མཚན་བགྲོད།
ངས་མི་ཉག་སྐལ་བཟང་གཉིས་ངོ་ཤེས། གཅིག་སུ་ཇ་བོད་ཁྱིམ་དང་གཞན་དེ་དྷ་སྟེང་བོད་ཁྱིམ་ནས་རེད། གལ་ཏེ་གོང་གི་རྩོམ་ཡིག་འདིའི་རྩོམ་པ་པོ་ཁོང་གཉིས་ལས་གཅིག་ཡིན་ན་རྩོམ་པ་པོ་ཁོང་ནི་བོད་སྤྱི་པ་ཕར་བཞག་ནས་རང་གི་ཆོལ་ཁར་རྒྱུ་མཚན་མེད་པའི་ཞེན་ཁོག་བྱེད་མཁན་ཞིག་མིན་པར་ང་རང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་། གོང་གི་རྩོམ་ཡིག་འདིར་བལྟས་ན་རྩོམ་པ་པོས་བོད་སྤྱི་པར་བསམ་བློ་མ་བཏང་བར་རང་གི་ཆོལ་ཁར་སྡིག་པ་མིག་བཙུམ་གྱིས་ཞེན་ཁོག་བྱས་ཡོད་པ་གསལ་པོ་རེད་འདུག ཡང་མིན་ན་རྩོམ་པ་པོ་ཁོང་མང་གཙོའི་ལམ་ལུགས་ལ་རྒྱུས་མངའ་གཏན་ནས་མེད་ཀྱང་། སྤྱི་དོན་ལ་སེམས་ཚོར་ཆེ་བར་བརྟེན་སེམས་ནང་གང་དྲན་ཡིག་ཐོག་ཏུ་བཀོད་ཡོད་པ་གསལ་པོ་རེད་འདུག
ང་རང་ལ་ཆ་བཞག་ན། སློབ་བཟང་སངས་རྒྱས་ཁམས་པ་ཡིན་ཙང་ཁོང་ལ་མི་དགའ་མཁན་ཞིག་མིན། མི་དྲང་པོ་དྲང་བཞག་དང་། ཁ་ཁོག་མཐུན་པ། བློ་རྒྱ་ཆུང་ཆུང་མིན་པ། ཁ་ཤོབ་ཚ་པོ་མེད་པའི་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པའི་བོད་པ་སུས་ང་ཚོའི་འགོ་ཁྲིད་བྱས་ཀྱང་ང་ལ་ཁྱད་པར་མེད། འོན་ཀྱང་། སློབ་བཟང་སངས་རྒྱས་ལ་ཁ་ཤོབ་ཤོད་རྒྱུ(གལ་ཏེ་དེ་ཡོན་ཏན་ཞིག་ཡིན་ན)ལས་གཞན་པའི་ཡོན་ཏན་གང་ཡང་མེད་པ་རྩོམ་པ་པོས་མ་མཐོང་བ་ཡ་མཚན་རེད། སློབ་བཟང་སངས་རྒྱས་དང་སྤེན་ཚེའི་དོན་རྐྱེན་དེ་གླེང་ན་སློབ་བཟང་སངས་རྒྱས་མི་ཅི་འདྲའི་བློ་རྒྱ་ཆུང་ཆུང་དང་། ངོ་ཚ་མེད་པ། རྫུན་དང་གཡོ་སྒྱུར་ལོབ་པ་ཞིག་ཡིན་པའི་སྐོར་སྐད་ཆ་བཤད་ན་བཤད་མི་ཚར་བ་ཡོད་པས། དེ་བས་སློབ་བཟང་སངས་རྒྱས་ཀྱིས་ཆབ་སྲིད་ཀྱི་དབང་ཆའི་རྐུབ་སྟེགས་ཆེད་འོས་འགྲན་དུས་བཞག་པའི་དམ་བཅའ་དེ་ཚོ་ཅུང་ཙམ་གླེང་ན་མི་ཉག་སྐལ་བཟང་ཁྱོད་རང་ཇི་ཙམ་རྨོངས་པའི་གཞན་དབང་དུ་ཤོར་ཡོད་པ་གསལ་པོ་ཆགས་ཀྱི་རེད།
