ཨོ་རྒྱན་ཉི་མ།
ལུས་ལ་གོན་རྒྱུ་ནུབ་ལྭ་ཆ་འགྲིགས་རེད། །
ངག་སྒོའི་དང་པོ་ནུབ་ཀྱི་སྐད་ཡིག་རེད། །
བསམ་བློ་མ་ལུས་ནུབ་ཕྱོགས་ལྟ་གྲུབ་རེད། །
ནུབ་ལུགས་མེད་ན་འཚོ་ཐབས་དཀའ་མོ་རེད། །ཧཧཧཧ
ལག་ལ་ཁུར་རྒྱུ་ནུབ་ཀྱི་གློག་ཆས་རེད། །
འགྲོ་སྒོ་ཆེ་ཤོས་ནུབ་ཀྱི་དངུལ་སྒོར་རེད། །
ས་གནམ་གཉིས་ཀར་ནུབ་ཀྱི་འཕྲུལ་འཁོར་རེད། །
ནུབ་ཕྱོགས་པ་ནི་འཇིག་རྟེན་བདག་པོ་རེད། །ཧཧཧཧ
ལས་ཁུངས་ཡོད་ཚད་ནུབ་ཀྱི་འགྲོ་སྟངས་རེད། །
ཁྲིམས་ལུགས་ཡོངས་རྫོགས་ནུབ་ཀྱི་རྩ་ཁྲིམས་རེད། །
སློབ་གྲྭའི་ཤེས་བྱ་ནུབ་ཀྱི་གྲུབ་མཐའ་རེད། །
ད་ནི་ནུབ་ལ་མི་དད་ཡོད་མ་ཡིན། །ཧཧཧ
དགོན་པའི་བཤད་གྲྭའི་ལས་རིམ་ནུབ་ལ་ཕྱོགས། །
མཁན་སྤྲུལ་ཕལ་ཆེར་ནུབ་ལ་འགྲོ་རྒྱུག་ཆེ། །
མཁས་པ་མང་པོས་ནུབ་ཀྱི་ལག་འཁྱེར་རེམ། །
ནུབ་ནི་འདོད་ཡོན་དཔལ་གྱིས་ཕྱུག་པ་ཉིད། །ཧཧཧཧ
ནུབ་ཀྱི་སྒེག་ཉམས་འཆང་བའི་མཛེས་མ་དང་། །
ནུབ་ངག་དབྱངས་སུ་གྱེར་བའི་འདོད་པའི་གཏམ། །
མཚན་མཐུན་ཆགས་སྤྱོད་དུད་འགྲོར་གཉེན་སྒྲིག་སོགས། །
འདོམས་ཀྱི་བྱ་བ་རྣམས་ཀྱང་ནུབ་ལུགས་སོ།།ཧཧཧ
ཚོང་དང་སོ་ནམ་ཆབ་སྲིད་ཚེ་འདིའི་ཆོས། །
དུས་སྟོན་སྤྲོ་སྐྱིད་ལོ་སར་ལ་སོགས་པའི། །
ཟས་གོས་གནས་མལ་མ་ལུས་ནུབ་ལུགས་ཏེ། །
ཉིན་མཚན་གཉིས་ཀྱི་བྱ་བ་ནུབ་ལ་བསླབས། །ཧཧཧ
སྨན་པ་མཁས་པ་མ་ལུས་ནུབ་ལུགས་རེད། །
དམག་དང་གོ་མཚོན་རྣམས་ཀྱང་ནུབ་ལྟར་བྱེད། །
རྒྱ་གར་བློ་རིག་བཀྲ་ཡང་ནུབ་ཀྱི་གཡོག །
རྒྱ་ནག་འབྱོར་བ་ཆེ་ཡང་ནུབ་ཀྱི་བྲན། །ཧཧ
ཆང་ཁང་བག་ཁང་གཞང་ཁང་ཨ་བ་ཁང་། །
ཟ་ཁང་ཇ་ཁང་བཞར་ཁང་ཐབ་ཚང་ཁང་། །
ཟ་མ་ལས་དཀའ་མནའ་མ་མག་པ་དང་། །
ཨ་ཕ་ཨ་མ་ཐམས་ཅད་ཨང་གསར་ཅན། །
སྟབས་བདེ་ཉིན་རེར་འགྱུར་ལ་གཏད་སོ་མེད། །
འདོད་རྔམ་གྲངས་དང་མཐུན་པའི་དངོས་གསར་བསྐྲུན། །
འདོད་པ་སྔ་མ་མ་སངས་ཕྱི་མས་གནོན། །
འདོད་གདུང་ཟུག་རྔུ་ལྕི་བ་ནུབ་ལུགས་སོ། །
ཤཱཀྱ་ཐུབ་པ་མེད་ན་ཐུབ་མཁན་མེད། །
དམ་ཆོས་སྨན་མཆོག་མེད་ན་བཅོས་ཐབས་མེད། །
