རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲིས།
དེ་རིང་སྨན་པ་རྟ་རྭ་ངག་དབང་བློ་གྲོས་ལགས་སུ་སྨན་ཁང་དེ་གསར་དུ་འཛུགས་དགོས་དོན་དང་འབྲེལ་བའི་སྐོར་ལ་བཅར་དྲི་ཞུས་ཡོད།
དྲི་བ། ༡ ཨམ་མཆི་ལགས་བཀྲིས་བདེ་ལེགས། ད་ལྟ་ཡར་ཡོང་དུས་རྒྱ་གར་གྱི་ནད་པ་ཁག་ཅིག་ཕེབས་འདུག་ཁོང་རྣམ་པ་ས་གནས་ག་ནས་ཕེབས་པ་དང་ནད་གཞི་གང་རེད་དམ།
ལན། སྤྱིར་བཏང་སྨན་པ་རྟ་རྭ་གསོ་རིག་སྨན་ཁང་དེ་ཉེ་ཆར་ཕྱི་ཚེས་༧ ཉིན་གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་ནས་དབུ་འབྱེད་བྱས་པ་རེད། དེ་རིང་བར་ལ་ཉིན་གྲངས་ལྔ་ལས་འགྲོ་གི་མེད། སྤྱིར་བཏང་ཉིན་དགུང་ཚོུད་དང་པོ་ལ་ཉིན་དགུང་ཁ་ལག་ཟ་བའི་དུས་ཚོད་ཡིན། ཡིན་ནའི་ད་ལྟ་ཉིན་དགུང་ཚོུད་གཉིས་པ་ཟིན་གྲབས་འདུག་ཏེ་ནད་པ་མཚམས་ཆད་ཀྱི་མི་འདུག་ད་ལྟ་འདིར་ཡོད་པ་ཁོ་ཚོ་སྦེང་ལོར་གྲོང་ཁྱེར་ནས་འདིར་ཡོང་བ་རེད། བརྟག་དཔྱད་བྱས་ཟིན་པ་ཁོ་ཚོའི་ནང་ནས་གཅིག་གདོང་པ་ལ་འབུར་རྡོག་ཡོད་པའི་དཀའ་ངལ་དང་། གཅིག ཁལ་འགྲམ་ཟེར་ཡག་གཙོ་བོ་རྩ་དཀར་དང་འབྲེལ་བའི་རྐེད་པའི་ན་ཚ་རེད།
དྲི་བ། ༢ ཨམ་མཆི་ལགས་སྤྱིར་བཏང་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ལོ་མང་པོ་གནང་འདུག ད་རེས་སྐུ་ཉིད་སྒེར་གྱི་རྟ་ཪྭ་གསོ་རིག་སྨན་ཁང་དེ་སྦེལ་ཀོབ་གཞིས་ཆགས་ནང་ལ་འཛུགས་དགོས་དོན་ག་རེད་ཡིན་པ་ངོ་སྤྲོད་གནང་རོགས།
ལན། ལགས་སོ། སྤྱིར་བཏང་ང་དང་པོ་བོད་ནས་ཡོང་དུས་༸སྐྱབས་མགོན་རིན་པོ་ཆེ་དང་ཡང་སྒོས་བོད་གཞུང་སྨན་རྩིས་ཁང་གིས་སློབ་སྦྱོང་གནང་ཏེ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། ཡིན་ན་ཡང་དེང་དུས་སྤྱི་ཚོགས་ཤིག་ནང་འགྲོ་དགོས་དུས། ཆེད་ལས་པ་བྱེད་རྒྱུའི་མདུན་པ་དང་དབྱིངས་ཞེ་དྲག་ཡོད། ད་ག་ནང་བཞིན