ཤར་ཕྱོགས་ཁུག་རྟ།
མཆོད་བརྗོད།
ཁྲི་ཆེན་ཏི་སེ་གངས་ཆེན།།1
གངས་ཅན་བོད་ཀྱི་བླ་རི།།
དམ་ཚིག་༧མགོན་ལ་དཀར་པས།།2
གུས་ཕྱག་ཁྱོད་ལ་ཤོར་སོང་།།
བསྟོད་གཞུང་དངོས།
བརྩེ་ཆེན་ས་སྐྱའི་རི་ན།།
ལྷ་ཡི་མེ་ཏོག་བཞད་འདུག།
མེ་ཏོག་སུ་རེད་ཞུས་པས།།
མེ་ཏོག་བསོད་ནམས་དཔལ་སྐྱིད།།
བསྟན་སྲིད་གནམ་གྱི་དཀྱིལ་འཁོར།།
ཀ་ཆེན་རིགས་པས་འདེགས་པ།།
འཁོན་གདུང་མཁས་པའི་བདག་མོ།།
མེ་ཏོག་བསོད་ནམས་དཔལ་སྐྱིད།།
བརྩེ་ཆེན་ཕོ་བྲང་ཚང་ལ།།
མཁས་མཆོག་ཉི་མ་ཟླ་བ།།
གདུང་སྲས་ཙན་དན་ལྗོན་པའི།།
དྲི་བསུང་བསོད་ནམས་དཔལ་སྐྱིད།།
ལྷང་ལྷང་ཁུ་བྱུག་གསུང་ལ།།
དབྱངས་ཅན་བཞད་སྒྲ་སྡེབ་པའི།།
སྙན་སྙན་ངག་གི་བདག་མོ།།
མེ་ཏོག་བསོད་ནམས་དཔལ་སྐྱིད།།
ཐུགས་ལ་སྙིང་རྗེས་བརླན་ནམ།།
ཞལ་རས་འཛུམ་གྱིས་ཁེངས་འདུག།
ཡིད་ཀྱི་རྣམ་རྟོག་བསྲེགས་སམ།།
སྐུ་ཤ་དཀར་ཞིང་གཙང་བ།།
མ་ཎི་དབྱངས་ལ་མ་འདྲེན།།
བདག་སེམས་ཞི་བར་གཞོལ་ཉེན།།
མཛེས་འཛུམ་ཡང་ཡང་མ་སྟོན།།
དབྱངས་ཅན་ལྷ་མོར་འཁྲུལ་ཉེན།།
ཞེས་པ་འདི་ནི་དཔལ་ལྡན་༸བརྩེ་ཆེན་ས་སྐྱ་པའི་བདག་མོ་བསོད་ནམས་དཔལ་སྐྱིད་མཆོག་གིས་མ་ཎི་དང་བཛྲ་གུ་རུ་སོགས་མགུར་དབྱངས་སུ་འཐེན་པ་ཉན་རྗེས། སྔ་མོའི་ལམ་སྲོལ་བཞིན། བོད་མ་ཤོར་གོང་སྙན་ངག་སྨྲ་བ་ཚོས་ས་སྐྱའི་བདག་མོ་དང་སྲས་མོ་ཚོར་སྙན་ཚིག་གི་ལམ་ནས་བསྟོད་པ་འབྲི་བའི་ལུགས་ལྟར་གང་དྲན་ཤར་མར་དུ་མདོ་སྨད་པ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་བགྱིས། ༢༠༡༨ ཟླ་ ༤ ཚེས་ ༢༠ ཉིན།། །།
མཆན། 1 ༽ ཁྲི་ཆེན་ནི་ད་ལྟའི་ས་སྐྱའི་ཁྲི་འཛིན་རིན་པོ་ཆེའི་ཡབ་༧ས་སྐྱ་གོང་མ་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་པ་མཆོག་ལ་གོ་དགོས། 2༽ ༧མགོན་གཅིག་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོར་གོ་དགོས།།
