——རླུང་དམར།
ལག་པའི་ནང་དུ་ཁྲག་བཞག་པའི་ཉིན་ནག་པོ།
མགོ་ཐོག་ལ་མེ་མཚོན་བབས་པའི་གནམ་ནག་པོ།
རྐང་མཐིལ་ལ་མྱི་རོས་བརྩེགས་པའི་ས་ནག་པོ།
59ལོའི་03—10།
རང་བཙན་སྒེར་ལངས་ཀྱི་ཉིན་དམར་པོ་ཞིག་ཡིན་སོང་།
ཕ་མེས་ཀྱི་ལྷ་ཁང་དགོན་པ་སོགས་ལ་དམག་འཁྲུག་བཏབ།
ཨ་ཕ་ཨ་མའི་གཞིས་ཁྱིམ་གངས་ལྗོངས་ལྟེ་བར།
ཁྲག་རླངས་འཐུལ་འཐུལ་གྱི་པོ་ཏཱ་ལའི་ནང་སྙིང་གསོན་པོ།
སྐྱབས་རེ་དཀོན་པའི་དམྱལ་ཟངས་ནང་གི་བོད་འབངས།
ཐོག་མདའི་རུ་དཔུང་གིས་གཉའ་གནོན་དང་བཙན་འཛུལ་དམར་པོ་བསླངས།
ལམ་དང་རྨི་ལམ་གྱི་སྲོག་ལ་མནར་གཅོད་བཏང་།
ཁ་བ་ཚང་གི་རང་དབང་གཏན་དུ་ཕྲོགས་ཏེ།
བསད་གཏུབ་ཀྱི་མྱ་ངན་སྣ་ཚོགས་ལྷ་ཀླུའི་དྲི་བསང་ནང་ནས་འཐོར་བྱུང་།
དུས་དྲན་གྱི་འགྲོས་ནས་ང་ཚོས་རང་དབང་གི་འབོད་བརྡ་གཏོང་གིན།
དམར་པོའི་ནང་གི་ནག་པོ་དྲན་དགོས་ལ།
ནག་པོའི་ནང་གི་དམར་པོ་སླར་ཡང་དྲན་དགོས།
༄༅། རང་ཡུལ་བཙན་གྱིས་འཕྲོག་པའི་རྒྱ་དམར་པོ་།
རང་མི་བཙན་བསད་བཏང་པ་རྒྱ་དམར་པོ།
རང་ཆོས་རྩ་གཏོར་བཏང་མཁན་རྒྱ་ཀླ་ཀློ།
ཀླ་ཀློ་དམར་པོར་དེ་རིང་ངོ་རྒོལ་བྱས།
དུས་ནག་དུས་དྲན།
བོད་སར་དམར་དམག་འཐབ་པའི་དུས་ནག་པོ། །
ལྷ་སར་འདྲེ་དམག་འཐབ་པའི་དུས་ནག་པོ། །
གསུམ་བཅུར་དམར་གསོད་བཏང་བའི་དུས་ནག་པོ། །
༸སྐུ་འདུན་ལྐོག་འཁྲིད་བཤམ་པའི་དུས་ནག་པོ། །
་
བོད་ལ་ཡོད་ཚད་བཅོམ་འཕྲོག་འགོ་བཙུགས་དུས་ནག་པོ། །
རྒྱ་ནག་མ་འོའི་དམར་དམག་མི་གསོད་དུས་ནག་པོ། །
ལྷ་སར་ལྷ་དང་འདྲེ་དམག་འཐབ་པའི་དུས་ནག་པོ། །
བོད་ཆེན་གཞིས་བྱེས་གཉིས་སུ་གྱར་བའི་དུས་ནག་པོ། །
་
གསུམ་བཅུར་བོད་རིགས་ཡོད་ཚད་རྒྱ་ལ་སྡང་། །
གསུམ་བཅུར་རྒྱ་གཞུང་ཡིན་ཚད་བོད་ལ་ཞེད། །
གསུམ་བཅུར་རྒྱབ་སྐྱོར་ཡོད་ཚད་མདུན་དུ་ཐོན། །
གསུམ་བཅུར་རྒྱ་བོད་ཡིན་ཚད་འབྲེལ་མཐུད་ཚུགས། །
དྷ་སའི་གསུམ་བཅུའི་དུས་དྲན།
https://www.youtube.com/watch?v=1vaWT0R9x24
དང་།
https://www.facebook.com/119306658803462/videos/207702136630580/?hc_ref=ARSidqX8yKO9_sigy5cwimStajEWncSQTjCfIWFqtBVU44vqeuZoNaGxxNckLBUWJp0