ཐེ་བོ་སངས་རྒྱས།
བོད་ཀྱི་བླ་མ་དག་གིས་ཡེ་ཤུ་བའི་བླ་ཆེན་པོབ་ཀྱི་གོས་བེར་ཀོ་ལཱོ་འདྲ་དང་། རྒྱ་ནག་དང་མན་ཇུའི་རྒྱལ་མོའི་ཞྭ་མོ་འདྲ་བ། གྷི་རི་སེའི་དམག་དཔོན་གྱི་ཞྭ་མོ་འདྲ་བ་དག་གྱོན། དེ་དག་ལ་ཐོབ་དང་གོ་སའི་མཚོན་དོན་གལ་བོ་ཆེ་རེ་ཡོད་པས་ཡིན་ནམ། ཞྭ་མོ་རེ་ལ་རྩོད་གཞི་ཛ་དྲག་ཅན་ལྷགས་པའང་གདའ། བླ་མ་རྣམ་པའི་ཆོས་ཀྱི་དབྱངས་རྟ་ལ་སེམས་ཆུང་ཚོའི་བླ་འདར་བར་བྱེད་པའི་བརྗིད་ཉམས་ལྡན་པ་སྟེ། དེས་ཕི་གླིང་བ་ཞིག་ལ་སྙིང་ལོག་བྱས་པས་ཕྱིར་བྲོས་པའི་གཏམ་རྒྱུད་ཀྱང་ཡོད། ཚོགས་ཇ་འདྲེན་དུས་རྡོབ་རྡོབ་རྣམས་རྟ་རྒྱུག་རྒྱུག་མ་བྱས་ན་ཞལ་ངོས་བཀྱོན་ཕབ། ཇ་པྲའི་ནང་བྱེ་མ་བླུགས་པ་རེ་བསྣམས་ནས་ཇ་འདྲེན་ཁུལ་བྱེད་སྲོལ་ཡང་འདུག
མཐའི་ཡུལ་ལུང་རེ་ན་ལྷ་མཆོད་པའི་ཆོ་ག་ལ་ར་ལུག་དམར་བསད་ཀྱིས་ཤ་ཁྲག་གཏོར་མ་དང་སྦྱར་ནས་སྲེག བོད་མཐའ་འཁོབ་ཀློ་པ་རྣམས་ཀྱིས་མགྲོན་པོ་ལག་ཏུ་ཐེབས་ཚད་བསུས་ནས་དུག་ཨེ་དྲོངས་ལྟ། མི་ཆེན་དང་བླ་ཆེན་རེ་བཀྲོངས་ཐུབ་ན་དེ་དག་གི་བསོད་ནམས་རང་ལ་འཐོབ་པར་འདོད། གདོང་ལ་ཅེར་ན་འཆི་ལྟས་སུ་བརྩི་ཞིང་རྣམ་རྟོག་དགུར་ལངས། འབྲོག་པ་རྣམས་ཀྱི་ཅ་དངོས་ཡོད་ཚད་གཡག་ལ་བཀལ་ནས་རྩྭ་ཁ་གང་བཟང་བཟང་དུ་གནས་སྤོས་ནས་འགྲོ། དགུན་ཁའང་འབྲི་གཡག་གི་རྩིད་པས་བཏགས་པའི་སྦྲ་གུར་ཕུབ་པ་ལས་ཁང་ཁྱིམ་ཡེ་ནས་མེད། ཁོ་ཚོས་དགེ་ཁྲལ་འཇལ་ཐབས་ཙམ་ལ་གནག་ཕྱུགས་རེ་ཚེ་ཐར་གཏོང་མོད། བཤའ་སྙིང་བྲོ་དུས། བེའུ་ཞིག་ཚེ་ཐར་གྱི་འོག་ལ་དེད་རྗེས་ཚེ་ཁ་སྤོས་ཡོད་ཟེར་ནས་བཤའ། དེ་ཡང་ཁ་ནས་མ་ཎི་འདོན་ཅིང་ལག་གཡས་པས་འཁོར་ལོ་སྐོར་ཞོར་མཆུ་བསྡམ་པར་བྱེད།