བཟང་ངན་ངོ་མི་ཤེས་པའི་མི་ཞིག་རེད་འདུག
དག་ཡིག་ཕྲན་བུ་ཤེས་དུས་ནས་བོད་ལ་ཁོ་ལས་མཁས་ཙམ་མེད་ལབ་སོང་། དེ་ལས་ཁྱོད་ལ་བོད་ཀྱི་རིག་གཞུང་ལ་ཤེས་ཚད་ཅི་ཡོད། རྫུན་དང་ཕམ་པའི་རྫུན་གཉིས་ཁྱད་པར་ཕྱེ་མ་ཤེས་པར་ཆོས་རིག་བཀའ་བློན་གྱི་ སྡོམ་པ་ཤོར་མདོག་བཤད་སོང་། དེང་དུས་ཀྱི་ཤེས་ཡོན་ནི་ཁྱོད་ལ་མེད་ངེས་ཏེ་སློབ་གྲྭ་ཆེ་མ་ཆུང་གསུམ་གང་ནས་ཀྱང་མཐར་ཕྱིན་པའི་འཛིན་ཤོག་ཁེ་རེ་མ་ཞིག་སྟོན་དུ་ཨེ་ཡོད། ད་དུང་སྐད་ཆ་སྦོམ་པོ་འདྲ་བཤད་ནས་ངོ་མ་སུན་ཡོང་གིན། ངས་འདི་ནས་ཕྱོགས་རིས་བྱས་ནས་ངོ་མ་བཤད་ཀྱི་མེད་འགོ་བ་ཡིན་མདོག་སྟོན་མཁན་འདི་དག་གིས་འགོ་ནས་ཕྱོགས་རིས་ཆེན་པོ་བྱེད་ཡོང་དུས་འོག་ནས་མང་ཚོགས་རང་བཞིན་གྱིས་འཁྲུགས་ཡོང་གི་འདུག
ང་ཁུག་རྟ་ལ་མི་མོས་དོན། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ཅན་ཞྭ་སྒམ་པའི་རྩོམ་རྫུན་མ་དང་རྒྱ་དམར་གྱི་གཡོ་རྒྱུའི་རྫུན་ཚིག་རྣམས་ངེས་དོན་དུ་བཟུང་ནས་དགྲ་དགའ་གཉེན་སྡུག་བྱས་དང་བྱེད་བཞིན་པ་འདི་རེད།
ཧ་ཅང་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་དེང་གི་སྤྱི་ཚོགས་འདི་ལ་ཁྱོད་ལྟ་བའི་མི་ག་ཚོད་ཟིག་ཡོད་ན་ད་གཟོད་ང་ཚོའི་སྤྱི་ཚོགས་འདི་དེང་སང་གི་འདི་འདྲ་ཞིག་ག་ལ་ཡིན་སྲིད་་་གཡག་དང་་་ལུག་་་ར་་རྟ་་དུད་འགྲོ་མང་གྲགས་ན་ངོ་མ་དཀའ་མོ་རེད་
ཡག་བྱུང་། སྙན་པོ་བྱུང་། ཁུག་རྟ་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། མི་འདི་སྙན་ངག་པ་ཞིག་ཀྱང་རེད།
ང་ཚོའི་གྲོས་ཚོགས་དེ་ཁོང་ལྟ་བུའི་མི་སྣ་འཛོམས་ཅན་རྐྱང་ཡིན་ན།
ད་གཟོད་ང་ཚོའི་སྤྱི་ཚོགས་འདི་དྲོ་སོབ་སོབ་ཞིག་ཡོད་རེད་སྙམ།
