ཉེ་འཆར་ཁ་བརྡའི་ནང་ནས། ཕྱི་རྒྱལ་བ་ཞིག་གིས་བོད་ཡིག་གོ་བདེ་པོ། བློ་ལ་འཆར་བདེ་པོ། ཡིད་ལ་འཛིན་བདེ་པོ་ཞིག་བྲིས་པ་མཐོང་རྗེས། ང་ཚོ་བོད་ཡིག་ལ་རེ་བ་དང་བླ་སྲོག་གསར་པ་ཞིག་སྦྱིན་ཐུབ་པའི་རེ་བ་སྐྱེས། https://www.khabdha.org/?p=93149 “ལི་སི་པོན་གྲོང་གསེབ་ཆུང་ཆུང་རེད།”ཅེས་པ་དེ་བཀླགས་རྗེས། བོད་ཡིག་གོ་བདེ་རུ་གཏོང་བ་དང་། ལས་སླ་རུ་གཏོང་ཐུབ་ན། ང་ཚོས་མི་རབས་རྗེས་མ་རྣམས་ལ་སྐད་ཡིག་གི་ཞབས་འདེགས་ཆེན་པོ་ཞིག་བསྒྲུབ་པར་འདོད།
འཛམ་གླིང་ནང་རྒྱུག་ཆེ་བའི་སྐད་ཡིག་དེ་ཚོ་ལོ་རེ་བཞིན་སྟབས་བདེ་རུ་བཏང་བའི་འཕེལ་རིམ་འདུག དབྱིན་ཇིའི་སྐད་ཡིག་དང་། རྒྱ་ཡིག ཁ་ཆེའི་ཡི་གེ་སོགས་ནི། དུས་ཚོད་དང་བསྟུན་ནས། གོ་བདེ་བ་དང་། འབྲི་བདེ་བ། ཀློག་བདེ་བ་སོགས་ཡོང་བར་དམིགས་བསལ་འབད་བརྩོན་བྱས་འདུག ང་ཚོར་ལོ་ངོ་སྟོང་ཕྲག་གཅིག་ལྷག་གོང་ལ་བོད་ཀྱི་རྒྱལ་པོ་ཞིག་གིས་དེ་ལྟར་མཛད་པ་གོ་མྱོང་། དེའི་རྗེས་ལ་བོད་ཡིག་ལ་བདག་པོ་རྒྱག་མཁན་བྱུང་མེད་པ་ལྟ་བུའི་ཚོར་སྣང་བསླེབས།
ཁྱེད་ཅག་གི་དགོངས་ཚུལ་གསུངས་རོགས། ངས་བལྟས་ན། ལ་དོན་གཅིག་ལས་དགོས་པ་མི་འདུག ༼ལ།༽འབྲེལ་སྒྲ་ཡང་གཅིག་གི་གོ་ཆོད་ཐུབ་སྙམ།་༼གི།༽ དེ་བཞིན་ཚིག་འཕྲད་མང་ཆེ་བ་ཚིག་རྐང་གཅིག་གིས་གོ་ཆོད་པའི་ནུས་པ་འདུག ༼ཡང་། ཞིང་། གིས།༽ ད་དུང་གཞན་པ་སྟུང་དགོས་པ་དང་། སྙུང་དགོས་པ་མང་པོ་འདུག་རུང་། ད་རེས་འདི་ཙམ་ཡིན།
རིག་གནས་གསར་རྗེ་ཆེན་མོའི་སྐབས་སུ་ བྱེད་སྒྲ་དང་འབྲེལ་སྒྲ་གཉིས་ཀྱི་ཚབ་ཏུ་ གི་གིས་ཁོ་ན་བེད་སྤྱོད་པ་རེད།
གི་དང་གིས་གཉིས་ཀ་བེད་སྤྱོད་བཏང་པ་རེད།
དཔེར་ན།
ང་ཚོ་ལ་ ཡོད་པའི་བོད་སྐད་ཀྱིས་ བོད་གི་ སྐད་ཆ་ ཚང་མ་ཤོད་ཐུབ་འདུག་ཀྱང་། ་་་་་་ སུ་ར་རུ་དུ་ན་ཏུ་དྲུག་དང་། འབྲེལ་སྒྲ་གི་ཙམ་ལས། ཀྱི་གྱི་ཡི་འི་ལ་ངལ་གསོ་སྤྲད་ནས། བྱེད་སྒྲ་ཀྱིས་གཅིག་གིས་འཐུས་པར་བྱས་ནས། གིས་གྱིས་ཡིས་འིས་སོགས་ཀྱང་། ཁ་སྐད་ཀྱི་དག་ཆར་མ་སྤྱད་ན་བོད་ཡིག་དེ་ཤིན་ཏུ་ལས་སླ་བར་གྱུར་ཟིན་པ་ཡིན་ན་ཡང་་་་་་་
