བསྟན་འཛིན།
བདག་ཚོའི་སྙིང་ལ་ཡོད་པའི་ཇོབོ་ཤ་ཀྱ་མུ་ནེའི་སྐུབརྙན་ལ་ཉེ་འཆར་མེ་སྐྱོན་བྱུང་། མི་མང་པོ་ཞིག་གི་སེམས་ལ་དངངས་སྐྲག་སྐྱེ་བཞིན་ནོ། འོན་ཀྱང་ང་ཚོ་ལ་དགའ་འོས་པ་ཞིག་ཡོད། ཇོ་བོའི་སྐུ་ལ་སྐྱོན་ཆེན་པོ་བྱུང་མེད་པར་བཤད།
ཆེས་དགའ་འོས་པ་ཞིག་ནི། དེ་བས་བདག་ཚོའི་མི་ཚེ་དངོས་ཀྱི་ནང་ལ། ཕན་ནུས་ཆེན་པོ་ཡོད་པའི་ཇོ་བོ་ཤ་ཀྱ་མུ་ནེའི་སྐུ་ཚབ། རིས་མེད་ཀྱི་བླ་མ་དམ་པ་རྣམས་ད་དུང་སྐུ་ཚེ་གསལ་ཐང་ལ་བཞུགས་སོ། འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེརསྒྲུབ་བཞིན་པས། དགའ་བ་སྐྱེ་བའི་རྒྱུ་ཞིག་སྣང་། ང་ཚོས་ཀྱང་ཁོང་རྣམ་པ་ཚོར་དད་པ་ཆེན་པོས་ཡིད་བཞིན་ནོར་བུ་ཞེས་གཅེས་མིང་ནས་འབོད། ད་ལྟ་ཁོང་རྣམ་པའི་སྐུ་ཚེར་བར་ཆད་མེད། སྔར་བས་ལྷག་པའི་བརྩེ་བ་ཆེན་པོས་ཇོ་བོ་ཤ་ཀྱ་མུ་ནེའི་དགོངས་པ་དེ་དག་སེམས་ཅན་ལ་འགྲེལ་བཤད་གནང་བཞིན་བཞུགས་སོ། དེ་ལ་བསམ་བློ་ཞིག་བཏང་ནས། ཇི་ལྟར་ཁོང་རྣམ་པའི་དགོངས་པ་དེ་ལག་ལེན་ལ་འཁྱོལ་ཐུབ་པར་འབད་དགོས་སྙམ། དེ་ནི་ཇོ་བོ་ཤ་ཀྱ་མུ་ནེའི་སྐུ་བརྙན་ལ་གཅེས་སྐྱོང་ངོ་མ་དེ་འོ་སྙམ་མོ།
ལྷ་སའི་ཇོ་བོ་སྐུ་འདྲ་འདི་ཡི་སྲུང་སྐྱོབ་ལ་དིང་དུས་དང་མཐུན་པར། ཇོ་བོའི་སྐུའི་ཉེ་འཁྲིས་སུ་ཀློག་མཆོད་དང་། དེ་ནས་ཅུང་ཐག་རིང་དུ་ཤེལ་གྲོམ་ནང་ལ་སྲོལ་རྒྱུན་མཆོད་མེ་སོགས་འབུལ་ས་གསར་གཏོད་དགོས་པ་རེད། དེ་མིན་རྨོངས་དད་ཀྱིས། ཉིན་ཞིག་སྐུ་དང་། ལྷ་ཁང་ཡོངས་རྫོགས་མེ་སྐྱོན་མི་ཤོར་བའི་ངེས་པ་མེད་པས་་་་་་་་
བཙན་བྱོལ་གཞུང་སྒེར་གཉིས་ཀྱི་ཕྱོགས་ནས། ཇོ་བོ་རིན་པོ་ཆེ་དང་མ་ཅིག་དཔལ་ལྷ་ལ་ཕོག་བའི་མེ་སྐྱོན་ནི། ཨ་མདོ་བ་འགའ་ཞིག་གི་སེམས་འཚབ་དང་སེམས་སྡུག་ཙམ་ལས།
