སོག་མདའ།
གསེར་འོད་དང་དྲིལ་བུའི་སྒྲ་དབྱངས་སྙན་མོ།
ཁུ་སིམ་སིམ་གྱི་དགོན་གྲོང་ནས་དལ་གྱིས་གྲགས་དུས
གནའ་བོའི་མི་རིགས་ཞིག་གི་བློ་གྲོས་ཀྱིས་བཞེངས་བའི་ཐེམ་སྐས་དེ་ནས།
རང་སེམས་སྐྱིད་ལྷང་ལྷང་གི་རྒྱང་རིང་གི་རི་ཚོགས་ལ་གྱེར་སྐབས།
རླུང་བུ་ཡང་མོ་ཞིག་གི་ཁྱེད་ཀྱི་སྐྲ་ལོའི་ལན་བུ་དལ་གྱིས་བགུལ་དུས།
གང་ཞིག་མིག་ལ་ཤར་བྱུང་།སུ་ཞིག་སེམས་ལ་དྲན་བྱུང་།།
དེ་དུས་རང་ཉིད་མི་ཡུལ་གྱི་ཆེས་མཐོ་བའི་གནས་མལ་ན་ཡོད་པ་དྲན་པ་ཨེ་མྱོང་།།
ལྷ་སའི་ཨ་ཅག་ལྟ་བའི་མཛེས་མ་ཀ་རན་ཆ་བ་ལགས།
རྫ་ཆུ་བསིལ་མ་དང་དྭངས་གཙང་ཆུ་ཕྲན།།
རང་དབང་གིས་་སྟོད་ནས་སྨད་ལ་ལྷོད་ཀྱིས་བཞུར་དུས།།
གནའ་བོའི་གནས་མལ་གྱི་ཆུ་བོའི་་མགོ་ཁུངས་དེ་ནས།།
སེམས་པ་དགའ་ལྷང་ལྷང་གི་མཛེས་པའི་ངོ་གདོང་ལ་ཆུ་བོས་ཐེངས་གསུམ་བྱུགས་དུས།
གང་ཞིག་ངག་ནས་ཐོལ་བྱུང་།སུ་ཞིག་བྲང་ལ་གླན་བྱུང་།
དེ་དུས་་རང་ཉིད་མི་ཡུལ་གྱི་ཆེས་དྭངས་གཙང་གི་་ཆུ་བོའི་གནས་མལ་ན་ཡོད་པ་དྲན་ཨེ་མྱོང་།
ལྷ་སའི་ཨ་ཅག་ལྟ་བུའི་མཛེས་མ་ཀ་རན་ཆ་བ་ལགས།།
དུང་སེམས་སྐྱུར་མོ་དང་བརྩེ་དུང་མངར་མོ།
རང་སེམས་ནས་ལམ་ལ་ཆས་ཏེ་རྒྱང་རིང་གི་རྒྱལ་ཐང་སྡེ་བའི་གྲོང་ལ་བཞུར་དུས།
གནའ་བོའི་མཁར་གྲོང་གི་གཡང་ཁྱིམ་གྲུ་བཞི་ནས་འཕྲད་མྱོང་བའི་མི་བུ་དེ་སེམས་ལ་སྒོམ་དུས།།
ཅི་ཞིག་མིག་ནས་འཐོར་སོང་།སུ་ཞིག་སྙིང་ནས་དྲན་བྱུང་།
དེ་དུས་རང་ཉིད་མི་ཡུལ་ལྷ་མོ་དངོས་མ་དེ་ཡིན་པ་དྲན་ཨེ་མྱོང་།
ལྷ་སའི་ཨ་ཅག་ལྟ་བའི་མཛེས་མ་ཀ་རན་ཆ་བ་ལགས།།
ལོ་ཟླ་དང་དུས་ཀྱི་བར་གླེགས་ནས།
མཛུབ་མོ་གྲངས་ཀའི་ཉིན་མོ་བརྩེགས་བཞིན།
སླར་ཡང་ངའི་རུམ་ཁ་ལ་ཐེངས་གཅིག་ཕེབས་པར་སྒུག་ཡོད།
དྲི་ཟ་འདྲ་བའི་བུ་མོ་ཁྱེད།ལྷ་མོ་འདྲ་བའི་སྒེག་མོ་ཁྱེད།
ལེའུ་པ་ནོོན་གྱི་འཇིག་རྟེན་ལ་ཁྱེད་མཁོ་ན་ཡང་།
རྒྱལ་ཐང་གི་འབྲོག་ཐང་ལ་དེ་བས་ཀྱང་མཁོ།
ལྷ་སའི་ཨ་ཅག་ལྟ་བུའི་མཛེས་མ་ཀ་རན་ཆ་བ་ལགས།།
༢༠༡༨་༢་༢༤་ཉིན་་རང་ཤག་བྲིས།
༄༅། བྱམས་བརྕེ་ཡི་འགྲོ་བའི་མགོན་པོ། ནུབ་ཕྱོགས་སུ་ཕེབས་དགོས་བྱུང་སོང།
ཆོལ་གསུམ་གྱི་བོད་འབངས་རྣམས་ནི། གདོང་མཆི་མས་བརླན་ནས་སྒུག་ཡོད།
དཀོན་མཆོག་གསུམ། མྱུར་དུ་གཟིགས་རོགས།
ད་སྒུག་ཚོད་མི་འདུག་།
མྱུར་དུ་གཟིགས་རོགས།