ཉམས་ལེན་རྣལ་མ་མེད་ན་ཕན་ཐོགས་དཀའ། །
དེ་ཕྱིར་ཆོས་པས་རང་ཚུགས་མ་ཤོར་ཅིག །
༢༠༡༨ ༠༦ ༣༠ ——༢༠༡༨ ༠༧ ༠༡།
ནུབ་ཕྱོགས་བདེ་བ་ཅན་ནུབ་གླིང་གི་ལུང་པ་ཁྲེལ་དང་ངོ་ཚ་
ཚེ་འདི་ཕྱི་ལས་རྒྱུ་འབྲས་གང་ལའང་རྩི་མི་དགོས་པའི་ནུབ་གླིང་
མགོ་སེར་ཡུལ་དུ་ནམ་ཡང་མ་སྐྱེས་པ་ཤོག་།
ནུབ་ཕྱོགས་སྟོབས་ཤུགས་གླེང་འདོད་ན། །
ཚན་རྩལ་འཕྲུལ་རིགས་ནུབ་ནས་དར། །
སྤྱོད་ངན་ངན་དགུ་ནུབ་ནས་དར། །
ནུབ་ཕྱོགས་སེམས་བདེ་ཤར་ལ་རེ། །
མ་གཞི་ཁོང་གི་སྐད་ཆ་འདི་བདེན་བདེན་འདྲ་ཡང་། ཁོ་རང་ཡང་ནུབ་ཕྱོགས་ལ་སྡོད་ནས་ནུབ་ཕྱོགས་པ་ལ་རྟེན་མེད་མདོག་མདོག་ཡིན་ས་རེད་ ཁས་བཤད་དུས་སྣས་ཨེ་ཕྱ་མི་ཤེས་ཁན་ཟེར་་་་ཧཧཧ
དམར་སེར་གོས་གྱོན་དགེ་སྦྱོང་ཡིན་ནོ་ལོ། །
དགེ་སྦྱོང་ཆོས་བཞི་མི་བསྲུང་འཁྲུག་དཔོན་བྱེད། །
གྲྭ་ཆས་གྱོན་ཏེ་སྔགས་པ་ཡིན་ནོ་ལོ།།
དམ་ཚིག་སྣ་གཅིག་མི་བསྲུང་མོ་མགོ་བསྐོར།།
ཁ་ནས་ཚིག་རྩུབ་སྨྲ་བཞིན་དགེ་བཤེས་ལོ།།
ཆོལ་ཞེན་ཆོས་ཞེན་བྱས་ཏེ་ཆིག་སྒྲིལ་གཏོར།།
ང་དང་ང་ཡི་ཟེར་བཞིན་ཐེག་ཆེན་ལོ།།
གཞན་ཕྱོགས་མཆེད་གྲོགས་ཡིན་ཀྱང་དགྲ་རུ་འཛིན།།
ཆོས་པའི་རང་ཚུགས་ཨམ་དེ་དེ་ཡིན་ནམ།།
དེ་ལ་ཟེར་ན་དེ་ནི་ཀུན་ལ་འདུག །
སྲོལ་རྒྱུན་རིག་གཞུང་གཞོམ་པའི་ཐོ་བ་དང་། །སྤྱི་ཚོགས་མཐུན་སྒྲིལ་གཏོར་བའི་གཤེད་མ་དངོས། །སྣོད་བཅུད་མ་ལུས་འབག་གཙོག་ནད་ཀྱིས་བཀང་། །ནུབ་ལུགས་ཆབ་དཔལ་ཚན་གསུམ་འཇིག་རྲེན་དགྲ། །
ཡ་རབས་བཟང་སྤྱོད་བོད་མིའི་སྒོམས་བཤིས་དང་།
རྒྱུ་འབྲས་རྣམ་བཞག་ནང་པའི་བསྟན་ཆོས་སོགས་།
སྐྱེ་འགྲོ་འཚོ་བའི་བདུད་རྩི་སྨན་གཅིག་པུ་།
ནུབ་གླིང་གསར་བརྗེའི་དཔལ་འབྱོར་བཤུ་ཞོག་འོག་།
ནམ་ཞིག་རྩ་་རླག་མ་འགྲོ་དཀོན་མཆོག་མཁྱེན་།
རྣམ་གཞག་དང་། གོམས་གཤིས་ཞེས་འབྲི་དགོས།
ནུབ་ལུགས་ཤེས་བྱ་རིག་པ་ཤེས་ན་འདོད།
འདོད་པའི་བསྟན་བཅོས་དྭང་མ་ཐོབ་ན་འདོད།
ཀུན་སྤྱོད་མ་ལུས་དེ་ཀུན་ཕྱོགས་ན་འདོད།
ཐར་འདོད་ཅན་རྣམས་རྒྱང་དུ་རེམ་ན་ལེགས།