ས་ཕོ་ཁྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ། Posted on 2018-02-142018-02-18 By ཁ་བརྡ 13 Comments on ས་ཕོ་ཁྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ། གསར་འགྱུར།
དཀར་པོའི་དགེ་བ་དཀར་པོའི་ཟས་ལ་རོལ་། ཁ་ཉུང་ཚིག་འཇམ་བློ་ཕུག་ཆོས་ལ་བཅོལ་། གངས་དཀར་ཏི་སི་བཞིན་དུ་སེམས་པ་དཀར་། ང་ཚོ་བོད་ཀྱི་ལོ་གསར་བཀྲ་རེ་ཤིས་།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་དང་། འཛམ་གླིང་ཞི་བདེའི་དེེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དང་། གཞིས་བྱེས་བོད་འབངས་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གཙོས་རིས་མེད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་བླ་སྤྲུལ་མཁན་པོ་སོགས་དགེ་བཙུན་སྔགས་གསུམ་གྱི་སྡེ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་སྲི་ཞུའི་ལས་བྱེད་དང་། རྟག་ཏུ་རྣམ་དཀར་དགེ་བའི་ལས་ལ་བརྩོན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་དང་ཚོགས་མི་རྣམ་པ་དང་། གཞིས་བྱེས་གཉིས་སུ་གནས་པའི་དད་དམ་འགྱུར་མེད་ཆོལ་གསུམ་བོད་རིགས་སྤུན་ཟླ་ལྷན་རྒྱས་ལ་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །ཅེས་པའི་གསོལ་འདེབས་འདི་ཡང་སྨོན་ཚིག་བདེན་པའི་རྔ་སྒྲ་ལས་བཏུས་ཏེ་ལྷོ་བྲག་བ་སྨན་པ་བསྟན་འཛིན་གྲགས་པས་སྒོ་གསུམ་གུས་པ་ཆེན་པོས་དར་དཀར་པོ་དུས་གསུམ་བདེ་ལེགས་ཀྱིས་བརྒྱན་ཏེ་ཕུལ། སརྦ་མངྒ་ལཾ།
རིན་མེད་དགུ་ཐུག བག་རིལ་སོ་གཉིས་ སུ་ལ་ གང་རག་སོང་། https://www.facebook.com/tibettimespage/videos/1616667051758860/?hc_ref=ARRsUJIKEZqB7pumHkfsrHczcxd3NiLqVriubb4FDxAx6IXm3dw5pdOdvCR0Mn31TKQ
༄༅། བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ གནམ་ལོའི་རང་ཞལ་གསར་དུ་བཞད་པར། སྟོད་གངས་རི་ཏི་སིའི་མན་ཆད་ནས། སྨད་དར་རྩེ་མདོ་ཡི་ཡན་ཆད་དང། བར་དབུས་གཙང་རུ་བཞི་ཐམས་ཅད་རྣམས། ངེད་གངས་ཅན་བོད་མིའི་ཕ་ཡུལ་ཡིན། ཡུལ་དེ་ལ་གནམ་ལོ་གསར་པ་ཚེས། ཚེས་དེ་ལ་བཀྲིས་བདེ་ལེགས་ཞུ།
ལོ་གསར་པ་འདིར། གཙོ་བོ་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་གསལ་ཐང་དང་མཛད་འཕྲིན་གོང་འཕེལ་ཡོང་བར་སྨོན། དེ་བཞིན་བོད་པ་སྤྱིའི་བདེ་རྩར་ལྷག་བསམ་དཀར་བའི་བླ་མ་དང་དཔོན་པོ་རྣམ་པ། བོད་སྤྱི་པའི་བདེ་རྩར་འགན་འཁུར་དང་ལེགས་སྐྱེས་ཕུལ་བ་དང་། འབུལ་བཞིན་པའི་མི་དམངས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། བསམ་དོན་ལྷུན་གྲུབ། མཛད་པ་གོང་འཕེལ་ཡོང་བར་སྨོན།