བོད་ཡིག་འབྲི་བའི་སྐབས་སུ་གང་ཐུབ་ཐུབ་ཀྱིས་ཚིག་གྲུབ་ཐུང་ཐུང་དང་། ཆིག་ཤད་བེད་སྤྱོད་མང་བ་བྱེད་ན་གསར་ཏུ་བོད་ཡིག་སྦྱོང་མཁན་ཚོར་ཕན་ཐོག་ཆེ་སྙམ།
ལ་དོན་གཅིག་ལས་དགོས་པ་མི་འདུག་ལབ་འདུག གཞུང་དག་ན། རྣམ་དབྱེ་གཉིས་བཞི་བདུན་པ་དང་། ། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།།་ཞེས་གསུངས་ཡོད། དེའི་ནང་གསེས་གཅིག་ལོགས་སུ་དབྱེ་ནས་བཤད་ན། ཁྱེད་རང་གིས་༼དེ་ཉིད་༽ཀྱི་སྐོར་དེ་ལ་ཡིག་ཁོ་ནས་ཐག་གཅོད་ཐུབ་པ་ཞིག་ཏུ་མཐོང་གི་ཡོད་དམ།
བསྟན་འཛིན་ལགས་ཁྱེད་རང་ལ་དུས་ཚོད་ཀྱི་ཁོམ་སྐབས་ཡོད་ན། དུས་ཚོད་ཅིག་བཤད་རོགས། ཁྱེད་དང་ལྷན་དུ་རྣམ་དབྱེ་དང་ཚིག་ཕྲད་ཀྱི་སྐོར་འགའ་ཞིག་ལས་འཕྲོས་པའི་དོགས་གླེང་དང་། འབྲི་གླེང་ཞིག་བྱེད་འདོད་སྐྱེས་བྱུང་། ཁྱེད་རང་གིས་དུས་ཚོད་ཅིག་གཏན་འཁེལ་གནང་རོགས།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཚགས་པར་ལ་གཟིགས་དང་། ཁྱེད་རང་ལ་བོད་ཡིག་འདི་ལོ་ཆུང་བྱིས་པ་ཚོས་ལས་སླ་བོའི་ངང་ཤེས་པ་མ་ཟད། རང་རང་གི་ཉིན་ཐོ་འབྲི་བ་ལ་ཧ་ཅང་སྟབས་བདེ་ཡིན་པ་ཚོར་ཡོང་གི་འདུག
སྟབས་བདེ་པོ་འདོད་མཁན་ཚོས་སྟབས་བདེའི་ཐུག་པ་འཐུང་ན་ཡག་གི་རེད།
༄༅། བོད་ཡིག་ལས་སླ་རུ་གཏོང་ཐབས་ཡོད་ཀྱི་རེད། ཡིན་ཡང་་་སྔོན་འཇུག་རྗེས་འཇུག་་་
ཡང་འཇུག་རྣམས་བཀོག་ནས་་མིང་གཞི་ཁོ་ན་བཟོས་ན་་་སླ་རུ་ཡོང་མདོག་ཀྱང་།
དེ་ནི་མི་ལ་གོས་སློག་མེད་པ་དམར་ཧྲེང་ལྟ་བུ་ཡོང་གི་རེད་སྙམ།
རིག་གནས་གསར་བརྗེས་སྐབས་སུ་་་་་ཆོས་མེད་ཀླ་ཀློ་མའུ་རྩེ་སྟོང་གིས་སྐབས་སུ་་་
བོད་ཡོག་ལས་སླ་རུ་བཏང་ནས་་་་སྔོན་འདུག་་་རྗེས་འཇུག་་་ཡང་འཇུག་དང་བྱ་བྱེད་ལས་གསུམ་
མེད་པ་བཟོས་ནས་་བེད་སྤྱོད་བྱ་དགོས་བཙན་བཀའ་བཏང་ཡང་་བོད་ཀྱི་སྐད་ཡིག་དེ་འགྱུར་བ་བཏང་