སྔུན་ཆད་གཉེན་སྟོན་གྱི་སྦྱོར་བ་ལ། སློང་ཆང་དང་ཨ་མའི་ནུ་རིན་སོགས་སྤྲོད་སྲོལ་ཡུལ་ལུང་ཕལ་མོ་ཆེར་ཡོད་མོད། ད་ནི་དེ་ཚོ་གྲོང་གསེབ་པའི་སྲོལ་ཙམ་དུ་བས། དངོས་གཞི་ལ། བག་མ་དང་མག་པ་གཉིས་འཕྲུལ་འཁོར་གོས་ཆེན་གྱིས་བཏུམ་པ་ཞིག་གི་ནང་གདན་འདྲེན། ཁྱོ་ཤུག་ཟུང་ལ་སྐྱིང་ཁེབ་བམ་དར་ཟབ་ལ་སོགས་པའི་ལྭ་རིང་རེ་བསྐོན། མགུལ་དུ་རྡོ་དང་རུས་པའི་ཕྲེང་བ་འདོགས་ཤིང་། ཁྲིའུ་སྟེང་ཁོད་ནས་ཕན་ཚུན་མཛུབ་དཀྲིས་སྐོན་རེས་སོགས་བྱེད། མེད་པོ་ཡིན་རུང་ཚོམས་ཆེན་ཞིག་ཏུ་རྒྱ་ཟས་ལེའུ་བཅོ་བརྒྱད་ཨེ་ཤོམས་མི་ཤོམས་བལྟ།སྐུ་མགྲོན་ཚོས་ཤེལ་ཕོར་ཁ་གཏུགས་ནས་གཅིག་གིས་གཅིག་ལ་ཁ་གཡང་འཐེན་པའི་སྲོལ་དར། སྡིངས་ཆའི་སྟེང་རྒྱ་བོད་འདྲེས་མའི་སྐད་དུ་གཏམ་བཤད་དང་། གླུ་དབྱངས་ལེན་པར་བྱེད། མཇུག་ཏུ། ཤོག་ཆག་དམར་པོའི་བམ་ཁ་དེ་ནང་མིས་ལྐོག་མིག་འཕེན་ས་གཙོ་བོ་ཡིན། ཁྱད་མཚར་བ་ཞིག་ལ། མགྲོན་པོ་རེ་འགའ་ལྟོགས་ནས་རྒྱུ་མ་བྲང་ལ་འབྱར་གྲབས་ཡོད་རུང་ལྟོ་འགྲངས་ཡོད་མདོག་སྟོན། ལག་གི་ཅ་ནེ་ཨུ་ཚུགས་ཀྱིས་འཐེན་ན་ལག་པ་ག་ལེར་གློད་ཡོང་།
ཁོ་པ་ཅག་ལུང་པ་གང་དུ་གནས་བཅའ་ན་དེའི་ཡུལ་ཆོས་ལོབས་པར་ཅང་མི་འགོར། མི་རིགས་གཞན་ཞིག་གིས་བོད་སྐད་བཤད་ན་ཡ་མཚན་མཚན་བྱེད་ཀྱང་། ཁོང་ཚོ་ཅི་ཞིག་ཏུ་འགྱུར་གྱིན་པར་སྣང་བ་མི་གཏོང་། གནའ་སྔ་མོར་ཡབ་མེས་ཚོས་མཐའ་བཞིར་དམག་དྲངས་རབས་དང་། གཞུང་བརྩམས་རབས། གཏེར་བཏོན་རབས་སོགས་བཤད་ནས་མགོ་བོ་དགྱེ་དགྱེ་བྱེད་ཀྱང་། ད་ཡོད་མི་རབས་འདིའི་ཁ་སྟབས་དང་འབྱུང་འགྱུར་ཐད་གླེང་བསླངས་ན་གཏམ་གྱི་ཁ་གཞན་དུ་སྒྱུར་ཐབས་བྱེད།