གཞན་དགྲ་འདྲེ་དགྱ་དམར་ཚང་གི་དགོས་འདོད་ལྟར་བཀའ་ཡིག་བཀྲམ་སོང་བ་ནི། ཆོལ་ཞེན་ལ་འབྲེལ་ལམ། དད་ཞེན་ལ་འབྲེལ།
གང་ལྟར་བཀྲ་མ་ཤིས་བ་འདི་བཙན་བྱོལ་ནས་མགོ་བཙུག་པའི་བྱེད་གཏེ་ལས་བྱུང་ངམ། ཡང་ན་བོད་ནང་གི་རྒྱ་བླ་ཟེར་བ་དེས་བྱས་ཉེས་ལས་བྱུང་ངམ།
ཡག་པོ་ཞིག་རྩ་བ་ནས་མ་བྱུང་། མི་བྱུང་།
ཇོ་བོ་མཁྱེན།
གང་ལྟར་རྟེན་འབྲེལ་ལེགས།སངས་རྒྱས་བསྟན་པ་འཛམ་གླིང་ལ་ཁྱབ་པའི་རྟེན་འབྲེལ་འགྲིགས་སོང་།
སྔར་ཞལ་གདོང་ཙམ་མ་གཏོགས་མ་མཇལ་བས། རྡོ་ལས་བཟོ་སྐྲུན་བྱས་པའམ། བོད་སྐུ་བཞིན་ཟངས་ལས་གྲུབ་པ་དེའི་སྟེང་གསེར་གསོལ་པའི་དོགས་པ་ཡོདཀྱང་། ད་གཟོད་མཇལ་དུས། རྡོ་ལས་བཟོས་པར་སྣང་། གཏམ་བརྒྱུད་ལས། རྒྱ་གར་རྡོ་རྗེའི་གདན་གྱི་སྟེང་མའི་ལྷ་ཁང་དུ། “རང་རེའི་ལྷ་སའི་ཇོ་བོ་བཞུགས་པར་གྲགས།” ཞེས་མཁས་པའི་དབང་པོ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བྲིས་སོ།
ལོ་རྒྱུས་རྣམས་དུ་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཙམ་ལྷའི་བཟོ་བོ་བིཤོ་ཀརྨས་རིན་པོ་ཆེ་སྣ་ཚོགས་ལ་ལས་བཞེངས་པ་ཛཻཥྱེམ་ཞེས་པ་ཡིན་པར་གསལ་བར་གཞིགས་ན་རྡོ་རྐྱང་རང་ལྟ་ཨེ་ཡིན་སྙམ།
ཇོ་བོའི་སྐུ་འདྲའི་ལོ་རྒྱུས་ལ་བརྟེན་ནས། ནང་བསྟན་གྱི་ལོ་རྒྱུས་ཁ་སྐོང་དང་། ཁ་གསལ་དུ་འགྲོ་བར་ཤིན་ཏུ་ཕན་ནོ།།
གཟུགས་སྐུ་ཇོ་བོས།
མ་གྷ་དྷ་ནས་ཨུ་དྲ་ཡ་ན་དང་། །
དེ་ནས་སླར་ཡང་རང་སའི་ཡུལ་དུ་དང་། །
དེ་ནས་རྒྱལ་པོས་རྒྱ་ནག་རྒྱལ་པོར་བསྐུར། །
དེ་ནས་བོད་འབངས་ཆོས་སྐལ་བོད་དུ་ཕེབས། །
དེ་འདྲ་ཡིན་པ་བརྙན་འཕྲིན་ནང་ལས་ཐོས། །
ཇོ་བོ་རིན་པོ་ཆེས་མཁྱེན།