མ་ཐུབ་པ་རང་སོར་སྔར་བཞིན་གནས་པ་རེད། དེ་ལ་སྟོས་དང་་་་ག་རེ་ཡོང་མིན་་་ཤེས་སླ་བས་དེ་དོན་བསམ་དགོས།།
ཡང་འདི་ན་ཁྱི་སྨྱོན་ཟིག་ཟུག་གི་ཡོད་ཀ ཁྱི་སྨྱོན་ནི་ཁྱི་སྨྱོན་རང་རེད།
༢༠༡༨ ལོའི་བཀྲ་ཤིས་བདེ་ལེགས།
https://www.facebook.com/karmapa/videos/10155265554363100/?hc_ref=ARTsP-f5qAUO8uxk9qsmfM9J712ln5OxZI3JIMobEuC3MTAtYKSoxoa1cOO8z04h-F0
བདག་པོ་རྒྱབ་་མཁན་ལ། ཁྱོད་ཀྱི་ཁ་སྐད་དབང་བཙན་པས། བདག་པོ་རྒྱག་མཁན། ཞེས་མ་འབྲི་བར་བོད་ཡུལ་ཀུན་ལ་ཁྱབ་དཔེ་བཞིན་འབྲི་ཐུབ་ན། ལས་སླ་བར་བོད་ཡིག་ཤེས་ཐུབ། ང་ལོ་བཅུ་གསུམ་བཅུ་བཞི་སྐབས་དགོན་པ་རུ། དགེ་རྒན་ནས་མདོ་མཛངས་བླུན་ཚུར་གཅིག་ཉན། དེ་ནས་བདག་གི་ཕ་མའི་ཁྱིམ་ཚང་ན། མདོ་མཛངས་བླུན་བཞུགས་པ་དེ། ལོ་བཅུ་དྲུག་སྐབས་ཚར་གཅིག་བཀླགས་པ་དྲན། དོན་དག་གོ་ནས་དེ་འདྲ་བྱས།
དེ་མིན།
གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི།
ལྟ་བའི་ཚུལ་ལ་རིང་དུ་མ་སོང་དགོས།
བོད་ཡིག་ལས་སླ་རུ་གཏོང་ཐབས་ཡོད་དང་ཡོད། འོན་ཀྱང་ང་ཚོར་སྙིང་སྟོབས་དང་། ལྷག་བསམ་མེད། བྱས་ཙང་བོད་ཡིག་འགྲེམ་སྟོན་ཁང་ལ་ཁ་ཕྱོགས་ཚར་སོང་། ཕྱི་དྲགས་སོང་།
བཀུར་འོས་རྒན་ལ་དྭགས་པ་ལགས། རྒྱག་དེ་བརྒྱབ་ཀྱི་ད་ལྟ་བ་ཡིན་པ་དང་། རྒྱབ་ནི་མདུན་རྒྱབ་ཀྱི་མིང་ཚིག་ཡིན་སྐད། རྟགས་འཇུག་ནང་ལ། བྱེད་པ་པོ་ཕལ་ཆེ་བར་ད་ལྟ་བ་འཇུག་པར་གསུངས། དཔེར་ན། བྱ་བ། བྱེད་པ་པོ། བསྒྲུབ་བྱ། སྒྲུབ་མཁན། བཤད་བྱ། ཤོད་མཁན། བརྒྱབ་བྱ། རྒྱག་མཁན། ལྟ་བུ་མ་རེད་དམ། རྒན་ཁྱེད་ནས། བཀའ་སློབ་ཡོད་པ་མཁྱེན།
སྲིན་པོ་རྫ་མཁན་ལགས། དི་རིང་དུས་ཚོད་ཡོད། ཁྱེད་ཀྱི་དགོངས་འཆར་དང་བརྡ་སྤྲོད་སྐོར་ལ་བཀའ་སློབ་ཡོད་ན་འདིར་ཞོག་དང་།
དེ་ཉིད་ཀྱི་སྐབས་ལ། སེམས་ལ་གསལ། སེམས་དུ་གསལ། ཁྱད་པར་ཡོད་དམ།
གོང་ལ་སྐལ་བཟང་ལགས་ཀྱིས་གསུངས་པ་ལྟར། ཚིག་གྲུབ་ཐུང་ཐུང་དང་། ཆིག་བཤད་མང་ཙམ་བེད་སྤྱོད་བྱས་ན། ཀློག་མཁན་ཕན་པ་ཡོད་པ་དེ་བདེན་པ་རེད་སྙམ།