་ནད་པ་ཚོ་ལ་ཡིན་ན་ཡང་སྨན་སྤྲད་ཐུབ་ཙམ་མ་ཡིན་པར་ལག་ལེན་ཐོག་ནས་གཅིག་བྱེད་ཐུབ་ན་བསམ་པའི་མདུན་པ་ཤུགས་དྲག་ཡོད་མཁན་ཞིག་ཡིན། དེ་འདྲ་སོང་ཙང་། ད་བར་དུ་སྨན་རྩིས་ཁང་ལ་འབོད་སྐུལ་རིམ་པ་ཞུས་པ་ཡིན་ཀྱང་གསན་འཇོག་མ་གནང་པ་ཟེར་ན་རེད། ཐུགས་མ་ཁོམས་པ་ཟེར་ན་རེད་གང་ལྟར་ད་བར་ལྷག་བསྡད་པ་རེད། ད་སོ་སོ་ཡིན་ནའི་སྨན་པའི་འགན་ཞིག་ཡོད་པའི་ཆ་ནས་དང་སྦེལ་ཀོབ་གཞིས་ཆགས་ནང་ཉམས་གསོག་བྱས་ཏེ་ལོ་གཅིག་དང་སྨན་པ་ལོ་གསུམ་བྱས་པ་ཡིན། དེའི་བརྒྱུད་རིམ་ནང་བལྟས་པ་ཡིན་ན། སྦེལ་ཀོབ་གཞིས་ཆགས་ནང་རྐེད་པ་ན་བ་དང་དཔུང་པ་ན་བ། དབུགས་གསག་ཡོད་མཁན་ཤུགས་ཆེན་པོ་རེད། བྱས་ཙང་ངས་སྨན་ཁང་འདི་ཁོང་རྣམ་པར་དམིགས་ནས་བཙུགས་པ་ཞིག་ཡིན།
དྲི་བ། ༣ སྨན་པ་རྟ་ར་གསོ་རིག་སྨན་ཁང་འདིར་ས་གནས་སྨན་རྩིས་ཁང་ལ་མེད་པའི་དམིགས་བསལ་སྨན་བཅོས་དང་ཁྱད་ཆོས་གང་དང་གང་ཡོད་དམ།
ལན། འདིར་སྨན་རྩིས་ཁང་དང་མི་འདྲ་བའི་ཆ་རྐྱེན་ག་རེ་ཡོད་རེད་ཞུས་ན། ང་རང་ཚོ་སྦེལ་ཀོབ་སྨན་རྩིས་ཁང་ལ་ཆ་བཞག་ན་དེའི་ནང་ལ་ང་ཚོ་གསོ་བ་རིག་པའི་གཞུང་ནང་ལ་ཡོད་པ་ནང་བཞིན་གྱི་སྐུ་མཉེ་བྱེད་ཡས་དང་། ལུགས་རྒྱག་ཡས་དེ་འདྲའི་རིགས་དེ་ཡོད་མ་རེད། དེ་ངས་འཛུགས་དགོས་འདུག་ཅེས་ཐེངས་མང་པོ་ཞུས་པ་རེད་དེ་ལག་ལེན་མ་བྱུང་ཙང་མི་དམངས་ཀྱི་བདེ་སྡུག་སེལ་ཡས་ཆེད་དུ་ང་རང་སྒེར་གྱིས་བཙུགས་པ་རེད། དམིགས་བསལ་ང་ལ་བཅོས་ཡས་དེ་ང་ཚོ་བོད་ཀྱི་གསོ་བ་རིག་པའི་གཞུང་ནང་ལ་ཡོད་པའི་རུས་པ་སྒྲིག་སྦྱོར་བྱེད་ཡས་ཤིག་ཡོད་རེད། དེ་དེང་སྐབས་རྒྱ་ནག་དང་སིང་ག་པུར་སོགས་ནང་ཞེ་དྲག་དར་ཁྱབ་ཆེན་པོ་ཡོད་པ་དང་ཕན་ཐོགས་ཆེན་པོ་ཡོད་པ་དེ་འདྲ་རེད། དེ་ངས་དྲ་རྒྱའི་ནང་ནས་སྦྱངས་ཏེ་ལག་ལེན་བསྟར་གྱི་ཡོད་ལ་ནད་པ་ཚོར་ཕན་ཐོགས་ཆེན་པོ་འདུག