ཁུག་རྟ་ས་སྐྱའི་གདུང་སྲས་ཀྱི་བདག་མོ་ལ་སེམས་ཤོར་བ། མ་གཞི་བཙན་བྱོལ་ནང་ལ་མི་འདྲའི་རིགས་དེ་མང་གི་རེད། མི་ཁག་གཅིག་གིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རྣམས་ཀུན་དུ་མངོན་སུམ་འཛེམས་མེད་ཀྱིས་ཁ་གཏོང་བ་དང་། ཡང་མི་ཁག་གཅིག་གིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་དུས་རྒྱུན་དུ་ཤ་ཞེན་ཆེ་མདོག་བྱེད་ནས་དོན་དུ་རང་ཉིད་ལ་མིང་དང་ཐོབ་གོ་ས་རེ་ལ་རྔམ་མཁན་མང་ནི་རེད་ རྣ་བས་ཐོས་ཚུལ་དང་མིག་གིས་མཐོང་སྣང་བཟང་མིན་ཙམ་ལས་དེ་གཉིས་ལ་ཁྱད་པར་ཆེན་པོ་མཐོང་གི་མེད།
སྙན་པོ་བྲིས་འདུག
མྱི་དང་རྣམ་རྒྱལ་ཟེར་བ། །ཕྲག་དོག་མེ་ལས་ཚ་བ། །ཁ་ནས་ཅི་བཤད་མི་འདུག །ཕལ་ཆེར་བན་ལོག་ཡིན་འདྲ། །ལག་འཁྱེར་མི་འདུག་གསུང་གི །ལྷག་བསམ་མི་འདུག་གསུང་གི །གསུང་བབ་འདི་ཚོར་བལྟ་དུས། །གད་མོ་གཏིང་ནས་ཤོར་སོང་། །ཕྱོགས་དང་རིས་སུ་མཆེད་མཁན། །ཁྲམ་པ་སློབ་བཟང་སངས་རྒྱས། །ཡིན་པ་རྟོགས་ཐུབ་མི་འདུག །
མཁའ་འགྲོ་བསོད་ནམས་དཔལ་སྐྱིད་ལ་བསྟོད་པ་ཡག་པོ་ཞིག་བྲིས་འདུག་དེ་ལ་བཤད་རྒྱུ་ཅང་མེད། མ་བཞི་ཁུག་རྟ་ཟེར་བ་འདི་རྒྱ་ཁྱི་ཡིན་པའི་དོགས་པ་ཟ་མཁན་མང་པོ་རེད། ང་ལ་ཁོས་དེ་འདྲ་དགྲ་དགའ་གཉེན་སྡུག་གི་བྱ་ངན་བྱེད་གྱིན་ཡོད་པའི་དོགས་པ་མེད་ཀྱང་། ཁོས་༸གོང་ས་མཆོག་དང་ཟམ་གདོང་ཚང་གི་གསུང་གི་གནད་མ་ཤེས་ཀྱང་མངོན་པའི་ང་རྒྱལ་གྱིས་ཤེས་ཡོད་སྙམ་སྟེ་ཁོང་རྣམ་གཉིས་ཀྱི་གསུང་ཁ་ལ་ཟ་རྒྱབ་ལ་གྱོན་ནས་བོད་དོན་ལ་སེམས་ཤུགས་ཅན་དགྲ་གཉེན་གྱི་དབྱེ་འཚམས་ཤེས་མཁན་གནའ་དེང་གི་ཤེས་ཡོན་པ་དང་རྩོམ་པ་པོ་དུ་མ་ཞིག་ལ་མི་འོས་པ་དང་མི་འབབ་པ་མང་པོ་ཞིག་ལབ་དང་ལབ་བཞིན་ཡོད། གོ་སྐབས་འདི་བཟུང་ནས་རྒྱ་དམར་གྱི་སོ་པ་ཚོས་ཁུག་རྟ་འདྲ་བའི་གླེན་པ་ཚོའི་ཀླད་པར་སྦྲིལ་སྨན་གཏོང་གིན་ཡོད། ཁོ་ཚོ་ཁྱི་སྨྱོན་བཞིན་ཕྱི་ནང་དང་དགྲ་གཉེན་མི་ཤེས་པ་རང་ཕྱོགས་ཀྱི་བླ་ཆེན་གྱི་མི་སྣ་ཞྭ་སྒམ་པ་ལྟར་བུ་ལའང་སོས་རྨུག་རྐྱང་བྱེད། ད་དུང་ང་ནི་ཆེས་ཕུལ་དུ་བྱུང་བའི་མཁས་པ་དང་བསམ་བློ་པ་འམ་སྙམ་སྟེ་འགྲོ