དཔེར་བརྗོད།
བོད་ཀྱི་དུས་བབ།
“ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ཚེས་ ༡༤ ཉིན་སུན་ཀྲིན་ཚའེ་(Sun Zhengcai)རྒྱ་ནག་དབུས་གཞུང་གིས་པེ་ཅིན་དུ་འབོད་འགུག་བྱས་ཏེ་དགོང་མོ་དེར་གསོལ་མགྲོན་ཁང་ཞིག་ཏུ་གློ་བུར་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་ཁོའི་ཚབ་ཏུ་ཀེའུ་ཀྲུའུ་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨིར་(Chen Miner)་བསྐོ་བཞག་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད། སྐབས་དེར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་སུན་ཀྲིན་ཚའེ་ཡིས་དབང་ཆ་ལོག་སྤྱོད་ཀྱིས་རང་ཉིད་ལ་ཁེ་ཕན་བསྐྲུན་པ་མ་ཟད། ཁོས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བ་ཕྱིར་གྱར་དང་དབང་ཆ་སྒེར་སྤྱོད་བྱས་ཡོད་པའི་ཉེས་འཛུགས་འོག རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་བཤེར་བྱས་ཡོད་པ་རེད།”
སྟབས་བདེ་རུ་གཏོང་བ།
“ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ཚེས་ ༡༤ ཉིན་སུན་ཀྲིན་ཚའེ་(Sun Zhengcai)རྒྱ་ནག་དབུས་གཞུང་གིས་པེ་ཅིན་དུ་བོས། དགོང་མོ་དེར་གསོལ་མགྲོན་ཁང་ཞིག་ཏུ་གློ་བུར་བཀག་ཉར་བྱས་འདུག ཕྱི་ཚེས་ ༡༥ ཉིན་ཁོའི་ཚབ་ཏུ་ཀེའུ་ཀྲུའུ་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨིར་(Chen Miner)་བསྐོ་བཞག་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་སུན་ཀྲིན་ཚའེ་ལ་ཉེས་འཛུགས་མང་པོ་བྱས་འདུག དཔེར་ན། ཁོས་དབང་ཆ་ལོག་སྤྱོད་དང་། རང་ཉིད་ལ་ཁེ་ཕན་བསྐྲུན་པ། རྒྱ་ནག་དམར་ཤོག་ཚོགས་པའི་གསང་བ་ཕྱིར་གྱར་བ། དབང་ཆ་སྒེར་སྤྱོད་ལ་སོགས་པའི་ཉེས་འཛུགས་བྱས་འདུག
རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་གིས་གོང་གི་ཉེས་འཛུགས་ལ་ཞིབ་བཤེར་བྱས་ཡོད་པ་རེད།”