ད་ཆ་བཙན་བྱོལ་ནང་གི་སྨན་པ་ཚོར་ཤེས་ཚད་དེ་ཡོད་མ་རེད་ལབ་ན་ཡང་ང་ཕལ་ཆེར་ཧམ་པ་ཆེ་གི་མ་རེད་བསམ་གྱི་འདུག དེ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་འདུག ལོ་མང་པོར་དཀའ་ངལ་འཕྲད་པ་ཕྱི་ལུགས་སྨན་པས་གཤག་བཅོས་བྱེད་དགོས་ཀྱི་འདུག་ཟེར་ཡས་དེ་འདྲ་མང་པོ་ཞིག་ངས་བཅོས་ཏེ་་དྲག་སྐྱེས་བྱུང་པ་དེ་འདྲ་མང་པོ་ཡོད་ཅེས་ཞུ་རྒྱུ་ཡིན།
དྲི་བ། ༤ ངས་ཤེས་རྟོག་བྱུང་བ་གཞིར་བཞག་བྱས་ན། སྦེལ་ཀོབ་གཞིས་ཆགས་ནང་ང་ལ་ཐུག་མྱོང་བའི་ནད་པ་དང་ངོ་ཤེས་མང་པོ་ཞིག་གིས་སྨན་པ་རྟ་ར་ཕན་པོ་འདུག འཕྲོད་པོ་འདུག་ཟེར་མཁན་མང་པོ་འདུག གཙོ་བོ་སྨན་པ་སོ་སོའི་ཉམས་མྱོང་དང་ཤེས་ཚད་རྨང་གཞི་རེད། དེ་མིན་ཨམ་མཆི་ལགས་ཀྱི་ངོས་ནས་དེའི་ཐོག་དམིགས་བསལ་རྒྱུ་མཚན་གཞན་དག་ག་རེ་ཡོད་པ་ངོོས་འཛིན་གནང་གི་ཡོད་དམ།
ལན། སྤྱིར་བཏང་སྨན་པ་གཞན་དག་ལ་མེད་པ་ཞིག་ང་ལ་ཡོད་བསམ་པའི་གདེངས་ཚོད་དེ་འདྲ་གང་ཡང་བྱེད་ཀྱི་མེད། ཡིན་ན་ཡང་ང་རང་ནམ་རྒྱུན་དུ་ཞོགས་པ་ཡར་ལངས་པ་ནས་དགོངས་མོ་མ་ཉལ་བར་དུ་གཞན་ལ་ཕན་པ་ཞིག་བྱེད་བསམ་པའི་ཀུན་སློང་དེ་འཁྱེར་གྱི་ཡོད། གཉིས་པ་དེ། ནད་པ་ཞིག་བསླེབས་སོང་ན། ནད་པ་དེར་སྨན་གྱི་ཐོག་ནས་ག་རེ་ཕན་གྱི་འདུག ལག་ལེན་ཐོག་ནས་ག་ཏེ་ཕན་གྱི་འདུག སྨན་དང་ལག་གཉིས་བསྡེབས་ནས་ག་རེ་ཕན་གྱི་འདུག དེ་ཚོ་ཟུང་དུ་སྦྲེལ་ནས་སྨན་བཅོས་བྱེད་ཀྱི་ཡོད། ནད་པ་ལ་ཡང་ཟས་སྤྱོད་སོགས་སྤང་བླངས་བྱེད་སྟངས་སྐོར་ཁ་རི་ཁ་ཐུག་གི་སྐད་ཆ་ཤོད་ཀྱི་ཡོད། ནད་པ་མང་ཆེ་བས་དགའ་པོ་བྱེད་ཀྱི་འདུག་ལ་ཕན་པོ་འདུག་ཅེས་སེམས་ཐག་ཉེ་པོ་བྱེད་ཀྱི་འདུག དེ་མིན་ནད་པ་རེ་བཟུང་སྣང་བ་མི་འགྲོ་བ་དེ་འདྲ་ཡང་ཆོས་ཉིད་རེད།
དེ་བཞིན་ནམ་རྒྱུན་དུ་ནས་སོ་སོས་སངས་སྨན་བླའི་གཟུངས་སྔགས་འདོན་པ་དང་སྨོན་ལམ་འདེབས་ཀྱི་ཡོད། དེ་འདྲའི་ནུས་པ་དང་བྱིན་རླབས་ཐོག་ནས་ཕན་ཐོགས་བྱུང་བ་རེད་བསམ་གྱིི་འདུག
