བསྟན་འཛིན།
ཕྱི་རྒྱལ་ལ་བཞུགས་པའི་རིག་དངོས་མཁས་དབང་རྒྱ་རིགས་མིང་སྨྲོས་འདོད་མེད་པ་ཞིག་གིས།
ལྷ་སའི་ཇོ་ཁང་ནང་ལ་མེ་སྐྱོན་ཚབ་ཆེ་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་རིག་གནས་ཤུལ་བཞག་ཚོགས་པར་རྒྱ་ནག་ནས་སྙན་ཞུ་བྱུང་བ་བཞིན་།ད་ལྟ་བརྟག་དཔྱད་བྱེད་བཞིན་ཡོད་པ་ཐོས། ལས་ཁུངས་དེར་ལས་ཀ་སྒྲུབ་་མཁན་རྒྱ་རིགས་ཞིག་གིས་བརྗོད་པར། ཐོག་མའི་གསར་འགྱུར་དང་གནས་ཚུལ་ཐོན་པ་ལས་བསམ་ཡུལ་ལས་འདས་པ་ཞིག་ནི། མེ་སྐྱོན་དང་མེ་གསོད་པའི་གོ་རིམ་ནང་ལ་ཆུ་དང་གློག་རྫས་ཤུགས་ཆེ་བེད་སྤྱོད་བྱས་པའི་རྐྱེན་གྱིས་ཇོ་བོའི་ལྷ་ཁང་དང་སྐུ་ལ་སྐྱོན་ཚབ་ཆེན་པོ་ཕོག་ཡོད་ཚུལ་གསུངས།
ཡ་མཚན་པའི་གནས་ཚུལ་ཞིག་ལ། ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇོ་ཁང་རིག་གནས་ཤུལ་བཞག་སྡེ་ཚན་ལ་ཐོ་འགོད་བྱེད་སྐབས། ཇོ་བོའི་སྐུ་རྒྱུ་གང་ཡིན་གསལ་པོ་མེད་པ་དང་། ད་ལྟའང་། ཇོ་བོའི་སྐུ་རྒྱུ་གང་ཡིན་ད་དུང་མཁྱེན་གྱི་མེད་སྟབས། མ་འོངས་ཞིག་གསོའི་སྐོར་ལམ་སྟོན་ཡིག་ཆ་བཟོ་བར་འགལ་རྐྱེན་ཆགས་ཡོད་གསུངས། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་རིག་པའི་འབྲེལ་ཡོད་མཁས་དབང་འགའ་ལ་འབྲེལ་བ་ཞུས་ནས་ཇོ་བོའི་སྐུ་རྒྱུའི་སྐོར་ལ་ཞིབ་འཇུག་གནང་གི་ཡོད་ཚོད། ད་དུང་དཔང་འཕེར་གནས་ཚུལ་གསལ་པོ་མཁྱེན་མཁན་མ་རྙེད་གསུངས།
ང་ཚོ་བོད་པའི་ནང་ལ་མཁས་པ་མང་པོ་ཡོད་མོད། ཤེས་བྱ་ཆུང་ངུ་ཇོ་བོའི་སྐུ་རྒྱུ་གང་ཡིན་པ་ཤེས་མཁན་མེད་ཚོད། ཡོད་ན་རྩོམ་འབྲི་བའི་དུས་ལ་བབབ་འདུག
ཡིག་ཆ་རེ་ཟུང་ན་འདི་ལྟར། བརྟག་ཐབས་དག་ལས། དང་པོ་རྒྱ་གར་ཡུལ་དུ་ལི་ཁྲ་དང་། །ལི་དཀར་ལི་དམར་གསུམ་དུ་དབྱེ་བ་ལས། །ལི་ཁྲ་རིན་ཆེན་སྣ་ཚོགས་འདུས་པ་སྟེ། །ངོ་བོ་ལི་དམར་རྩོད་མེད་ལས་ཅུང་དཀར། །ལེགས་པར་བརྟགས་ན་འཇའ་འོད་ལྟ་བུ་ཡོད། །འདི་ལ་ཛྷཻ་ཀྵིམ་མཆོག་ཏུ་བཤད་པ་ཡིན། །ལྷ་སའི་ཇོ་བོ་རིན་ཆེན་སྐུ་རྒྱུ་བཞིན། །ལི་དཀར་དཀར་དྭངས་ཅུང་ཟད་སེར་ཉམས་ཡོད། །ལི་དམར་དམར་དྭངས་ཅུང་ཟད་སེར་ཉམས་ཡོད། ། འབྱུང་ངོ་། །