དེའང་ཐོག་མར་སློབ་བཟང་སངས་རྒྱས་ཀྱིས་བོད་པའི་སྤྱི་ཚོགས་ནང་ཆིག་སྒྲིལ་དང་རང་ཁ་རང་གསོ་ཡོང་བ་བྱེད་ཀྱི་ཡིན། ཤེས་ཡོན་ཐོག་ཤུགས་རྒྱག་གི་ཡིན་ཞེས་བཤད་ཡོད་པ་ཁྱོད་ཀྱི་དྲན་པར་ཡོད་ངེས་རེད། ང་ཚོ་བོད་པའི་བཙན་བྱོལ་ལོ་རྒྱུས་ནང་ད་ལྟ་ལས་སྡུག་པའི་ཆིག་སྒྲིལ་གྱི་དཀའ་ངལ་ཞིག་ག་དུས་བྱུང་འདུག་གམ། མི་སུ་འགོ་ཁྲིད་དུ་བསླེབས་རྗེས་ཆིག་སྒྲིལ་རྩབ་ཧྲལ་དུ་འགྲོ་འགོ་ཚུགས་སོང་ངམ། དེང་གི་ཆར་ང་ཚོའི་བཙན་བྱོལ་གཞུང་མང་ཁྲོད་རང་ཁ་རང་གསོ་ཕར་ཞོག དེ་ལས་ལྡོག་སྟེ་རོགས་དངུལ་ལེན་ཚད་སྔར་ལས་ཇེ་མཐོར་སོང་ནས་སློབ་བཟང་སངས་རྒྱས་ཀྱིས་དེ་རང་གི་འཇོན་ཐང་ལྟ་བུར་བརྩིས་ཏེ་གང་སར་ངས་འཇོན་ངས་བཏང་ཤོད་ཀྱི་ཡོད་པ་ཁྱོད་ཀྱིས་མ་ཐོས་སམ། ད་ལྟ་རང་ཁ་རང་གསོའི་སྐད་ཆ་གང་དུ་སོང་བ་རེད་དམ། ད་དུང་སློབ་བཟང་སངས་རྒྱས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་ཤེས་ཡོན་གལ་ཆེར་འཛིན་གྱི་ཡིན་ཞེས་བཤད་ཡོད་ཀྱང་། སྲིད་སྐྱོང་མཆོག་གི་ཤེས་ཡོན་ཞེས་པའི་ཚིག་འདིའི་ནང་བོད་པའི་སྐད་དང་ཡི་གེ་ཚུད་མེད་པ་ལྟ་བུ་རེད། དེ་ཕལ་ཆེར་ཁོ་རང་གིས་བོད་ཡིག་ཤེས་ཀྱི་མེད་ཙང་ཡིན་ངེས་རེད།
རྩོམ་པ་པོས་ད་དུང་གཞུང་གི་འགོ་ཁྲིད་དང་ལས་བྱེད་བྱེ་བྲག་ཁག་གཅིག་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཇག་ཚོགས་དང་སྐབས་འཚོལ་བ་དང་འདྲ་བ་རེད་ཅེས་གསུངས་འདུག་ཀྱང་། མི་ཉག་སྐལ་བཟང་ལགས་ཀྱིས་ཐོག་མར་མང་གཙོའི་ལམ་ལུགས་ལ་སློབ་སྦྱོང་མཐིལ་ཕྱིན་པ་གནང་། དེ་ནས་ཁྱོད་རང་གིས་སྐབས་འཚོལ་བ་ཞེས་མིང་བཏགས་པའི་མི་དེ་ཚོས་རང་རེའི་བཙན་བྱོལ་མང་གཙོའི་གཞུང་དང་དེའི་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་ཀྱི་འདུག་གམ། ཡང་ན་གནོད་པ་བྱེད་ཀྱི་འདུག་པར་བསམ་བློ་ཞིག་ཐོངས། ཁྱོད་རང་གིས་སེམས་ཤུགས་དང་ལྷག་བསམ་རྣམ་དག་གིས་བྲིས་པའི་རྩོམ་ཡིག་དེའང་ཁྱོད་རང་གི་བསམ་པར་རང་གཞུང་ལ་རྒྱབ་སྐྱོར་ཆེད་བྲིས་ཡོད་བསམ་གྱི་ཡོད་ངེས་ཀྱང་། འདི་གཅིག་བྱས་ན་དཔོན་ངན་ལ་རྒྱབ་སྐྱོར་བྱས་པ་དང་། ཆོལ་ཁའི་འཐེན་འཁྱེར་བྱས་པ། ད་དུང་ང་ཚོའི་མང་གཙོའི་ལམ་ལུགས་རྩ་མེད་དུ་གཏོང་ཐབས་བྱས་པ་ཞིག་མིན་པའི་ངེས་པའང་མེད་པ་ཁྱོད་ཀྱི་བསམ་བློར་ཁོར་ཨེ་བྱུང་།
