སྒྱུར་མཁན་རྟ་དབྱངས།
གཏམ་དཔེ་འདིས་ཡང་དང་བསྐྱར་དུ་ང་ཚོ་ལ་རང་རང་གི་ཉམས་མྱོང་ངོ་མ་ལས་སློབ་ཚན་བེད་སྤྱོད་ཆེན་པོ་འགའ་བསྟན་ཡོད། ང་ཚོར་རྣམ་དཔྱོད་ལྡན་པའི་བསླབ་བྱ་འགའ་སྟོན་གྱིན་ཡོད། ང་ཚོས་དུས་དེབ་དང་བརྙན་འཕྲིན་ལས་གཞན་གྱི་ཉམས་མྱོང་ཡང་ཤེས་ཀྱིན་ཡོད། ང་ཚོས་སྐབས་སྐབས་སུ་བསླབ་བྱ་འདི་དག་དོ་གལ་ཆེན་པོས་དང་དུ་ལེན་གྱིན་ཡོད། འོན་ཀྱང་། མི་ཚེ་ནང་ལ་གནས་སྟངས་དཀའ་ངལ་ཁོ་ན་ཕྲད་དུས་མི་རྒན་པ་དང་ཤེས་ཡོན་ཅན་དག་གིས་བཤད་པའི་རྒྱབ་ལྗོངས་ན་རྣམ་དཔྱོད་ལྡན་པའི་བདེན་པ་ཞིག་བརྗོད་ཡོད་པ་དེ་ཤེས་ཐུབ་པས། ཕྲན་གྱིས་རྣམ་པ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་དབྱིན་ཇིའི་སྒྲུང་ཐུང་ཞིག་གཤམ་དུ་བོད་བསྒྱུར་བྱས་ཡོད།
གནའ་སྔ་མོ་ཞིང་པ་ཞིག་ལ་བུ་བཞི་ཡོད། བུ་བཞི་ཆ་ཧ་ཅང་ལེ་ལོ་ཆེ་ཞིང་ལས་ལ་མི་སྤྲོ་བ་དང་། མི་ཚེ་ལྷོད་ལྷོད་ངང་ལ་སྐྱེལ་འདོད་པ་ཤ་སྟག་ཡིན། ཞིང་པས་ཁོང་ཚོར་གང་ཐུབ་ཅི་ཐུབ་ཀྱིས་བསླབ་བྱ་ནན་མོ་ཞིག་བརྒྱབ་ཀྱང་། ཁོང་ཚོ་ཚང་མས་རྩ་བ་ནས་མ་ཉན་པ་རེད། དེར་བརྟེན་ཁོས་སློབ་ཚན་གཅིག་ཁྲིད་དགོས་སེམས་པའི་བློ་ཐག་བཅད། དེ་ནས་ཉི་མ་ཞིག་ལ་ཁོས་ཁོང་ཚོ་ཚུར་སྐད་བཏང་ནས་བཤད་པ་རེད། ང་ཚོའི་ས་ཞིང་ནང་ན་དངོས་པོ་རྩ་ཆེན་ཞིག་སྦས་སྐུང་བྱས་ཡོད། ཁྱོད་རང་ཚོ་སོང་ནས་གང་དུ་ཡོད་མེད་བཙལ་དགོས་ཞེས་ལབ་པ་དང་།
བུ་བཞི་ཆ་ཧ་ཅང་སྤྲོ་སེམས་རབ་ཏུ་འཁོལ་ཏེ། ཞིང་ས་ཐད་ཀར་རྐོ་བར་སྒུག་མི་ཐུབ་པའི་ཚོར་སྣང་སྐྱེས། བདུན་ཕྲག་གཅིག་གི་རིང་ལ་ས་ཞིང་ཡོངས་རྫོགས་རྐོས་ཀྱང་དངོས་པོ་རྩ་ཆེན་དེ་མ་བརྙེད་པས། ཐང་ཆད། ཁོང་ཁྲོ་ལངས་པ་རེད། ཞིང་པས་ཁོང་གི་བུ་རྣམས་ལ་ངག་འཇམ་པོའི་སྒོ་ནས་ཁ་བརྡ་ཞིག་དང་སེམས་གསོ་ཞིག་བཏང་། ཁྱོད་རང་ཚོས་ས་ཞིང་ཡག་པོ་འདི་འདྲ་ཞིག་བརྐོས་འདུག བརྐོས་ཚར་བའི་རྗེས་སུ་ཞིང་ནང་ལ་མ་རྨོས་ལོ་ཏོག་གི་ས་བོན་གཏོར་མ་བཞག་པ་ཅི་རེད། མ་རྨོས་ལོ་ཏོག་གི་ས་བོན་འདེབས་དགོས་པའི་ཁ་བརྡ་བྱས་མཐར་ཁོང་གི་བུ་ལེ་ལོ་ཅན་དེ་དག་གིས་ཀྱང་ད་རེས་ཨ་ཕའི་ཁ་ལ་ཉན་འཇོག་དགོས་ཞེས་ཨ་ཕས་བཤད་པ་ཇི་བཞིན་བྱས་པ་རེད།
བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་ཆར་པ་མང་པོ་བཏང་པ་དང་། ས་ཞིང་ཡོངས་སུ་མ་རྨོས་ལོ་ཏོག་སྐྱེས་པ་རེད། ཞིང་པས་ཁོང་གི་བུ་རྣམས་སྐད་བཏང་སྟེ་བཤད་པ་རེད། སྟོན་འབྲས་བསྡུས་པ་དང་། མ་རྨོས་ལོ་ཏོག་ཁྲོམ་ལ་སོང་ནས་བཙོངས་མ་ཐག་ཏུ། དངོས་པོ་རྩ་ཆེན་དེ་བརྙེད་ཡོང་ཞེས་བཤད་པ་དང་། ཁོང་ཚོས་ལོ་ཏོག་ཁྲོམ་ལ་སོང་ནས་བཙོངས་ཏེ། སྒོར་མོ་ཁུག་མ་གང་རང་ཁྱིམ་ལ་ཁྱེར་ཡོང་ནས། ཨ་ཕ་དངོས་པོ་རྩ་ཆེན་པོ་དེ་ང་ཚོས་གང་ནས་བརྙེད་ཅེས། དྲིས་པ་ན། ཨ་ཕས་ཁོང་ཚོས་ཁུར་ཡོང་བའི་སྒོར་མོ་ལ་མཛུབ་མོ་གཅིག་བསྟན་ཏེ་བཤད་པ་རེད། ངས་ཁྱོད་རང་ཚོར་བཤད་པའི་དངོས་པོ་རྩ་ཆེན་འདི་རེད། རྩ་ཆེན་འདི་ཡུན་རིང་ཞིག་ལ་ས་ཞིང་ནང་ན་གནས་ཡོད། དེ་ཕྱི་རུ་མངོན་པ་ལ་ཁྱོད་རང་ཚོས་དཀའ་ལས་བརྒྱབ་དགོས་བྱུང་བ་རེད། ཁྱོད་རང་ཚོའི་དཀའ་ལས་ལ་བརྟེན་ནས་དངོས་པོ་རྩ་ཆེན་འདི་ཁྱོད་རང་ཚོར་རག་པ་རེད། གལ་སྲིད་མུ་མཐུད་དུ་བརྩོན་པ་བྱས་ན་དངོས་པོ་རྩ་ཆེན་འདི་དུས་གཏན་དུ་ཁྱོད་རང་ཚོར་དབང་གི་རེད་ཅེས་བརྗོད།
དེ་ནས་བུ་རྣམས་ཀྱིས། གླེན་རྟགས་དང་བདེན་པ་དེ་ཧ་གོ་སོང་བ་རེད། ཁོང་ཚོ་རང་གི་ཉམས་མྱོང་དེ་ཡང་དགེ་རྒན་ཡག་ཤོས་ཡིན་པ་རང་རང་གི་ཉམས་མྱོང་དེ་དག་ལས་རྟོགས་ཡོད། དེར་བརྟེན། ཁོ་རང་ཚོའི་ཞིང་སར་ལོ་ཏོག་གི་ཚོང་འབྲེལ་ཆེན་པོ་རྒྱུན་མི་ཆད་པར་ཚོང་རར་ཡང་ནས་ཡང་དུ་བཙོངས། ལོ་ནས་ལོར་སྒོར་མང་པོ་བཟོས་ཡོད་པ་རེད།
2017-3-9 ཉིན་ཐད་སྒྱུར་བྱས།
བཟང་གི བྱ་དངོས་གང་ཞིག་ལའང་འབད་བརྩོན་ནི་མེད་དུ་མི་རུང་བ་ཞིག་གོ།
རྟ་དབྱངས་ལགས་བསམ་ཚུལ་བཟང་གི