ཆབ་མདོ་ངག་ཕུན་གྱིས།
བོད་མི་རིགས་དཀའ་སྡུག་དངོས་ཡོད་རྣམས།།
ཐུགས་ཞུམ་མེད་སྙན་ཞུ་ཁྲི་བདུན་ཞིག།
རྒྱ་དམར་པོའི་མདུན་དུ་ཕུལ་བར་མཛད།།
དེས་རྐྱེན་པས་དམར་པོས་བཙོན་དུ་བཅུགས།།
རྒྱ་དམར་པོའི་བཙོན་ནང་བཞུགས་དགོས་ཀྱང་།།
ཐུགས་ཞུམ་པ་མེད་པའི་བདེན་དོན་རྩད།།
བོད་མི་རིགས་བདེན་དག་ཐེར་མཛད།།
མཐར་དམར་པོའི་བཙོན་ནས་གློད་གྲོལ་ཐུབ།།
བོད་གངས་ཅན་ལྗོངས་ཀྱི་ས་ཕྱོགས་ལ།།
ཐུཌ་ལྷོད་ལྷོད་མ་བཞུགས་ཡང་ཡང་ཕེབས།།
བོད་མི་རིགས་ཆོས་དང་རིག་གཞུང་རྣམས།།
ད་སྲུང་སྐྱོབ་དགོས་པའི་བཀའ་སློབ་གནང་།།
བོད་གངས་ཅན་རྒན་དར་གཞོན་གསུམ་ལ།།
ད་གསོན་དབུག་གསར་པ་སྦྱིན་པ་བཞིན།།
ཆེས་ཕན་ཐོགས་རླབས་ཆེན་བྱུང་ནས་ཡོད།།
རྗེ་པཎ་ཆེན་བླ་མ་སྙིང་ནས་དྲན།།
རྒྱ་དམར་པོའི་སྲིད་གཞུང་འགོ་ཁྲིད་ཀྱིས།།
ད་ལྐོག་གཡོ་ངན་ཇུས་འོག་ཡོངས་གཤམས་ནས།།
རྗེ་པཎ་ཆེན་སྣང་བ་མཐའ་ཡས་ཁོང་།།
རྒྱ་དམར་པོས་སྐུ་སྲོག་འཕྲོག་ནས་སོང་།།
རྗེ་བླ་མའི་ཡང་སྲིད་དུང་ཟླ་ཞིག།
བོད་ཆོས་ལྡན་ཞིང་དུ་འཁྲུངས་ན་ཡང་།།
རྒྱ་དམར་པོའི་ཆབ་སྲིད་གཡོ་ཁྲབ་ནས།།
སྐུ་ཡང་སྲིད་ག་ཡོད་མེད་པ་བཟོས།།
དུས་དེ་རིང་ཉིན་མོ་འདི་དག་ནི།།
བོད་གངས་ལྗོངས་ཆོས་ཀྱི་ཞིང་ཁམས་ལ།།
སྐུ་པཎ་ཆེན་སྣང་བ་མཐའ་ཡས་མཆོག།
སྐུ་ཡང་སྲིད་འཁྲུངས་པའི་ཉིན་མོ་ཡིན།།
རྒྱ་དམར་པོ་གུང་ཁྲན་རིང་ལུགས་ཀྱིས།།
ད་གཡོ་སྒྱུས་སྣ་ཚོགས་ཡོངས་ཁྲབ་སྟེ།།
སྐུ་ཆུང་སྲིད་པཎ་ཆེན་རིན་པོ་ཆེ།།
རྒྱ་དམར་པོས་བཙོན་དུ་བཅུགས་ནས་སོང་།།
ཁོང་དགུང་ལོ་ཉེར་དགུ་ཕེབས་ན་ཡང་།།
ད་མཇལ་བའི་་བསྐལ་བཟང་ང་ཚོར་མེད།།
དེ་བསམ་ཞིང་བསམ་ཞིང་སྐྱོ་བ་སྐྱེས།།
སེམས་གཏིང་ནས་སྡུག་བསྔལ་ཁེངས་ནས་སོང་།།
སྐུ་ལང་ཚོའི་ལྗོན་ཤིང་གསར་པ་དེ།།
བོད་གངས་རི་ལྗོངས་ལ་འཁྲུངས་ན་ཡང་།།
རྒྱ་དམར་པོའི་གཡོ་ངན་དཔུང་ཚོཌ་ཀྱིས།།
སྐུ་མཛད་འཕྲིན་རྒྱས་པར་བཀག་ནས་སོང་།།
ད་ལྷག་བསམ་དཀར་ཞིང་རང་ཚུཌ་བརྟན།།
ད་རྣམ་དཔྱོད་མཆོག་ཏུ་རབ་རྒྱས་པ།།
ད་དྲང་བདེན་དགའ་བའི་མི་དམངས་ཚོས།།
སྐུ་ཆུང་སྲིད་འཁྲུངས་སྐར་བསུ་བཞིན་མཆིས།།
རྒྱ་དམར་པོའི་ཁོག་ཏུ་གཡོ་སྒྱུས་ཁེངས།།
མི་མདུན་དུ་ཡིན་མདོག་སྟོན་མཁན་པ།།
ད་དེ་འདྲའི་དམར་པོའི་སྲིད་གཞུང་གིས།།
བོད་མི་རིགས་སྡུག་ལ་སྦྱར་ནས་སོང་།།
ད་རྒྱལ་སྤྱིའི་ཚོགས་སྡེ་ཁག་རྣམས་ཀྱིས།།
ད་སོ་སོའི་ཁེ་ཕན་ཁོ་ནར་ལ།།
ད་དམིགས་ནས་བོད་ཀྱི་བདེན་དོན་རྣམས།།
ད་བརྗེད་པར་གཏན་ནས་མ་གནང་རོགས།།
བོད་གངས་ལྗོངས་སྐྱོང་བའི་ལྷ་ཚོཊ་རྣམས།།
ད་གྲོགས་དང་འཕྲིན་ལས་ཡོངས་མཛད་ནས།།
སྐུ་ཆུང་སྲིད་པཎ་ཆེན་རིན་པོ་ཆེ།།
ད་མྱུར་དུ་མཇལ་བ་འཕྲིན་ལས་མཛོད།།
ཅེས་པ་འདི་ནི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་ལོ་ཉེར་དགུ་ཕེབས་པའི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་སྐོར་ལ་ཤར་རེ་བྲིས་པ་ཞིག་ཡིན་ན་ནོར་འཁྲུལ་མཆིས་ཚེ་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ། ཆབ་མདོ་ངག་ཕུན་གྱིས། ༢༠༡༨/༤/༢༥