མཚན་བགྲོད་ལགས། ང་ཡང་དེ་དེ་བཞིན་ཡིན། བོད་ཆགས་འཇིག་གི་དུས་ལ་སླེབས་ཡོད་ན་ཡང་ད་དུང་ང་ཚོས་དགྲ་དགའ་གཉེན་སྡུག་གིས་དུས་འདའ་བར་བྱེད་པ་ནི་ཧ་ཅང་གི་ཡིད་སྐྱོ་བའི་རང་བཞིན་རེད། ངས་སྔོན་ཆད་ནས་བཤད་མྱོང་ལ། ད་ལྟ་ཡང་ཤོད་བཞིན་པ་ཡིན། བོད་མིའི་སྒྲིག་འཛུགས་དང་བོད་སྤྱི་ལ་ཕན་ཐོགས་མཁན་གྱི་གང་ཟག་གང་ཡང་རུང་། གལ་ཏེ་འཇོན་ཐང་ཡོད་པ་ཡིན་ན་མདོ་སྨད་པ་ཤ་སྟག་གིས་བོད་མིའི་སྒྲིག་འཛུགས་སྐྱོང་བ་ཡིན་ན་ཡང་དགའ་བསུ་ལོས་ཞུ། དེ་བཞིན་ལྷ་ས་བ་ཡང་འཚུད་ཡོད། ང་རང་ཁམས་པ་ཞིག་ཡིན་པའི་ཆ་ནས་ཁམས་པའི་ཞེན་ཁོག་སྐམ་པོའི་ཁ་སྟོང་ནང་གི་ཚིག་སྟོང་མེད། གང་ལྟར་ཡག་སྡུག་གཉིས་ཀའི་མཚམས་ན་ད་ལྟའི་སྲིད་སྐྱོང་ལས་ལྷག་པའི་མི་འཇོན་ཐང་ཡོད་པ་ཞིག་ཡོད་ན་སང་ཉིན་ནས་བཟུང་བཀའ་ཤག་འཕོ་འགྱུར་གཏོང་ན་ཡང་མ་རན་པ་མེད། ཡིན་ན་ཡང་སྐབས་འཚོལ་པ་ཚོས་ཚད་ལས་བརྒལ་བའི་དཀྲོག་གཏམ་མ་དང་རྫུན་གཏམ་བཤད་བཞིན་པར་རྒྱབ་སྐྱོར་མེད། དེ་ཚོར་བཟང་སྤྱོད་ཀྱི་རྣམ་པ་གང་ཡང་མི་འདུག ཡིན་ན་ཡང་དེར་ཁྱད་པར་མི་འདུག ང་ཚོ་ང་ཚོའི་གནས་སྟངས་ལ་བལྟ་བའི་རྔ་ལ་དཔག་པའི་འཆམ་རྒྱག་ཤེས་ཀྱིན་མི་འདུག་དེ་ཐབས་སྐྱོ་པོ་རེད། མི་ཉག་སྐལ་བཟང་ཡིན།
འདི་ངས་མི་ཉག་སྐལ་བཟང་གི་རྩོམ་ཡིག་གཤམ་དུ་མཆན་གྱི་ངོ་བོར་བཀོད་ཡོད་ཀྱང་། འདིར་ལོགས་སུ་རྩོམ་ཡིག་གི་རྣམ་པར་དུམ་ཚན་དུ་བགོས་ནས་སུས་བཀོད་པ་ཡིན་ནམ།
གཞན་ལས་བཤུས།
སྤེན་ཚེའི་ཤོག་ཁག་ཚོར་ཕུལ་བའི་དྲ་ཐོག་གི་བདེན་གཏམ་ཕྱོགས་བཏུས།
༡༽