བོད་ཡིག་སྟབས་བདེ་རུ་གཏོང་ན། བོད་ཀྱི་སྐད་ཡིག་ལ་མཁས་པ་རྣམས། བཀའ་བསྡུར་ཞིབ་ཏུ་མཛད་ན། ཕྲན་བུ་ལེགས་བཅོས་བྱ་རྒྱུ་ཡོད་ངེས་ཀྱང་། སུ་བྱུང་གིས་སྟབས་བདེ་རུ་གཏོང་རྒྱུ་ཟེར་བ་ལས་སླ་བོ་ཞིག་ཡོད་པ་མཐོང་གི་མི་འདུག ཁྱེད་ཀྱིས་ལ་དོན་དང་། བྱེད་འབྲེལ། ཕྲད་བཅས་ལ་དགོངས་འཆར་གསུངས་པ་རྣམས་ལྷག་བསམ་རྣམ་དག་ལ་སོང་བས། ལེགས་སོ་ཞུ་འོས་པ་ཙམ་ལས་དགག་པར་མི་འོས་ཀྱང་། དེ་ལྟར་བྱས་ན་གདོད་མའི་སྐད་ལ་རང་ལོག་བརྒྱབ་པའམ། བོད་སྐད་ཟུར་ཆག་མཐའ་འཁོབ་མོན་པའི་སྐད་ལྟར་འཆལ་ཆོལ་ཞིག་ལས། བོད་སྤྱི་ལ་སྨན་པའི་གོ་བདེ་ཞིག་ཡོང་བཟོ་མི་འདུག་སྙམ། དཔེར་ན། ལ་མ་གཏོགས་ལ་དོན་གཞན་ར྄ྣམས་་དགོས་པ་བྱས་ན། རང་ཅག་ནང་པའི་མི་རིགས་ཤིག་ཡིན་སྟབས་སྐྱབས་འགྲོ་མེད་ན། ནང་པར་མི་ཚུད་པས་སྐྱབས་འགྲོའི་ཚིག་ཙམ་ལ་ཡང་། བླ་མ་ལ་སྐྱབས་ལ་མཆིའོ།།སངས་རྒྱས་པ་སྐྱབས་ལ་མཆིའོ།།ཆོས་ལ་སྐྱབས་ལ་མཆིའོ།།དགེ་འདུན་ལ་སྐྱབས་ལ་མཆིའོ།།ཞེས་བརྗོད་དགོས་པར་འགྱུར་བས་དེ་འདྲ་ལ་སུས་ཡིད་རྟོན། གཞན་ཡང་། བླ་མའི་སྐུ་ཚེ་བརྟན་པར་ཤོག་ཅེས་པར། ཁྱེད་ལྟར་ན། བླ་མ་གི་སྐུ་ཚེ་བརྟན་པ་ལ་ཤོག་ཟེར་དགོས་པར་འགྱུར། གཞན་ཡང་ཤིན་ཏུ། ཀུན་ཏུ། རབ་ཏུ། སོགས་ཚིག་མང་པོ་ཞིག་བརྗོད་མི་བདེ་བར་འགྱུར་རོ།།དེ་བཞིན་བྱེད་སྒྲ་དང་། འབྲེལ་སྒྲ་གི་དང་། གིས་མ་གཏོགས་མ་དགོས་པ་བྱས་ན། སྔོན་གྱི་ལོ་པཎ་སྐུ་དྲིན་ཅན་རྣམས་ཀྱིས་ཡི་གེ་ཟོར་ཡང་བའི་ཆེད་དུ། འིས་དང་ཡིས་བསྡུས་ཏེ་ཡིན་པ་ཡིས་སོགས་བསྡུས་ཏེ། དེའི་ཚབ་ཏུ་ཡིན་པས། མིན་པས། བཟང་བས། ངན་པས། སྨྲས་པས། མ་སྨྲས་པས། དེས་ན་སོགས་ཤིན་ཏུ་སྟབས་བདེ་བཟོ་གནང་བ་རྣམས་ཀྱིས་གོ་མ་ཆོད་པར་རང་ལོག་གིས་ཡིན་པ་གིས། བཟང་བ་གིས། སྨྲས་པ་གིས། དེ་བ་གིས་སོགས་འབྲི་དགོས་པར་འགྱུར། ཚིགས་བཅད་ཁ་སྐོང་མི་དགོས་པའི་སྐབས་སུ་དང་། བདག་སྒྲ་ཡིན་མིན་གྱི་པ་བ་རྣམས་ཀྱི་རྗེས་སུ་གི་སྦྱོར་དགོས་ན་ཚིགས་བཅད་འབྲི་སྟབས་ཤིན་ཏུ་མི་བདེ་བར་འགྱུར་རྒྱུ་སོགས་སྐྱོན་མང་པོ་རིམ་ཐོན་ཡོང་བཟོ་འདུག་པས་ང་མི་འདོད་དོ།།གཞན་འདོད་མཁན་ཡོད་ན་རང་དབང་ལ་སོང་སོ་སོའི་ཉིན་ཐོ་འབྲི་བར་བེད་སྤྱོད་འཚལ།