དྲི་བ། ༥ ངས་ཤེས་རྟོགས་བྱུང་བ་ལྟར་ན། ཨམ་མཆི་ལགས་ཀྱིས་ད་བར་འཕྲོད་བསྟེན་གྱི་སྐད་འཕྲིན་ཚོགས་པ་མང་པོའི་ནང་ལ་འཕྲོད་བསྟེན་གྱི་ལམ་སྟོན་བཀའ་སློབ་གནང་གི་འདུག དམིགས་བསལ་བོད་ནང་བཞུགས་པའི་ནད་པ་ཁ་ཤས་ལ་རྒྱ་ནག་་ནང་གི་སྨན་ཁང་ཆེ་གྲས་དེ་འདྲའི་ནང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བའི་རིགས་དེ་འདྲ་ཁ་ཤས་ལ་ཨམ་མཆི་ལགས་ཀྱིས་རྒྱངས་བཅོས་གནང་ཏེ་དྲག་སྐྱེས་བྱུང་བ་དང་དེ་བཞིན་རྒྱ་གར་ཡུལ་མི་མང་པོ་ཞིག་ལ་ཕྱི་ལུགས་སྨན་པས་བཅོས་མ་ཐུབ་པའི་ན་ཚ་དེ་འདྲ་ཁྱེད་རང་གིིས་བཅོས་པའི་གནས་ཚུལ་འདུག དེ་ཚོ་བདེན་པ་ཡིན་ན། དེའི་སྐོར་གྱི་དཔེ་མཚོན་ཞིག་གསུངས་རོགས་གནང་།
ལན། ལགས་སོ། ཁྱེད་རང་གིས་གསུངས་པ་ལྟར་སྤྱིར་བཏང་དུས་ཀྱི་འགྱུར་བའི་སྟེང་ནས་རེད། སོ་སོའི་ས་གནས་མ་ཡིན་ཀྱང་སོ་སོ་ལ་བྱེད་ཡས་ཀྱི་མདུན་པ་ཡོད་པ་ཡིན་ན། བྱེད་ཐུབ་ཡས་ཀྱི་ལམ་ཁ་དང་ལག་པ་ག་པ་རྐྱང་རྐྱང་འདུག ངས་བོད་ནང་གི་བོད་མི་ཚོར་ཕན་ན་བསམས་ཏེ་བོད་ནང་འཕྲོད་བསྟེན་དང་འབྲེལ་བའི་ངའི་སྐད་འཕྲིན་ཚོགས་པ་གསུམ་ཡོད། དེའི་བརྒྱུད་རིམ་ནས་ཁོང་རྣམ་པས་ཕན་ཐོགས་ཆེན་པོ་ཞེ་དྲག་འདུག་ཅེས་བསྔགས་བརྗོད་གནང་གི་འདུག་ལ་ཡིག་ངག་གཉིས་ཀྱི་སྒོ་ནས་ཐུགས་རྗེ་ཆེ་ཞེས་གསུང་མཁན་མང་པོ་འདུག ཁོོ་ཚོ་ལ་ཕན་ཐོགས་ཡོང་དུས་སོ་སོའི་མདུན་པ་ཆེ་རུ་འགྲོ་བ་དང་བློ་སྐྱེད་ཡིན་ནའི་གསར་པ་རག་གི་འདུག དཔེ་མཚོན་ཙམ་བཤད་ན། བོད་ནང་ནད་པ་ཁ་ཤས་ཡོད། གཅིག་ཁམས་ཕྱོགས་ནས་རེད། ཁོ་རང་རྒྱ་ནག་ནང་སློབ་གྲྭར་འགྲོ་གི་འདུག ཁོ་རང་གདོང་ལ་འབུར་རྡོག་ཞེད་སྣང་ཚ་པོ་དེ་འདྲ་མང་པོ་དོན་ཏེ་ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་བྱུང་མི་འདུག