ཆང་སྐྱེས་ནས།
ཆར་བ་ཟ་ཟིམ་དུ་འབབ་པའི་དོ་དགོང་གི་མཚན་མོ
སྙིང་སྡུག་མ ངས་ཅི་ཞིག་བཤད་དགོས་མིན་མ་ཤེས་ཐལ
གང་ལྟར ངའི་གངས་དཀར་ཡིད་ཀྱི་རི་ལུང་ཐང་གསུམ་ན
ཁྱོད་ད་དུང སྔར་བཞིན་ཡུ་མོ་ཆུང་ཆུང་ཞིག་དང་འདྲ་བར
ཅི་འདྲའི་ཡིད་དུ་འོང་ཞིང་སྙིང་ལ་སྡུག
དྲན་གདུང་དགུ་བརྩེགས་ཀྱི་མིག་ཆུ་འཁུར་བའི་ཁེར་རྐྱང་གི་ངས
དབྱངས་གསལ་སོ་བཞིའི་འགྱུར་ཁུགས་ཀྱི་ཀློང་ན
ཨ་རག་གི་བཟི་ཁ་ལ་ཁེན་ཏེ
ཁྱོད་ལ་རན་པའི་སྙན་ངག་ཐུང་ཐུང་ཞིག་གི་མགོ་རྔ་སྒྲིག་བཞིན
ཐ་མག་གི་ཚེ་སྲོག་རེ་རེ་ཤུགས་ཀྱིས་རྔུབ
སྙིང་སྡུག་མ ཁྱེད་ཀྱིས་མགོ་བོ་ཡར་ལ་བཅག་སྟེ་སྒེའུ་ཁུངས་ཕྱི་རོལ་ལ་ལྟོས་དང
གནམ་མཁའི་མཐོངས་སུ་འོད་དུ་འཚེར་བའི་སྐར་མའི་ཚོགས་ནི
ངས་ཁྱེད་ཀྱི་ཁོར་ཡུག་ལ་བཏབ་པའི་མེ་ཏོག་གི་ལག་སྐྱེས་ཡིན