་་་་་་་་་་ གཞིས་བྱེས་གཉིས་སུ་གནས་པའི་དད་དམ་འགྱུར་མེད་ཆོལ་གསུམ་བོད་རིགས་སྤུན་ཟླ་ལྷན་རྒྱས་ལ་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་་་་་་་་་་
དགུ་ཐག་གི གླུད་རྫོང་སྟངས་ནི། https://www.facebook.com/photo.php?fbid=10154952704327531&set=pcb.10154952706242531&type=3&theater
སྲིད་སྐྱོང་མཆོག་དང་། ཚོགས་གཙོ་མཆོག་གིས། ས་ཁྱི་ལོ་གསར་ལ་གསུངས་པ། https://www.youtube.com/watch?list=PLE7Wm-v0hYnkLNvOcFbBDpH39BaeXJUkG&time_continue=63&v=yfskXlq0ex4
ཁྱི་ལོ་བཟང་། ཁྱི་ལོ་བཟང་། ཁྱི་ལོ་བཟང་། མགོ་ནག་བོད་པས་སྒོ་ཁྱི་མི་འཚོང་པའི་ལོ་གསར་བཟང། རྒྱ་ནག་རལ་པ་ཅན་གྱིས་ཁྱི་ཤ་མི་ཟ་བའི་ལོ་གསར་བཟང་། ནུབ་ཕྱོགས་ཨ་ར་ཅན་གྱིས་ཁྱི་ལྤགས་མི་གོན་པའི་ལོ་གསར་བཟང་།
ཁྱི་ལོ་འདི་ལ་ཁྱི་འཁྲུགས་རྒྱག་མི་ཉན་ནོ་། ཁྱི་ལོ་འདི་ལ་ཁྱི་ཚོང་རྒྱག་མི་ཉན་ནོ་། ཁྱི་ལོ་འདི་ལ་ཁྱི་ཤ་ཟ་མི་ཉན་ནོ་། ཁྱི་ལོ་འདི་ལ་ཁྱི་རྐུན་རྒྱག་མི་ཉན་ནོ་།
རྒྱ་ལ་མེད་པའི་ཁྱི་ལོའི་བོད་ཀྱི་ལོ་གསར། ་ ཁྱི་ཤ་མེད་པའི་ལོ་གསར། ། ཁྱི་རྐུན་མེད་པའི་ལོ་གསར། ། ཁྱི་འཁྲུགས་མེད་པའི་ལོ་གསར། ། ཁྱི་ལོ་ས་ཕོའི་ལོ་གསར། ། ་ ཁྱི་མིའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
བོད་གནམ་ལོ་གསར་དུ་ཚེས་པའི་ས་ཕོ་ཁྱི་ཡི་ལོ་གསར་ལ་དྲ་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུའོ།།
དཀར་པོའི་དགེ་བ་དཀར་པོའི་ཟས་ལ་རོལ་།
ཁ་ཉུང་ཚིག་འཇམ་བློ་ཕུག་ཆོས་ལ་བཅོལ་།
གངས་དཀར་ཏི་སི་བཞིན་དུ་སེམས་པ་དཀར་།
ང་ཚོ་བོད་ཀྱི་ལོ་གསར་བཀྲ་རེ་ཤིས་།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་དང་། འཛམ་གླིང་ཞི་བདེའི་དེེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དང་། གཞིས་བྱེས་བོད་འབངས་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གཙོས་རིས་མེད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་བླ་སྤྲུལ་མཁན་པོ་སོགས་དགེ་བཙུན་སྔགས་གསུམ་གྱི་སྡེ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་སྲི་ཞུའི་ལས་བྱེད་དང་། རྟག་ཏུ་རྣམ་དཀར་དགེ་བའི་ལས་ལ་བརྩོན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་དང་ཚོགས་མི་རྣམ་པ་དང་། གཞིས་བྱེས་གཉིས་སུ་གནས་པའི་དད་དམ་འགྱུར་མེད་ཆོལ་གསུམ་བོད་རིགས་སྤུན་ཟླ་ལྷན་རྒྱས་ལ་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །ཅེས་པའི་གསོལ་འདེབས་འདི་ཡང་སྨོན་ཚིག་བདེན་པའི་རྔ་སྒྲ་ལས་བཏུས་ཏེ་ལྷོ་བྲག་བ་སྨན་པ་བསྟན་འཛིན་གྲགས་པས་སྒོ་གསུམ་གུས་པ་ཆེན་པོས་དར་དཀར་པོ་དུས་གསུམ་བདེ་ལེགས་ཀྱིས་བརྒྱན་ཏེ་ཕུལ། སརྦ་མངྒ་ལཾ།