ཁོ་རང་ལ་ངས་དྲ་རྒྱའི་བརྒྱུད་སྨན་སྦྱོར་དང་ཟས་སྤྱོད་ཀྱི་ལམ་སྟོན་བྱས་ཏེ་ཁོ་རང་སེང་དྲག་ཕྱིན་པ་རེད། ཁོ་རང་གི་པར་དང་བཅས་པ་ཚང་མ་ང་ལ་ཡོད། གཞན་གཅིག སྐུ་ཞབས་ལགས་ཅིག་ཡོད། ཁོང་རང་གི་གདོང་ལ་འབུར་རྡོག་མཛུབ་མོའི་ཆེ་ཆུང་ཙམ་དེ་འདྲ་མང་པོ་དོན་པ་དང་སྣག་དང་ཆུ་སེར་དོན་ནས་ལོ་མང་པོར་དཀའ་ངལ་ཆེན་པོ་འཕྲད་པ་དང་ཁོང་གིས་བོད་ནང་གི་བོད་སྨན་དང་རྒྱ་ནག་ནང་གི་སྨན་ཁང་ཆེ་ཁག་མང་པོ་ཞིག་ལ་བསྟེན་འདུག་ཀྱང་ན་ཚ་དེ་ལ་མིང་འདྲ་མིན་མང་པོ་ཞིག་བཏགས་ཏེ་གང་ལྟར་གཏན་ནས་བཅོས་ཐུབ་མི་འདུག ངས་འདི་ནས་ནད་ཀྱི་རྒྱུ་དང་རྐྱེན་དེ་འདྲ་རེད། ཟས་སྤྱོད་སྤང་བླངས་དེ་འདྲ་བྱེད་དགོས་རེད། སྨན་དེ་དང་དེ་བསྟེན་དགོས་རེད་ཅེས་ལམ་སྟོན་བྱས་པ་རེད། དེ་ནས་་ཁོང་རང་གིས་ངས་འདི་ནས་བཤད་པ་ནང་བཞིན་བྱས་རྗེས་ནད་གཞི་དེ་བརྒྱ་ཆ་དགུ་བཅུ་གོ་དགུ་དྲག་སྐྱེད་བྱུང་སོང་།
དྲི་བ། ༦ ཨམ་མཆི་ལགས་ཀྱི་སར་རྒྱ་གར་ནད་པ་མང་པོ་ཡོང་གི་ཡོད་པ་དེ་ཚོ་ས་གནས་གང་ནས་ཡོང་བ་དང་ཁོ་ཚོའི་ནད་གཞི་མང་ཆེ་བ་གང་རེད་དམ།
ལན། ང་འདི་ག་སྦེལ་ཀོབ་སྨན་རྩིས་ཁང་ལ་བསླེབས་པ་ནས་རྒྱ་གར་གྱི་ནད་པ་མང་དུ་ཕྱིན་པ་རེད། ནད་པ་མང་ཆེ་བ་སྦེང་ལོར་དང་མེ་སོར། ཧུན་སུར། པིར་ཡ་པར་ན། མ་ར་ཀེ་རི་དང་ཉེ་འཁོར་ཁུ་རུབ་སོགས་ས་གནས་མང་པོ་ནས་ཡོང་གི་འདུག རྒྱ་གར་ནད་པ་མང་ཆེ་བ་ཞིག་འ་ཆད་འུ་ཐུག་ནས་ངའི་སར་ཡོང་བ་དེ་འདྲ་རེད། སྤྱིར་བཏང་ན་ཚ་མི་འདྲ་བ་མང་པོ་ཡོད་ཀྱང་ངའི་སར་ཡོང་མཁན་མང་ཆེ་བ་ཚིག་དང་། རྐེད་པ། པུས་མོ། དཔུང་པ་བཀྱག་མི་ཐུབ་བཅས་ཀྱི་དཀའ་ངལ་ཡོད་པ་དེ་འདྲ་རེད།
དྲི་བ། ༧ ཨམ་མཆིི་ལགས་ཀྱི་གོང་ལ་གསུངས་པ་བཞིན་ཁྱེེད་རང་གི་སྨན་བཅོས་ནང་ནས་ཆེད་ལས་དམིགས་བསལ་དེ་རུས་ཚིག་སྒྲིག་སྦྱོར་བྱེད་ཀྱི་ཡོད་གསུངས་སོང་། ད་བར་རུས་ཚིགས་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་བ་དམིགས་བསལ་དེ་འདྲ་གསུང་རྒྱུད་ཡོད་དམ།