ཇོ་སྲས་ཟེར་བ་འདི་ཤར་ཁུག་ཁོ་རང་ཡིན་ས་རེད།
ངས་ཤར་ཁུག་ལ་ཕྲག་དོག་བསྡད་སའི་ཡོན་ཏན་ཅི་མཐོང་གི་མི་འདུག་ལ། ང་དང་ཁྱོད་ཐུན་མོང་གི་རྩོད་གཞི་ཅི་མེད་སྟབས་དེ་བས་འགྲན་དགོས་དོན་མེད། ཡིན་ནའང་རང་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་དང་ཨ་རིའི་ལས་འཕོགས་ཨ་སྒོར་འབུམ་ཕྲག་དུ་མ་བློས་བཏང་སྟེ་མི་རིགས་ཀྱི་བདེན་དོན་ཆེད་དུ་གཅེས་སྲོག་གཏོང་བ་ལ་བག་ཚ་བ་མེད་པའི་རྒྱལ་གཅེས་པ་ཨ་རི་སྤྱི་འཐུས་ཚེ་དབང་རིག་འཛིན་གྱི་ཁ་གཏད་དུ་ལངས་ཡོང་དུས། ད་གདོད་མི་འདི་ལ་རང་གི་ལྟོ་གོས་གཏམ་གསུམ་ཁོ་ནའི་ཆེད་ཁ་ལག་འགུལ་བ་ལས། མི་རིགས་འདི་ལ་ཤ་ཞེན་ལྷག་བསམ་མེད་པ་ཧ་གོ་ཡོང་བ་ཞིག་རེད། ངས་ཆོལ་ཁ་ཕྱོགས་འཐེན་བྱས་ནས་ངོ་མ་བཤད་ཀྱི་མེད། ངས་ཚེ་དབང་རིག་འཛིན་ཆོལ་ཁ་གང་གི་ཁོངས་གཏོགས་ཡིན་ངོ་མ་མི་ཤེས། སུ་ལའང་འདྲི་མ་མྱོང་། ད་དུང་ཡང་འདྲི་འདོད་མེད། ངས་ཁོ་བོད་པ་དག་མ་ཞིག་ཡིན་པ་ཧ་གོ་བས་དེ་གས་ཆོག ད་དུང་ཁོའི་བློ་སྤོབས་དང་། ཁོས་མི་རིགས་ཀྱི་ཆེད་དུ་གསང་བའི་གྲོས་མོལ་གྱི་གཏམ་དག་ཁོ་ཤི་བའི་ཉིན་ཤི་དུར་ཁྲོད་དུ་མཉམ་དུ་ཁུར་ཡ་ཡིན་པའི་གཏམ་དག་གིས་ངའི་མིག་ཟུང་བརླན་མྱོང་། དེས་ན་བོད་དྲི་བྲོ་བའི་མི་དག་གི་ཁ་གཏད་དུ་སུ་ལངས་ཡོང་ན། དེ་ལ་དོགས་པ་རང་བཞིན་གྱི་ཟ་ཤོར་བ་ཞིག་རེད།
ས་སྐྱ་ཚང་གིས་བོད་མིའི་དམ་གཙང་ཆིལ་སྒྲིལ་གྱི་ཆེད་དུ་ལྷག་བསམ་རྣམ་དག་དང་མཛད་རྗེས་བླ་ན་མེད་པ་བཞག་གནང་བར་དད་གུས་རྩེ་གཅིག་ཞུ་གི་ཡོད། 🙏 ཡིན་ནའང་སྐྱ་ཚང་གི་ན་མ་ལ་རེ་བ་གཅིག་ཞུ་འདོད་བྱུང་། དེ་ནི་ “དང་པོ་ན་མ་བྱས། རྗེས་ནས་བླ་མ་བྱས་མ་ཡོང་རོགས”་ཞུ་འདོད་བྱུང་། སྐུ་འཁོར་རྣམ་པ་བོད་མཐའ་ཁོབ་ཁག་ཏུ་ཕེབས་སྐབས་ཀྱི་བྱ་བྱེད་རྣམས་མཛེས་པོ་རང་མཐོང་མ་སོང་བས་རེ་བ་འདི་ཞུས་ཡིན། མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན་དང་ལག་རྩལ་སོགས་ལ་ནུས་ལྡན་པ་ཁྱེད་ཚོ་འདྲ་བོས་རོགས་པ་གནང་དགོས་པ་ལས། གྲོང་གསེབ་ཀྱི་གླེན་པ་ཚོའི་དངུལ་ཁྲག་གིས་བསགས་པའི་དཔལ་འབྱོར་གྱི་འབུལ་བ་ལེན་པར་བག་ཚ་བསྟེན་གནང་ཡོང་བ་ཞེས་སྔོན་བརྡ་ཙམ་ཕུལ་ཡིན། ཁོ་ཚོར་ཐ་ན་རང་གི་ཕྲུ་གུ་སློབ་གྲྭར་གཏོང་བར་སློབ་འདང་ལ་མ་འདང་བའི་དཀའ་ངལ་ཡོད་རེད།
རྣམ་རྒྱལ་ལགས་ནས་ཤར་ཁུག་གིས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ཀྱི་དོན་མ་རྟོགས་པར་ལོག་འགྲེལ་དང་ལུང་འགྲེལ་བྱས་པ་ནམ་བྱུང་མིན་དེ་ཐེར་འདོན་ཞིག་གནང་ཐུབ་ན་ཡག་པོ་འདུག ང་ཡང་ཁོ་ལ་སྐྱོན་ཞིག་ལྷགས་ན་བསམས་ནས་སྒུག་མཁན་གྱི་གྲས་ཡིན་མོད། ལག་པ་འཆང་ས་ཞིག་ཁྱོན་ནས་སྟེར་གྱི་མི་འདུག
དེ་འདྲའི་ལོག་འགྲེལ་དང་ལུང་འགྲེལ་བྱས་པ་ཡོད་མི་སྲིད། ཕྲག་དོག་ཕྱིར་ངོམ་པ་ཙམ་རེད།
འདིར་ཞིབ་ཚ་པོས་བཤད་དགོས་གི་མ་རེད། རྒྱ་ཆེ་ས་ནས་ལྟོས་དང་ཁུག་རྟའི་བསམ་ཚུལ་དང་དེའི་རྒྱབ་ལྗོངས་རོལ་ཙམ་ཤེས་ཐུབ། ཁོས་ཁ་གཏད་གཅོག་ས་གཅིག་ནི། དགྲ་གཉེན་གྱི་དབྱེ་འཚམས་ཤེས་པའི་མདོ་དབུས་ཁམས་གསུམ་གྱི་རང་བཙན་འཐབ་རྩོད་པ་ཚོ་རེད། དེ་ཡིན་མིན་ངས་བཤད་མི་དགོས་པ་ཀུན་གྱིས་མཐོང་གསལ་ལྟར་རེད། ཁོས་དེ་འདྲ་བྱེད་པ་ནི་དབུ་མའི་ལམ་ལ་རྒྱབ་བསྐྱོར་དང་༸གོང་ས་མཆོག་དང་ཟམ་གདོང་བླ་མ་གཉིས་ཀྱི་དགོངས་གཞི་ལ་ཞབས་ཞུ་བྱེད་ཀྱིན་ཡོད་སྙམ་སྟེ་སྤོགས་པ་བྱེད་བཞིན་ཡོད། དོན་དངོས་མང་གཙོའི་སྤྱི་ཚོགས་ཞིག་གི་ནང་གནས་ལུགས་དང་ཁྲིམས་ལུགས་ལ་གཞི་འཛིན་པ་ལས་རང་དང་ལངས་ཕྱོགས་མཐུན་མི་མཐུན་