རིན་མེད་དགུ་ཐུག བག་རིལ་སོ་གཉིས་ སུ་ལ་ གང་རག་སོང་།
https://www.facebook.com/tibettimespage/videos/1616667051758860/?hc_ref=ARRsUJIKEZqB7pumHkfsrHczcxd3NiLqVriubb4FDxAx6IXm3dw5pdOdvCR0Mn31TKQ
༄༅། བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་
གནམ་ལོའི་རང་ཞལ་གསར་དུ་བཞད་པར།
སྟོད་གངས་རི་ཏི་སིའི་མན་ཆད་ནས། སྨད་དར་རྩེ་མདོ་ཡི་ཡན་ཆད་དང།
བར་དབུས་གཙང་རུ་བཞི་ཐམས་ཅད་རྣམས། ངེད་གངས་ཅན་བོད་མིའི་ཕ་ཡུལ་ཡིན།
ཡུལ་དེ་ལ་གནམ་ལོ་གསར་པ་ཚེས། ཚེས་དེ་ལ་བཀྲིས་བདེ་ལེགས་ཞུ།
ལོ་གསར་པ་འདིར། གཙོ་བོ་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་གསལ་ཐང་དང་མཛད་འཕྲིན་གོང་འཕེལ་ཡོང་བར་སྨོན།
དེ་བཞིན་བོད་པ་སྤྱིའི་བདེ་རྩར་ལྷག་བསམ་དཀར་བའི་བླ་མ་དང་དཔོན་པོ་རྣམ་པ། བོད་སྤྱི་པའི་བདེ་རྩར་འགན་འཁུར་དང་ལེགས་སྐྱེས་ཕུལ་བ་དང་། འབུལ་བཞིན་པའི་མི་དམངས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། བསམ་དོན་ལྷུན་གྲུབ། མཛད་པ་གོང་འཕེལ་ཡོང་བར་སྨོན།
་་་་་་་་་་ གཞིས་བྱེས་གཉིས་སུ་གནས་པའི་དད་དམ་འགྱུར་མེད་ཆོལ་གསུམ་བོད་རིགས་སྤུན་ཟླ་ལྷན་རྒྱས་ལ་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་་་་་་་་་་
དགུ་ཐག་གི གླུད་རྫོང་སྟངས་ནི།
https://www.facebook.com/photo.php?fbid=10154952704327531&set=pcb.10154952706242531&type=3&theater
སྲིད་སྐྱོང་མཆོག་དང་། ཚོགས་གཙོ་མཆོག་གིས། ས་ཁྱི་ལོ་གསར་ལ་གསུངས་པ།
https://www.youtube.com/watch?list=PLE7Wm-v0hYnkLNvOcFbBDpH39BaeXJUkG&time_continue=63&v=yfskXlq0ex4
ཁྱི་ལོ་བཟང་། ཁྱི་ལོ་བཟང་། ཁྱི་ལོ་བཟང་།
མགོ་ནག་བོད་པས་སྒོ་ཁྱི་མི་འཚོང་པའི་ལོ་གསར་བཟང།
རྒྱ་ནག་རལ་པ་ཅན་གྱིས་ཁྱི་ཤ་མི་ཟ་བའི་ལོ་གསར་བཟང་།
ནུབ་ཕྱོགས་ཨ་ར་ཅན་གྱིས་ཁྱི་ལྤགས་མི་གོན་པའི་ལོ་གསར་བཟང་།
ཁྱི་ལོ་འདི་ལ་ཁྱི་འཁྲུགས་རྒྱག་མི་ཉན་ནོ་།
ཁྱི་ལོ་འདི་ལ་ཁྱི་ཚོང་རྒྱག་མི་ཉན་ནོ་།
ཁྱི་ལོ་འདི་ལ་ཁྱི་ཤ་ཟ་མི་ཉན་ནོ་།
ཁྱི་ལོ་འདི་ལ་ཁྱི་རྐུན་རྒྱག་མི་ཉན་ནོ་།
རྒྱ་ལ་མེད་པའི་ཁྱི་ལོའི་བོད་ཀྱི་ལོ་གསར།
་
ཁྱི་ཤ་མེད་པའི་ལོ་གསར། །
ཁྱི་རྐུན་མེད་པའི་ལོ་གསར། །
ཁྱི་འཁྲུགས་མེད་པའི་ལོ་གསར། །
ཁྱི་ལོ་ས་ཕོའི་ལོ་གསར། །
་
ཁྱི་མིའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
བེ་དཀར་རྩིས་འབྲས་ས་ཁྱི་ལོ་ལ་ཁྱི་འཁྲུགས་མང་།