བོད་ཡིག་སྟབས་བདེ་རུ་ཟེར་ན་ཡོད་པ་དེ་ཡང་དེང་སང་ཉམས་ཆགས་འགྲོ་བཞིན་པ་ནས་ཡོད་པ་མེད་པ་བཟོ་འཆར་མ་རེད་དམ་།
བོད་ཡིག་སྟབས་བདེ་རུ་བཏང་འདུག་གམ།
ང་ ༡༩༩༥ ལོའི་སྤྱི་ཟླ་ ༦ ཚེས་ ༣ ཉིན་ ལི་སི་པོན་[Lisbon]༼ ལ་༽ (དུ་)སྐྱེས་པ་ཡིན༼རེད༽། ལི་སི་པོན་གྲོང་ཁྱེར་ཆེན་(པོ་)༼མོ༽་མ་རེད། ལི་སི་པོན་གྲོང་གསེབ་ཆུང་ཆུང་རེད། ལི་སི་པོན་གྱི་མི་འབོར་(ཉུང་ཉུང་)༼ཆུང་ཆུང་༽རེད། གྲོང་གསེབ་དེ་ལ་མི་གསུམ་སྟོང་ཙམ་ཡོད༼་རེད༽།
ལི་སི་པོན་འཁྲུག་པོ་མ་རེད། ལི་སི་པོན་ལ་གློག་བརྙན་ཁང་དང་། གཅན་གཟན་ཁང་། འགྲེམས་སྟོན་ཁང་། ཨེ་ནས། (ཐ)༼མཐའ༽་ན་སྨན་ཁང་ཡང་མེད་༼ཡོད་མ་རེད༽། ཡིན་ན་ཡང་། ནག་ཉེས་(བསགས་མཁན)དཀོན་པོ་ཡིན་ཙང་ཉེན་རྟོག་པ་ཉུང་ཉུང་(ལས་མེད་)༼ཡོད་རེད༽།
ལི་སི་པོན་གྱི་ཡུལ་ལྗོངས་མཛེས་པོ་ཞེ་དྲག་འདུག ལི་སི་པོན་ལ་བཟོ་གྲྭ་མང་པོ་མེད་ཙང་ནམ་མཁའ་ཉིན་(རྟག་པར་)༼ལྟར་རེ་བཞིན་༽སྔོ་ཐིང་ཐིང་འདུག དཔྱིད་དུས་མེ་ཏོག་མང་པོ་ཡོད༼་རེད༽། དབྱར་དུས་ཤིང་སྡོང་དང་རྩྭ་ལྗང་(སྔོ་ལྡེམ་ལྡེམ)་༼ཐིང་ཐིང་༽ཡོད༼་རེད༽། དགུན་དུས་གངས་དཀར་པོ་༼དཀར་རྐྱང་༽འདུག སྟོན་དུས་ཤིང་སྡོང་གི་ལོ་མ་(སེར་ལམ་ལམ་)༼དམར་ཐིང་ཐིང་༽འདུག
ང་ཆུང་ཆུང་ཡིན་དུས་གློག་རིན་དང་ཆུ་རིན་(ག་ཚོད་སྤྲོད་དགོས་པ་)ཧ་གོ་མ་སོང་། ཡིན་ན་ཡང་། གློག་རིན་དང་ཆུ་རིན་གོང་ཁེ་(བོ)༼པོ་༽རེད་ཟེར། ཁང་གླ་ཡང་གོང་ཁེ་(བོ)༼པོ་༽རེད་ཟེར། ལི་སི་པོན་གྱི་འགྲོ་སོང་ཆེན་པོ་མ་རེད། (འོན་ཀྱང་)ཚང་མ་གོང་ཁེ་༼པོ༽་མ་རེད།
ང་ཆུང་ཆུང་ཡིན་དུས་ལི་སི་པོན་ལ་དགའ་(བོ)༼པོ་༽མེད། ཡིན་ན་ཡང་། ད་ལྟ་ངས་ ལི་སི་པོན་དྲན་(གྱིན་)༼གི་༽འདུག
བཅོས—-( ) ནོར—-༼ ༽
tenzin བསྟན་འཛིན་མཆོག་ལ།