བོད་ས་ཡོངས་རྫོཊ་བཙན་འཕྲོཊ་དང་ཤུལ་ལུས་དཔའ་བོ་དཔའ་མོ་འབུམ་བཅུ་གཉིས་དམར་བསོད་བཏང་། ལྷ་ཁང་དགོན་ཁང་ཡོད་ཚད་གཏོར། གྲྭ་བཙུན་བརྒྱ་ཆ་༩༩ ཙམ་སྐྱ་སར་ཕབ། ༧གོང་ས་ཡིད་བཞིན་གྱི་ནོར་བུ་མི་ཡུལ་ཕེབས་དགོས་བྱུང་བ་ཞིག་བཟོ་མཁན་གྱི་རྒྱ་གུང་ཁྲན་དམར་བོ་ལ་སྡང་མིག་ཙམ་ཡང་གཅེར་མི་ཕོད་པར་༧གོང་ས་མཆོག་གིས་ཐུཊ་རེ་གནང་ས་བོད་རྒྱ་ཆེའི་མང་ཚོཊ་ཀྱིས་མང་མོས་འོས་བསྡུ་ལམ་ནས་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རྒོལ་བ་ནི་དགྲ་དགའ་གཉེན་སྡུག་དང་མང་གཙོ་གོ་ལོག་ཆཊ་པ་རེད།
༢༽
ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་མཁན་དེའང་རྒྱལ་བ་རིན་པོ་ཆེ་ཡིན་པ་ལས། བཀའ་ཤག་ལ་དེ་འདྲའི་བློ་ཁོག་མེད། ཕྱིའི་རྣམ་པ་དེ་བཀའ་ཤག་ལ་དབང་ཚད་ཆ་ཚང་ཡོད་མདོག་མདོག་སྟོན་པ་ཙམ་ལས་དོན་ངོ་མ། རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་འཁྲོལ་མེད་ན་ཐག་གཅོད་དེ་འདྲ་བྱེད་མི་ཕོད། གལ་ཏེ་དེ་འདྲའི་ཐག་གཅོད་ཞིག་བྱས་ན། བཀའ་ཤག་གམ་བློ་སེང་རྡ་ས་ཙམ་ཕར་བཞོག་རྒྱ་གར་ནས་ཕྱིར་སྐྲོད་བྱེད་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། ཕྱི་ལོ་༢༠༡༡ ལོར་ཆབ་སྲིད་ཀྱི་འཁྲབ་སྟོན་ཆེན་པོ་ཞིག་བྱེད་ནས་དགའ་ལྡན་ཕོ་བྲང་བསྡུ་སོག་རྒྱག་གི་ཡིན་གསུངས་པ་རེད་དེ། དོན་ངོ་མར་དགའ་ལྡན་ཕོ་བྲང་སྔ་ལྟར་གཙོ་འཛིན་པ་རེད། སྐུ་ངོ་སྤེན་པ་ཚེ་རིང་ལ་ལྷག་བསམ་གི་རྒྱལ་སྐྱོར་བྱེད་མཁན་དང་གཞན་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་ཅན་པོ་ར་བཟི་དག་ནི་མི་ཁར་ཁྱི་རྒྱུག་ཡིན་པ་ལས་དོན་ངོ་མ་གཏན་ནས་རྟོགས་ཀྱིན་མེད། རྒྱུ་མཚན་གཞན་ཡང་། ཡར་བསྐོས་པ་བཞིན་མར་ཕབ་ཡིན་པར་སྲིད་ཚབ་ཀྱིས་ཟེར་བ་དེ་རེད། ཡར་༧ རྒྱལ་བ་རིན་པོ་ཆེ་ཡིས་བསྐོས་པ་སྤེན་པ་ཚེ་རིང་གིས་ཡོངས་གྲགས་བྱས་ནས་བཤད་པ་དེ་རེད། དོན་གཅོད་ཚང་མ་༧ རྒྱལ་བའི་མཚན་ཐོག་ལ་ཡོད་པས་དབང་ཆ་གཙོ་བོ་དགའ་ལྡན་ཕོ་བྲང་ལ་ཡོད་རེད། དེ་ལ་བཀའ་ཤག་གིས་གང་འདོད་ཐག་གཅོད་མི་ཕོད་པ་ར་གཟི་མིན་ན་ཧ་གོ་དོན་གསལ་རེད། དེར་མ་ཚད་སྤེལ༌ཚེ༌གནས༌དབྱུང༌བཏང༌དོན་ཐད་དུ་སྤྱི་འཐུས་གྲོས་ཚོགས་སུ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་ལབ་དུས་་་༧ གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ལ་ལག་འཆང་ཕོད་མིན་གླེང་སྐབས་དེ་ལ་གནས་ལུགས་བགྲང་ནས་བཀའ་ཤག་གཅིག་པུས་ཐག་གཅོད་ཡིན་པའི་རྒྱུ་མཚན་ཁེ་རེ་མ་ཞིག་བཤད་ཡོང་མཁན་སུ་ཡང་མེད་པ་དེས་ཀྱང་དོན་གནད་གཞན་བཙལ་མི་དགོས་པ་རེད། ངོ་མ་བཤད་ན་ངོ་རྒོལ་བ་འདི་ཚོས་ཚིག་པ་ཨ་ཆེན་ཐང་ལ་ཟ། ལང་ལྕག་མདོ་བ་རྟ་ལ་བཞུས་ཟེར་བ་དེ་རེད། ཐུབ་བསྟན་ཐོག་མེད་ཀྱིས་སྐལ་ལྡན་བློ་གྲོས་དང་བསྟན་འཛིན་དོན་ལྡན་གཉིས་ཀྱིས་ཞུ་ལོག་ཕུལ་སོང་ཟེར་བ་དང་།
སྒྲོལ་མ་སི་ཁོ་གཟའ་ཟེར་བ་དེས་ལྕམ་ནེ་སུ་པེ་ལམ་དང་རིན་ཆ་གྷི་རི་གཉིས་ཀྱིས་གཅིག་བྱས་སོང་སྤེན་ཚེ་ཕྱིར་ཁྲིད་ཤོག་ཁྱོད་གཉིས་སྐུ་སྒེར་གྱི་གྲོགས་པོ་ལས་བོད་མི་རིགས་ལ་ཇུས་ཏོག་མེད་ལབ་པ་དང་། དགའ་ལྡན་ཕོ་བྲང་གི་གསོས་ཕྲུག་དམ་ཆོས་ཉི་མས་བོད་ཀྱི་སྤྱི་ཚོགས་བཀྲ་མ་ཤིས་པ་བྱུང་བ་འདི་དགའ་ལྡན་ཕོ་བྲང་གི་ལས་སྣེ་རྣམས་ཀྱིས་མི་སྒེར་པ་ཞིག་གི་ཐོབ་ཐང་ཚུན་ཆད་ལ་གཏོང་འཛིན་བྱས་པ་དང་ནང་ཁུལ་དབང་ཆ་འཐབ་རྩོད་ལས་བྱུང་བ་འདྲ༌པོ༌བཤད༌བཞིན༌འདུག༌ན་
སྲིད་སྐྱོང་གི་མིང་ཙམ་ཁྱེར་བ་ལས་དོན་ངོ་མ་ཕྱིར་འབུད་གཏོང་མཁན་སུ་ཡིན་གསལ་པོ་རེད།
ད༌བྱེད༌རྒྱུ༌མང༌ན༌བྱིའི༌རྐང༌ཆག༌ཡོང༌ཉམས་མྱོང་ཡོད་ཙམ་གྱིས་ཕན་གི་མ་རེད་ལྷག་བསམ་དང་དྲང་བདེན། བསམ་ཤེས་དང་བརྩི་བཀུར། ཡིད་ཆེས་དང་གནས་བབས་ལ་བསམ་གཞིག་མ་ཐུབ་ན་ཕན་ཐོགས་མེད་པའི་དཔེ་མཚོན་གསལ་ཤོས་སྤེན་ཚེ་རེད། སྤེན་ཚེ་འཕོ་འགྱུར་མ་བཏང་སྔོན་ལ་སྐལ་རྡོ་ཡང་དུས་ཚོད་མ་ཚང་སྔོན་ནས་འཕོ་འགྱུར་བཏང་བ་རེད་དེ། དེ་དུས་ཁྱོད་ཚོ་དང་ཁྱོད་ཚོ་འདྲ་བ་དག་གོ་རྒྱུ་མི་འདུག་བ། ད་དུང་ལས་བྱེད་འཕོ་འགྱུར་དང་གནས་དབྱུང་སོཊ་མང་པོ་བཀའ་ཤག་རིམ་པའི་སྐབས་སུ་བྱུང་ཡོད་ཀྱང་སྤེན་ཚེ་ལ་མ་ཐུག་གི་བར་དུ་ཁྱོད་ཚོ་དང་ཁྱོད་ཚོ་འདྲ་བ་དག་གོ་མེད་ཚོར་མེད་ངང་བསྡད་ཡོད། བསམ་བློ་ཞིབ་ཏུ་བཏང་ནས་དྲང་བདེན་དང་ལྷག་བསམ་ཟེར་བ་ཞིག་ཁྱོད་ཚོ་ལ་འདུག་གམ་དཔྱོད་ཅིག །
