྱིས་གོང་དུ་ Lenin ཞེས་བྲིས་ཡོད་པ་དེ། མ་ཡིག་ན། If You Want to Make an Omelet, You Must Be Willing to Break a Few Eggs. — Lenin་ ཞེས་ཡོད། ཕར་བལྟས་ཚོད་ཀྱིས་འདྲ་ན་ཡང་། ངས་བསྒྱུར་བའི་གཏམ་དཔེ་དེའི་མ་ཚིག་ནི། ”You can’t make an omelet without breaking a few eggs.” འདི་འདྲ་ཞིག་རེད། དེ་ཡང་ཁ་ཤས་ཀྱིས། གཏམ་དཔེ་འདིའི་འབྱུང་ཁུངས་ཧྥ་རན་སི་ཡིན་པ་དང་། དུས་རབས་བཅུ་བདུན་གྱི་རྗེས་སུ་དབྱིན་ཡིག་ནང་དུ་སླེབས་ཡོད་པར་བརྗོད་སྲོལ་འདུག རྒྱུ་མཚན་ནི། it originated in French (on ne saurait faire d’omelette sans casser des œufs) as early as the 1740s and made its way from there into English. འདི་ལ་གཟིགས་ན་དེ་དོན་ཤེས་ཐུབ་པར་འདུག
དེ་བཞིན་གཏམ་དཔེ་བདུན་པ་སྟེ། When things gets tough, the toughs get going. 7: དཀའ་ངལ་དང་འཕྲད་པའི་དུས་སུ། དཀའ་ངལ་ལ་གདོང་ལེན་བྱ་དགོས། དོན་དག་ You never know how strong you can be until you have a challenge to face, so why not say this proverb to yourself when you have a difficult situation to deal with? So, when the going gets tough: go for it! ཅེས་བསྒྱུར་ཡོད་མོད། འོན་ཀྱང་། ཁྱེད་ཀྱིས་”ལས་དོན་དཀའ་བརྩེགས་ཆེ་རུ་འགྲོ་བ་ན། མི་སྙིང་རུས་ཆེ་བའམ་བློ་ཐག་གཅོད་པ་ཚོས་མ་གཏོགས་ལས་མཇུག་སྐྱེལ་མི་ཐུབ་ཅེས་པའི་དོན་ནོ།” ཞེས་བརྗོད་འདུག སོ་སོས་གོ་བ་ལེན་སྟངས་མ་འདྲ་བ་ཡོང་སྲིད། གོང་ན་བསྒྱུར་ཡོད་པའི་གཏམ་དཔེ་དེ། དཀའ་ངལ་འདྲ་འཕྲད་པའི་སྐབས། ཡང་ན་མི་ཞིག་ལ་སེམས་ཤུགས་སྤར་སྐབས་གཏམ་དཔེ་དེ་བེད་སྤྱོད་བྱ་རྒྱུ་ཡིན་ན་རན་པོ་ཡོད་པ་ཞིག་ཡིན་པ་འདྲ། གཏམ་དཔེ་འདི་སྐོར་ཁྱེད་ཀྱིས་དབྱིན་ཇིའི་མི་ཞིག་ལ་ཤོད་དང་། གསལ་པོར་ཤེས་ཡོང་། གཞན་ཡང་དུས་སྐབས་དང་བསྟུན་ནས་བེད་སྤྱོད་བྱས་ན་མི་འགྲིག་པ་ཡོང་མི་སྲིད། དེས་བས། “ནོར་འཁྲུལ་གཅིག་ཀྱང་མ་བྱས་གང་ཟག་གིས། ཚོད་ལྟ་གསར་པ་ནམ་ཡང་མ་བྱས་སོ།” ཞེས་ཨན་སི་ཌན་གྱིས་བཤད་ཡོད།
གཞན་ཁྱེད་ཀྱིས་རེ་བ་དང་འདུན་པ། མཐུན་སྒྲིལ་དང་ཆིག་སྒྲིག་སོགས་གོ་དོན་ནོར་འདུག་ཅེས་བཤད་འདུག སོ་སོས་མ་བསྒྱུར་སྔོན་ལ་བསམ་བློ་གཏོང་དགོས་པ་རེད། “Look before you leap.” མ་མཆོང་སྔོན་ལ་ལྟོས། ཟེར་བའི་གཏམ་དཔེ་ཡོད། དོན་གཅིག་ཀྱང་ཚིག་བདེ་མིན་བལྟ་དགོས་པ་དང་། བོད་སྐད་ནང་དུ་སྒྱུར་གྱིན་ཡོད་པས། ཚིག་གང་ཞིག་བེད་སྤྱོད་བཏང་ན་གོ་བདེ་ཁྱབ་རྒྱ་ཆེ་བ་སོགས་ཕྱོགས་མང་པོ་ནས་བསམ་གཞིག་བྱེད་དགོས་པ་ཞིག་ཡིན་པར་འདུག འོན་ཀྱང་། “Strike while the iron is hot.” ལྕགས་ཚ་ཐོག་ལ་རྡུང་། ཟེར་བ་བཞིན། ཁྱེད་ཀྱི་གསུངས་པ་ལ་མངོན་པར་བསྟོད་བསྟོད། སྐྱོན་བརྗོད་ག་ཚོད་བྱས་ན་དེ་ཚོད་ཀྱིས་དོ་སྣང་མང་དུ་བྱ་རྒྱུའི་ཕན་ཐོགས་ཡོད་ཙང་། “The squeaky wheel gets the grease.” ཙིར་ཙིར་ཟེར་བའི་འཁོར་ལོར་སྣུམ་བྱུགས། ཟེར་བའི་གཏམ་དཔེ་ཡང་ཡོད་དོ། །
དགོངས་ཚུལ་གནངས་པ་ལ་ཐུགས་རྗེ་ཆེ་ཞུ། གོ་བ་ལེན་ཕྱོགས་སོགས་ལས་འཕྲོས་པའི་གླེང་མོལ་འདི་འདྲ་ནི་རིན་ཐང་ཆེན་པོ་རེད། བཀའ་དྲིན་ཆེ།
48: “Where there is a will, there is a way.”