ཞུ་བ་ནི། རྒྱབ། ཅེས་པ་གྱུར་ནས། རྒྱག ཅེས་པ་ཕྱིས་ཀྱི་ཚིག་མཛོད་སོགས་ནའང་མཐོང་། ཁྱེད་ཀྱིས་བཀའ་བསྟན་དང་། བོད་ཀྱི་འཇམ་དབྱངས་རྣམ་གསུམ། བུ་སྟོན་རིན་པོ་ཆེ། སི་ཏུ་པཎ ཆེན་སོགས་ཀྱི་དཔེ་ཆ་དག་ན། རྒྱབ་ལ་རྒྱག་ཅེས་པ་ཡོད་ན། ང་ལ་གསུང་གྲོགས་བཀའ་དྲིན་ཆེའོ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སི་ཏུའི་སུམ་རྟགས་ཤོག་གྲངས་༡༦༨ ན། མཚོན་བརྒྱབ། ། བརྒྱབ་ཅེས་པ་འདི་འདས་ཚིག་གི་དཔེར་བཀོད་པར་སྣང་ངོ་།
བོད་ཡིག་དང་བོད་སྐད་ཡར་རྒྱས་འགྲོ་མི་ཐུབ། གང་ཡིན་ཟེར་ན། བོད་མི་མང་ཆེ་བའི་ཀླད་པ་ལྗང་ཁུ་རེད་འདུག ཧཧཧཧཧཧཧ།། །།
བསྟན་འཛིན་ལགས། དུས་ཁོམ་བྱུང་མ་སོང་། དགོངས་དག དུས་ཁོམ་གྱུར་དུས་ཤིག་ལ། བསམ་འཆར་སྦུད་ཅམ་ཞུས་ཆོག་པ་ཞུ།
སྔོན་རབས་ཀྱི་སྐད་བྲིས་པ་དེ་ལ་འདྲིས་དགོས་པ་གལ་ཆེ་བར་མཐོང་། དེ་ལྟར་མ་་བྱས་པར་ལས་སླ་བར་དྱེད་པ་ཡིན་ཟེར་ན། ཨིན་ཡུལ་དང་ཨ་རི་ཡུལ་གཉིས་ཀྱི་ཁྱད་པར་ལ་ལྟ་དགོས་སྙམ། གཞན་ཡང་ རྒྱ་གར་གྱི་སྐད་རྙིང་ལ་སྣང་ཆུང་བྱས་པའི་རྣམ་སྨིན་ནས། རྒྱ་གར་ཡར་ལང་ཐུབ་པ་འདུག་གམ། སྔོན་ཨིན་ཡུལ་པས་རྒྱ་གར་ལ་ཁྲིམས་སྲོལ་བྱེད་པའི་དུས་སུ། ཡུལ་གྱི་འོང་འབབས་ཐམས་ཅད་ཨིན་ཡུལ་ལ་ཁྱེར་པས། ཨིལ་ཡུལ་ཕྱུག་པོར་གྱུར རྒྱ་གར་དབུལ་པོར་ཆགས། ཞེས་བཤད་པ་ཐོས། ད་ལྟའི་གནས་སྐབས་སུ། ཡུལ་གང་གི་མི་མངས་ཀྱི་སྐྱིད་སྡུག་ལ་དཔྱད་དགོས་པ་མི་འདུག་གམ།
སུམ་རྟགས་གཉིས་ནི། ད་ནས་བཟུང་སུ་གང་གིས་ཀྱང་། སྣུབ་མི་ཐུབ། འོནད་ཀྱང་། བོད་སྐད་འདི་འཇིག་རྟེན་འདི་ནས་ཕྱི་མའི་སྔ་ལམ་དུ་མི་འགྲོ་བའི་ངེས་པ་གང་ཡངཡོད་མ་རེད།
དེར་བརྟེན། སྔར་རྒྱ་སྐད་ཀྱང་ཤོད་ཚུལ་མང་ལ་འབྲི་སྟངས་མི་འདྲ་བ་མང་པོ་ཡོད་པ་ལ། ཕྱིས་སུ་ཕ་རན་སི་སྐད་ཡིག་ལ་གཞི་བཅོལ་ནས་ལས་སླ་བོ་དང་། སྤྱི་སྐད་ཆེན་མོ་གཅིག་ཏུ་གྱུར་པ་རེད་ཅེས་གོ་མྱོང་བས། དེ་བདེན་ན།
བོད་སྐད་ཀྱང་བོད་ཡིག་ཐོག་ཏུ་ཡང་སྟབས་བདེ་ལ། ལས་སླ་བ་ཞིག་ཏུ་བཅོས་རན་འདུག་སྙམ་ཡང་་་་་་་་་་