གནའ་དུས་རྒྱ་དཀར་ནག་ནས་ཁོ་པ་ཅག་གི་ཡི་གེར་བསྒྱུར་པའི་དཔེ་ཆ་སྟོང་ཕྲག་མང་པོ་བརྩིགས་པ་ལ་ཕྱག་འཚལ་བའམ། སྐོར་བ་འཁོར་བ། མཆོད་མེ་འབུལ་བ་སོགས་བྱེད་པ་ལས་ལྟ་ཀློག་གམ་སློབ་གཉེར་མི་བྱེད། བརྒྱ་ལ་བཀླགས་ཀྱང་དེའི་དགོས་དམིགས་ནི། ནད་སངས་ཆེད་དམ་གཡང་འཁོར་ཐབས་སོགས་ཡིན་པ་གོར་མ་ཆག ལར་མི་རིགས་འདིས་ཉེ་འཁོར་ལ་ལད་ཟློས་བྱེད་པར་གོམས་པས། ཆོས་སྲིད་འབྱོར་བ་གང་སྒྲུབ་རུང་གསར་གཏོད་ཐད་སྟོང་ཆ་ཞིག་ནར་མར་འོང་། སྔོན་གྱི་མཁས་པ་ཚོས་ལྟ་བའི་གནད་དོན་བརྩད་ཅིང་རིགས་པ་དང་རྒྱུ་མཚན་གཙོར་འདོན་བྱེད་མོད། ད་ལྟའི་མཁས་མིང་འཛིན་པ་དག་གཅིག་གིས་གཅིག་ལ་ཁ་མཚང་ངོ་མཚང་འདྲ་འབྲུ་རེས་བྱེད་བཞིན་མཆིས།
མཁས་པ་སྔོན་མ་ཚོས་གཞུང་ལུགས་གང་དང་གང་ལ་ནང་བྱན་ཆུད་ཀྱང་མི་ཤེས་ཟེར་ལ། བརྗོད་བྱ་གང་ཟབ་ཟབ་དག་རྗོད་བྱེད་ཚིག་ཚོགས་གང་ཉུང་ཉུང་ནང་བསྡུ་ཐུབ་མོད། དེང་གི་མཁས་པ་ཚོས་གང་དྲིས་རུང་མི་ཤེས་ཟེར་བ་སྲིད་མཐའ་ཙམ་རེད། བརྗོད་བྱ་གང་སླ་སླ་དག་རྗོད་བྱེད་ཚིག་ཚོགས་གང་མང་མང་སྤུངས་པར་གོམས།
ཐང་ཧྲུའུ་ཟེར་ག་རེ་རེད། རྒྱ་དགའ་མ་ཁྱེད་ཚོས་ནམ་ཞར་ཞར་ལ་བོད་ཡིག་གཙབ་ཧྲལ་གཏོང་གི་འདུག
ཐང་ཧྲུའུ་བ་གོ་མ་མྱོང་ན། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་གཟིགས་དང་དེར་བེད་སྤྱོད་མང་པོ་བཏང་ཡོད།
ཐང་ཧྲུའུ་ཟེར་བ་གོ་མ་མྱོང་ན། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་གཟིགས་དང་དེར་བེད་སྤྱོད་མང་པོ་བཏང་ཡོད།
སྐུ་ཞབས་འབར་ལགས། ཐང་ཧྲུའུ་ཟེར་བ་འདི། དུས་རབས་བཅུ་བཞི་པའི་ནང་བརྩམས་པའི་ཚལ་པའི་དེབ་དམར་ལས་མ་མཐོང་ངམ། བོད་ཀྱི་སྲིད་དོན་རྒྱལ་རབས་ནང་དུ་མ་མཐོང་ངམ། དུང་དཀར་ཚིག་མཛོད་ཆེན་མོར་མ་མཐོང་ངམ། ད་དུང་སྒྲ་སྒྱུར་གྱི་འགྱུར་ཅུང་མ་འདྲ་བ། ༼ཐང་ཞིས་༽ཞེས་པ་དེབ་ཐེར་དཀར་པོ་ལས་མ་མཐོང་ངམ། ོ
ཨ་ཨ་དྲ་འབུ་མང་ཡ།