ཇོ་བོའི་སྐུ་རྒྱུ་ཙན་དན་ལས་གྲུབ་པ་རེད་ཟེར་བ་ཞིག་བཀའ་ཆེམས་བཀའ་ཁོལ་མའི་ནང་དུ་བཀླགས་མྱོང་པ་ཞིག་དྲན་སྣང་འཆར། ཡིན་ཀྱང་གསལ་པོ་ཞིག་མི་དྲན་ཀི། བཀའ་ཁོལ་མར་གཟིགས་རོགས་མཛོད། །
སྐུ་རྒྱུ་དངོས་གནས་ཐོག་ལ། གསེར་ཕུལ། གསེར་ཕུལ། ད་ཕྱི་ཡི་གསེར་དེ་ཅུང་ཟད་མེད་པར་བཟོས་ནས་བརྟག་དཔྱད་བྱེད་མི་ཐུབ་པ་ཅི་ཡོད། ཐུབ་སྐུ་འདི་ནི་བྱིན་རླབས་ཤིན་ཏུ་ཆེ་ཡང་། དོན་དངོས་གཟུགས་ཅན་རག་པ་ཡིན་པའི་ཕྱིར་རོ།།
ནང་པ་ཁྱོན་གྱི་ལས་དབང་འདི་ཅི་འདྲའི་ཡིད་སྐྱོ་དགོས་པ་རེད། རྒྱ་གར་ལ་སྟོན་པའི་སྐུ་རྙན་དེ་ཡང་མིའི་གནོད་ཚེ་ཆེན་པོ་ཕོག་མྱོང་བ་དང་། ན་ལན་ཌ་དང་གནས་རྩ་བ་ཆེ་རིགས་ཆེ་ཚད་རྣམས་མིའི་རྡུང་རྡེག་ཕོག་ཡོད། བོད་ལ་མི་དང་འབྱུང་བའི་རྡུང་རྡེག་བར་མི་ཆད་པ་ཕོག་མྱོང་། ད་རེས་མེའི་འཇིགས་པས་བོད་ཀྱི་རྒྱུ་དངོས་རྩ་ཆེ་ཤོས་དེ་མེ་ལ་ཤོར་འདུག ཡིད་སྐྱོ་བ་ཨང་།
ང་ཚོ་ངོ་མ་མི་རིགས་ཡ་ང་བ་ཞིག་རེད། ཁ་ཆེ། ཡེ་ཤུའི། ཇེའུ། ཧིན་རྡི་དེ་ཚོར་ལྟོས་དང་། གནས་རྩ་ཆེན་དེ་ཚོ་ལོ་སྟོང་ཕྲག་སྟོང་ཕྲག་བདག་པོ་ཡག་པོ་བརྒྱབ་འདུག ང་ཚོར་གཅིག་ལས་མེད་པ་དེའང་ད་ཆ་མེ་ལ་འབོར་འདུག ད་ངོམས་རྒྱུ་ག་རེ་འདུག བོད་ལ་ངོམས་རྒྱུ་གཅིག་ལྷག་པ་དེ་རྒྱལ་བ་རིན་པོ་ཆེ་རེད། ཁོང་ད་ཆ་དགུང་ལོ་མཐོན་པོར་ཕེབས་ཟིན་སོང་། བོད་མི་རྒྱུ་དག་མེད་པ་དེ་ཚོས་ཁོང་ལ་ག་ཚོད་སྡུག་པོ་སྤྲད་མ་སོང་ངམ། ཀླུ་མཁར་འབྱམས་ཀྱིས་ཐོག་མ་བླ་རྒན་ཞེས་མཐོང་ཆུང་བྱེད་འགོ་བརྩམས། བར་ལ་སྲིད་དོན་པ་ཞེས་དམའ་ཕབ། མཐའ་མ་རྒྱལ་བཙོང་བ་ཞེས་སྡིག་ར་བསྐུལ་ནས་ཁོང་གི་སྙིང་ལ་གྲི་བཙུགས་སོང་། ༧གོང་ས་མཆོག་གིས་སྐུ་བཅར་བ་ཚོར། “ང་ལ་ཨ་མདོ་བ་ཞིག་གིས་རྒྱལ་བཙོང་བ་ཞེས་སྙོན་བཙུགས་ཡོང་བ་བསམ་པའི་ཡུལ་ལ་མེད།”ཅེས་གསུང་ངན་ཤོར་འདུག ངོ་མ་བསམ་ན་ཡིད་གཏིང་ནས་སྐྱོ་བར་བྱེད།