སྲིད་སྐྱོང་གི་རྐུབ་འཁོར་བ་ཚོས། ད་རེ་ཁོང་ལ་ངོ་རྒོལ་བྱས་བ་འདི། དགྲ་དགའ་གཉེན་སྡུག་ཡིན་རབས་རྐྱང་ལ་ཁ་གཡོག་ཐབ་དང་རང་དཀར་ཐབ་ལ་ཁ་ན་ཚད་ཀྱིས་བཤད། ཕུགས་བསམ་མིག་ཞར་ལྟར་ལྟ་བ་དག་གི་ཡིད་ངོ་ལ་དེ་འདྲ་ཞིག་ཡིན་སྲིད།
རེད་དེ།
ང་ཚོས་འདོད་ན་མ་འདོད་ན་ཡང་། ངོ་རྒོལ་བྱེད་དགོས་པའི་དུས་ལ་བབས་སོང་བ་རེད།
ང་ཚོ་ལ། བླ་མ་བཟང་པོའི་ཐུགས་རྩེ་ནས་བབས་པའི་དབུ་ལམ། རྒྱ་ཆེ་ཕྱི་ནང་གི་མཁས་མང་ཡིད་མོས་བྱེད་སའི་དམངས་གཙོ་ཡང་དག་དང་གཙང་མ་ཞིག་རེག་པ།
སྟོང་སྲུབ་འོ་མའི་མར་ལོ་བཞིན་ལངས་བའི་བོད་མིའི་སྤྱི་རྫས་ཀྱི་ཁྲིམས་ལུགས་འདི། རྒྱ་གར་དམངས་གཙོ་ལྟར་ལྐོག་དངུལ་རྐྱང་རྐྱང་ལས་བྱ་བ་ལ་འཇུག་དགོས་ན་ཅི་བྱེད།
ཨ་རི་སྟོབས་ལྡན་ལྟར་ཕྱི་ནང་མི་གསལ་བའི་མོག་མོག་གི་མ་འོངས་ལ་རེ་དགོས་ན་ཅི་བྱེད།
དགྲ་དགའ་གཉེན་སྡུག་ལ་དོགས་ནས་ཡོད་ཚད་མེད་ཚེད་ལ་བཏང་ན་ཅི་དགེ།
ང་ཚོས་ཆུ་ཆེན་མ་ཤོར་གོང་གི་རགས། མེ་ཆེན་མ་ཤོར་གོང་གི་དོགས་བྱེད་དགོས།
སྲིད་སྐྱོང་གི། མི་ལོ་དྲུག་གི་བཤད་སྟངས། ལས་སྟངས་ལ་ལྟོས་དང་།
དོན་གཅོད་ལ་རྩིས་སྤྲོད་གསལ་ཁ་མི་དགོས་བའི་ལྐོག་ལྐོག་གི་ནང་གྲོས།
རོགས་དངུལ་སྐུ་རྐྱང་ལ་སློང་བའི་ལྐོག་ལྐོག་གི་འདྲེ་ལག།
ཁ་བཤད་དོན་ལ་མ་ཕོབ་པའི་རྫུན་བཤད་སྣ་གསུམ་སོགས། རྒན་པ་དག་ཕྱི་མ་ལ་འདེད་སྤྱད། གཞོན་པ་དག་སེམས་ཤུགས་གཅོག་སྤྱད། སྤྱིར་གང་ཅན་བོད་ཀྱི་རྒྱལ་ཁ་ལེན་པ་ལ། མུ་གེའི་སྒང་ལ་ཟླ་ལྷག་ལོ་བརྒྱད་ལ་ཤར་ན། ཁྱེད་ཅག་མི་སྐྱོ་འམ། མི་ཕང་ངམ།