རྒྱུ་མཚན་དུ་བྱས་ཏེ་རང་བཙན་པ་འམ་ཡང་ན་དབུ་མ་པ་དེ་གཉིས་ལས་གཞན་སུ་ལའང་རྒོལ་གཏམ་དང་མ་ཉེས་ཁག་གཡོག་བྱེད་མི་རུང་། ཁོས་ད་དུང་བོད་རྒྱལ་ཁབ་དང་མི་རིགས་ལ་ལ་ཞེན་ཅན་ཞྭ་སྒམ་པའི་སྲིད་དོན་རྒྱལ་རབས་རྫུན་མ་ཡིན་རབས་དང་སྦས་སྐུང་དང་འཁྱོག་བཤད་ལ་དགའ་བའི་དམར་གཞུང་གི་གང་བཤད་བདེན་པ་ཡིན་པ་སོགས་ཀྱི་གཏམ་བཤད་བརྙན་ལམ་ན་ཡོད་པ་ལྟར་རེད། ཁོས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་ཡང་༸གོང་ས་མཆོག་དང་ཟམ་གདོང་བླ་མའི་དགོངས་གཞི་ལ་ཞབས་ཞུ་ཞུས་པ་ཞིག་ལ་ངོས་འཛིན་བཞིན་ཡོད། དོན་དངོས་ཁོས་བྱེད་སྟངས་འདི་དག་གིས་༸གོང་ས་མཆོག་དང་ཟམ་གདོང་ཚང་གི་དགོངས་གཞི་ལ་བྱ་བ་བྱས་མེད་པ་མ་ཚད་དེའི་ངོ་གདོང་ལ་དྲི་མ་ནག་པོ་བྱུགས་ཡོད། འདི་ནི་བུ་གླེན་པས་ཕ་ཡི་ཀླད་པ་བཅོལ་ཟེར་བ་ལྟར་ཤ་ཁུག་གིས་༸སྐུ་འདུན་དང་ཟམ་གདོང་ཚང་གི་གཟིགས་བརྙན་ནག་པོ་བཟོས་ཡོད།
ཤར་ཕྱོགས་ཁུག་རྟ། ཁྱེད་རྒྱལ་སོང་།
ཤར་ཁུག་ལགས་ཤེསའཇོན་དྲངས་བས་ན་གླུན་ཕྲེགས་བུང་པོ་ཚོས་ནམ་ཡང་ཟིན་ཀྱི་གནོན་མི་ཐུབ་
ད་དུང་དེ་བས་ཡམ་ཚན་པ་ཞིགས་ལ་རྣམ་རྒྱལ་ཞེས་པ་དེས་སྨྱོ་གཏམ་ཤར་ཁུག་ནས་བླ་མ་གཉིས་ཀྱི་བཀའ་དགོང་ལུང་འབྲེན་བྱས་པ་རྒྱུ་ཚན་དུ་དྲང་ནས་རང་བཙན་ཐབ་བཙོད་པ་ཚོར་ངོ་རྒོལ་བྱེད་ཀྱི་འདུག་ཟེར་ན་མི་དི་་་་་རིགས་འཚོ་མ་ཟིན་པ་འམ་ཡང་ན་དགོས་དོན་ཐོབ་ཆ་སྣེ་མལ་ཞིག་གི་ཆེད་ཡིན་སྲིད་དེ་ན་ཞེ་སྟིངས་ནས་ཕྲད་གོས་ཤོར་ཡུལ་ལས་མ་འདས་ལ་ང་ཚོ་བོད་པ་ཚངས་ཀྱི་མཁས་ཆོས་སྙིང་ཇེའི་སྒོམ་པའི་ཡུལ་ལ་དགེའོ
ས་སྐྱ་ཚང་ལ་བཟའ་མི་མང་ནི་རེད་ཡ། དགའ་དད་མེད་ཡ།
མོ་བློ་སངས་གི་རྒྱབས་སྐྱོར་རེད་ཡ་ཁུག་རྟས་མོ་ལ་ཁ་ཡག་་འབྲི་དོན་གང་ཡིན། ཁྱོད་འདི་མི་མ་རྩ་མེད་ནི་ཟིག་རེད། ཁ་ཡག་འདི་མོ་འདི་འབྲི་རྒྱུ་ལ་ངོ་འང་མི་ཚ་གི།