གང་ལ་འབད་རྩོལ་ཡོད་པ། དེ་ལ་ལམ་ཁ་ཡོད།
United we stand, divided we fall.
ཆིག་སྒྲིལགྱིས་ང་ཚོ་ལང་ཐུབ། སོ་སོར་གྱེས་པས་ང་ཚོ་འགྱེལ།
God helps those who help themselves.
ཚིག་འགྱུར།
སོ་སོར་ཕན་པ་སྒྲུབ་མཁན་ཚོ་ལ། དཀོན་མཆོག་གི་རྒྱབ་རྟེན་ཡོད་རེད།
དོན་འགྱུར།
ལས་འབྲས་སྲུང་མཁན་ཚོར། དཀོན་མཆོག་གིས་སྐྱོབ་བགྱིད་རེད།
If You Want to Make an Omelet, You Must Be Willing to Break a Few Eggs.
ཚིག་འགྱུར།
གལ་སྲིད་ཁྱོད་རང་སྒོང་ང་རྔོད་འདོད་ཡོད་ན། ཁྱོད་རང་སྒོང་ང་འགའ་ཤས་བཅོག་སེམས་ངེས་པར་དགོས།
དོན་འགྱུར།
ཁྱོད་ལ་རང་བཙན་དགོས་ན། ཁྱོད་ཀྱིས་ཚེ་སྲོག་གཏོང་དགོས་རེད།
ཁྱོད་ལ་རང་བཙན་དགོས་ན། ཁྱོད་ཀྱིས་ཚེ་སྲོག་གཏོང་དགོས་རེད།
ཡང་ན།
ཁྱོད་ཚོ་ལ་རང་བཙན་དགོས་ན། ཁྱོད་ཚོས་ཚེ་སྲོག་འགའ་ཤས་གཏོང་དགོས་རེད།
ཡང་ན།
ཁྱོད་ལ་རང་དབང་དགོས་ན། ཁྱོད་ཚོས་ཚེ་སྲོག་འགའ་ཤས་གཏོང་དགོས་རེད།
ཡང་ན།
ཁྱོད་ལ་དབུ་མའི་ལམ་དེ་དགོས་ན། ཁྱོད་ཚོས་ཚེ་སྲོག་འགའ་ཤས་གཏོང་དགོས་རེད།
དེ་ཡང་ལས་ཀྱི་སྣེ་མོ་པ་ཚོས། མི་མང་གིས་ད་ལྟའི་བར་ལ། བརྒྱ་དང་ལྔ་བཅུ་ལྷག་བཏང་ཟིན་པ་རེད།
ཡ་་་ཡིན་ན་་་ངས་ཀྱང་གཏམ་དཔེ་འདྲ་དྲན་སོང།
ང་སློབ་གྲར་ཡོད་དུས་་་ང་ཚོའི་དགེ་རྒན་དགེ་བཤེས་གཅིག་རེད། ཀོང་གི་གཏམ་དཔེ་མང་པོ་
གསུང་གི་རེད། དཔེར་ན། སོ་སོའི་སོ་སོ་བཀྱགས། སྐྱག་པས་རྐུབ་བཀྱགས།
ཤེས་པ་ལྷ་དང་མཉམ་ཡང། སྤྱོད་པ་མི་དང་མཉམ་པ་བྱེད་དགོས།
ཤེས་མེད་ལ་དབང་སྤྲད་ན་། ཉལ་སའི་ནང་ལ་གཅིན་པ་བཏང།
ངན་པ་ལ་དབང་ཐོབ་དུས། ནམ་མཁའི་སྐར་མ་ལའང་མཆོང།
དགྲ་ཤར་ལ་བཞག། གཏོར་མ་ནུབ་ལ་སྐྱེལ་བ།
སོ་སོའི་སྐྱེས་སྨན་མ་ཐུབ་པར། མིའི་སྐྱེས་སྨན་འཛེགས་པ།
འདམ་བརྒྱ་ཤོག་བརྒྱ་ཡི་དཔོན་པོ་ང་ཡིན། ངས་དཔོན་པོ་ནང་ལ་ཡོད་།
ཉིན་མཚན་མེད་པ་བསང་འདུག་དྲག་ནས་།
ལྷ་སའི་ལྕམ་སྐུ་ཤོག་གི་སྟུ་ལ་དྲེག་པ་ཆགས་འདུག། སོགས་མང་ངོ།