ཙན་དན་ལས་གྲུབ་པ་རེད་ཟེར་བ་དེ་ཇོ་བོའི་སྐུ་གཞན་ཞིག་ཡིན།
ལྷ་སའི་ཇོ་ཁང་དང་ཇོ་བོ་ལ་མེ་སྐྱོན་བྱུང་བ་དེ་ང་ཚོའི་སེམས་སྡུག་ཅིག་དང་། བོད་མའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་རྒྱ་གཞུང་གི་མགྲིན་ཚབ་པར་ཇོ་བོ་དང་ཇོ་ཁང་སྐྱོན་ཆེན་མ་བྱུང་ཚུལ་ཤིན་ཧྭ་གསར་ཁང་ལུང་འདྲེན་བྱས་ཏེ་བསྒྲགས་པ་ནི་སྙིང་ནད་ཅིག་ཡིན།
སྒྲིག་འཛུགས་འདི་ཚེས་རྩ་དོན་མེད་ས་ཞིག་དང་། ཆེས་ཧོལ་རྒྱུགས་པ་ཞིག་ཏུ་གྱུར་འདུག་ཨང་།
རྟ་བདུན་དབང་པོས། རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་ནོར་ཟེར་པ་ལྟར་གྱུར་འདུག
བོད་ལ་ཇོ་བོ་མང་པོ་ཡོད། དཔེར་ན།
རྩེ་པོ་ཏ་ལའི་ཇོ་བོ་རང་བྱུང་ལྔ་ལྡན། སྤྱན་རས་གཟིགས་བཅུ་གཅིག་ཞལ་ཅན། སྐུ་རྒྱུ་ཙནྡན།
སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ། སྤྱན་རས་གཟིགས་ཁ་སརྤ་ཎི། སྐུ་རྒྱུ་ཙནྡན།
བྱང་ཕུག་ཇོ་བོ། སྤྱན་རས་གཟིགས་ཁ་སརྤ་ཎི། སྐུ་རྒྱུ་ལི།
འཁོར་ཆགས་ཇོ་བོ། འཇམ་དཔལ་དབྱངས། སྐུ་རྒྱུ་དངུལ།
ལྷ་སའི་ཇོ་ཤཱཀ་རྣམ་གཉིས། སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་དང་བཅུ་གཉིས་ཀྱི་སྐུ་ཚད། སངས་རྒྱས་རང་གིས་རབ་གནས་གནང་བ། སྐུ་རྒྱུ་ཛཻཀྵྱེམ་།
ཨ་ཁུ་འབྲོག་པ་ལགས།
ཛཻཀྵྱེམ་ཞེས་པ་དེ་རང་རེའི་སྐད་ལ་ཅི་ཟེར། ཚིག་མཛོད་ནང་མ་རྙེད། ལེགས་སྦྱར་ཚིག་མཛོད་ལེགས་པོ་ཞིག་མེད།
རིན་ཆེན་སྣ་ཚོགས་ལུགས་སུ་བླུགས་པ་ཞིག་ལ་ཟེར་གྱི་ཡོད་ཚོད་འདུག། ལེགས་སྦྱར་གྱི་ཡི་གེའི་དག་བྱ་ངེས་འདྲོང་ཞིག་ང་རང་ལའང་མི་དགོངས་དག་ཞུ།