སྲིད་སྐྱོང་གི་རྐུབ་ལ་འཁོར་དགོས་ཡ་མེད་ལ། དགྲ་དགའ་གཉེན་སྡུག་རེད་ཟེར་ནས་རྡེག་ར་གཏོང་དགོས་ཡ་མེད། དྲང་མོ་ལམ་ནས་བདེན་པའི་བློ་མིག་གིས་དཔྱད་ན་བཙན་བྱོལ་བའི་འགོ་པ་ཚོ་ལ་ངོ་རྒོལ་བྱས་པ་དེ་དགྲ་དགའ་གཉེན་སྡུག་རེད་དམ་མ་རེད། འཛིན་སྐྱོང་བཀའ་ཤག་གིས་ལས་ཀ་ལས་སྟངས་དང་སྐད་ཆ་བཤད་སྟངས་སོགས་ནོར་འཛོལ་ཡོད་པ་ཁག་ཐེག་རེད། ཡིན་ནའང་དེ་ལ་གཏོང་འཛིན་བཟོ་མཁན་རྒྱ་ཆེན་མང་ཚོགས་ཀྱིས་བསྐོས་པའི་འཐུས་མི་ང་ཡིན་ཁོ་ཡིན་ཡོད་ཅིང་། དེ་དག་གིས་བཀའ་ཤག་གིས་གོམ་པ་སྤོ་སྟངས་དང་ཁ་ལག་ཟ་སྟངས་ཚུད་ཆད་ནས་ནོར་འཁྲུལ་ཡོད་ཚད་འཐེར་འདོན་བྱས་ཏེ། དགག་པ་ཁ་ཐུག་ལ་གདོང་དང་གདོང་གཏན་དེ་ རྒྱག་པ་དང་དྲི་བ་འདྲ་མིན་བཏོན་དང་འདོན་བཞིན་པ་ཡིན་པར་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་ལས་ལྷག་ཅིག་ངོ་རྒོལ་བས་དོན་འབྲས་སྣེ་གཅིག་མི་སྨིན་པ་མ་ཟད། རྡོག་ཕྱོགས་ཀྱི་ནུས་པ་མང་པོ་ཞིག་ཐོན་ཏེ། གཞིས་ལུས་བོད་མིའི་རེ་ལྟོས་བརླག་ཡ་དང་། བཙན་བྱོལ་དུ་ནང་འགལ་རྙིང་པ་ཐམས་ཅད་སྐྱར་ལོག་རྒྱག་ཡ། མང་ཚོགས་མ་སྐྱིད་པ་ཆགས་ཡ། ན་ཆུང་བྱིས་པ་ཚོར་མིག་ལྟོས་སྡུག་པོ་ཆགས་ཡ་ལས་ངོ་རྒོལ་བྱས་ན་དོན་ཕན་སྣེ་གཅིག་མེད་པ་མིག་མཐོང་ལག་ཟིན་རེད།
དེང་སང་མི་ཉག་ས་ཁུལ་ན་དཔའ་བོ་མང་པོ་འདུག ཁོང་ཚོས་༧གོང་ས་མཆོག་ལ་སྐུར་འདེབས་ཚ་བོ་བྱེད་བཞིན་འདུག དེང་སང་མི་ཉག་དེ་ཚོས་༧རྒྱལ་བ་ཡིད་བཞིན་ནོར་བུ་ལ་སྐུར་འདེབས་ཚབས་ཆེན་ཞུ་བཞིན་པ་རེད། ཁོང་ཚོ་ཡང་དཔའ་བོའི་གྲས་ལ་སླེབས་བཞིན་འདུག
དེང་སང་མི་ཉག་ས་ཁུལ་ན་དཔའ་བོ་མང་པོ་འདུག ཁོང་ཚོས་༧གོང་ས་མཆོག་ལ་སྐུར་འདེབས་ཚ་བོ་བྱེད་བཞིན་འདུག དེང་སང་མི་ཉག་དེ་ཚོས་༧རྒྱལ་བ་ཡིད་བཞིན་ནོར་བུ་ལ་སྐུར་འདེབས་ཚབས་ཆེན་ཞུ་བཞིན་པ་རེད། ཁོང་ཚོ་ཡང་དཔའ་བོའི་གྲས་ལ་སླེབས་བཞིན་འདུག
ཕ་རྒན་མགོ་བོ་རྡོ་རྡུང་གཏོང་མཁན་དེ། །ཕ་མར་དྲིན་ལོག་འཇལ་བའི་ལས་ངན་ལས། །
དཔའ་བོའི་གོ་མིང་ཐོགས་པའི་གནས་མིན་ཡང་། །དེང་སང་དེ་ཡང་དཔའ་བོ་ཡིན་ནོ་ཟེར། །