བཟོ་བཅོས། རིན་ཆེན་སྣ་ཚོགས་ལུགས་སུ་བླུགས་པ་ཞིག་ལ་ཟེར་གྱི་ཡོད་ཚོད། ཡིན་རྒྱུ་ལིའི་རིགས་ཤིག་ཡིན་ཚོད་འདུག ལེགས་སྦྱར་གྱི་ཡི་གེའི་དག་བྱ་ངེས་འདྲོང་ཞིག་ང་རང་ལའང་མི་འདུག་པས་དགོངས་དག་ཞུ། འོན་ཀྱང་རྒྱ་ནག་པ་ཚོས་ཇོ་བོའི་སྐུ་རྒྱུ་ཇི་ཡིན་གསལ་ཤེས་ཡོད་ཀྱི་རེད་སྙམ། སྐུ་འདྲ་འདི་གྲས་བོད་ལ་་མ་མང་པོ་ཡོད་པ་གཤིགས་ཏེ་རྡུལ་ཕྲན་མཚོན་ཆ་བཟོས་ཡོད་པ་རེད་ཅེས་བཤད་སྒྲོས་ཀྱང་ཡོད།
ལགས་སོ། འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ།
བསམ་ཤེས་ལགས། ཛྷཻ་ཀྵིམ་ཞེས་པ་ནི་ལི་ཁྲ་ལ་གོ་ཡི་ཡོད་པ་འདྲ། རྒྱ་གར་གྱི་ལི་ལ་ལི་ཁྲ་དང་། ལི་དཀར། ལི་དམར་གསུམ་དུ་ཡོད་པར་བཤད་ཅིང་། ལི་དཀར་ནི་དཀར་པོ་ཤིན་ཏུ་དྭངས་པ་ཅུང་ཟད་སེར་ཉམས་ཡོད་པ་དང་། ལི་དམར་ནི་དམར་པོ་ཤིན་ཏུ་དྭངས་པ་ཅུང་ཟད་སེར་ཉམས་ཡོད་པར་བཤད། ལི་ཁྲ་དང་ལི་དཀར་དང་ལི་དམར་གསུམ་ལས་ལི་མཆོག་ཏུ་གྱུར་པ་ནི་ལི་ཁྲ་སྟེ་ཛྷཻ་ཀྵིམ་ཡིན་པ་འདྲའོ། ། གོང་གི་ཚིགས་བཅད་དེར་བརྟགས་ན་ཇོ་བོའི་སྐུ་རྒྱུ་ནི་རྒྱ་གར་གྱི་ལི་ཁྲ་མིན་ནམ་སྙམ། ལིའི་རིགས་ལ་ཡང་། རྒྱ་གར་གྱི་ལི། བསྟོད་ཧོར་གྱི་ལི། ཡུ་གུར་གྱི་ལི། བོད་ཀྱི་ལི། རྒྱ་ནག་རྙིང་མའི་ལི། ཧོར་གྱི་ལི་བཅས་བདུན་དུ་འབྱུང་བར་བཤད། འཇམ་མགོན་ཨ་མེས་ཞབས་ཀྱིས་སྐུ་གཟུགས་ཀྱི་རྒྱུ་རྣམས་ཀྱི་ནང་ནས་ཛྷཻ་ཀྵིམ་ཉིད་ཁྱད་པར་དུ་འཕགས་པར་བཤད་ཅིང་། ཛྷཻ་ཀྵིམ ་ལ་ཡང་རང་བྱུང་གི་ཛྷཻ་ཀྵིམ ་དང་། བཅོས་བུའི་ཛྷཻ་ཀྵིམ་གཉིས་བཤད་པའི་སྔ་མ་ནི་ཆུ་བོ་སིནྡྷུའི་འགྲམ་དུ་གསེར་བཞིན་དུ་ཆགས་པ་ཀླུའི་རིན་ཆེན་སྣ་བདུན་པོ་མ་ལུས་པར་འདུས་པའི་རིན་པོ་ཆེའི་གོང་བུ་གསེར་དམར་དུ་གྲགས་པ་དེ་ཉིད་ཡིན་ཏེ། འདི་ལ་ཞིབ་ཏུ་བརྟགས་ནས་བལྟས་ན་འཇའ་འོད་སྣང་ཞིང་། དུག་ཆུ་བསྐུས་ན་འཇའ་ཚོན་སྣ་ལྔ་གསལ་པོར་སྟོན་པ་བཤད་ལ། བཅོས་བུའི་ཛྷཻ་ཀྵིམ་ནི། གསེར། དངུལ། ཟངས། ལྕགས། ཞ་ཉེ་དཀར་ནག རྡོ་ཤེལ། དངུལ་ཆུ་སྟེ་བརྒྱད་པོ་བཞུ་བཏུལ་བྱས་པ་དེ་ཉིད་ཡིན་པས་འདི་ལ་ཛྷཻ་ཀྵིམ་རྗེས་མཐུན་པ་ཞེས་བྱ་ཞིང་། སྔ་མ་དང་མིང་ཙམ་མཐུན་པ་མ་གཏོགས་ཁྱད་པར་ཤིན་ཏུ་ནས་ཆེ་བར་གསུངས་སོ། །