ལན། དེ་ཐོག་ནས་དཔེ་མཚོན་ཙམ་ཞིག་ཞུས་པ་ཡིན་ན། ང་ན་ནིང་སྦེལ་ཀོབ་སྨན་རྩིས་ཁང་ལ་སྡོད་པའི་སྐབས་ཉམས་གསོག་བོུ་གཉིས་ཡོད། ཁོ་རང་གཉིས་ཀྱིས་ཀྱང་ཡག་པོ་ཤེས་ཀྱི་རེད། ངའི་ནམ་རྒྱུན་དུ་དམིགས་ཡུལ་དང་ལང་ཕྱོགས་ག་རེ་རེད་ལབ་ན། སོ་སོས་གང་ཤེས་པ་དེ་གཞན་ལ་བསླབ་རྒྱུ་དེ་ངའི་ལྟ་བ་ཟེར་ནའི་ལང་ཕྱོགས་ཟེར་ནའི་དེ་ཡིན། སྤྱིར་བཏང་ང་ཞེ་དྲག་གི་སྨན་པ་རྒན་པ་དེ་འདྲ་མ་རེད། ཡིན་ནའི་དེ་སོ་སོས་ཤེས་པ་དེ་ཉམས་གསོག་ཚང་མར་ཇི་མ་ཇི་བཞིན་བསླབ་ཀྱི་ཡོད། ཀེམ་དྲུག་པ་ལ་ཨ་ཅག་མཚམས་གཅོད་ཞུ་མཁན་ཞིག་ཡོད་རེད། ཁོ་རང་སྔོན་མ་ཅ་དངོས་ཆུང་ཆུང་ཞིག་བཀྱག་པ་ཡིན་ནའི་རྐེད་པ་ཆུས་ཏེ་དཀའ་ངལ་འཕྲད་ཏེ་འགུལ་སྐྱོད་བྱེད་ཐུབ་ཀྱི་མེད། རྗེས་ལ་ངའི་སར་ཡོང་ཏེ་ངས་རུས་སྒྲིག་དང་། དྲོ་གཏུག ཟངས་བུམ་ཟུང་འབྲེལ་ཐབས་ལམ་ལ་བསྟེན་ཏེ་སྨན་བཅོས་བྱས་ཏེ་ད་ལྟ་དྲག་སྐྱེད་བྱུང་ཡོད། ཨ་ཅག་ཁོང་རང་འདི་རིང་ཞོགས་པ་རང་ང་ལ་ཐུག་བྱུང་ད་ཆ་ཀེ་ལོ་བཅུ་བཀྱག་ཀྱང་དཀའ་ངལ་མི་འདུག་གསུངས་ཀྱི་འདུག སྔ་ལོ་བལ་ཡུལ་ལ་ཡང་གནས་མཇལ་ཕེབས་པ་རེད་དཀའ་ངལ་གང་ཡང་བྱུང་མི་འདུག
དྲི་བ། ༨ སྨན་རྩིས་ཁང་ལ་ནད་པར་སྨན་གྱི་རིན་གོང་ཆགས་ཡངས་ཀྱི་མཐུན་རྐྱེན་དེ་འདྲ་ཡོད་རེད། ཁྱེད་རང་གི་རྟ་ར་གསོ་རིག་སྨན་ཁང་ལ་དེ་འདྲའི་མཐུན་རྐྱེན་སྦྱོར་གྱི་ཡོད་དམ།
ལན། སྨན་རྩིས་ཁང་ནང་བཞིན་གྱི་ངས་སྨན་གྱི་ཐོག་ཆགས་ཡངས་གཏོང་རྒྱུ་དེ་དཀའ་ལས་ཁག་པོ་ཆགས་ཀྱི་འདུག ཡིན་ན་ཡང་། ཀུན་སློང་ལ། སོ་སོའི་ལས་ཀ་དེ་ད་ལྟ་བར་ཆོལ་ཁ་གསུམ་གྱི་རིས་སུ་མ་ཆད་པའི་བོད་མི་ཚོའི་རྒྱབ་སྐྱོར་ལ་རྟེན་ནས་ཡོད་པ་དང་ནད་པ་ཡིན་ན་ཡང་སོ་སོ་ལ་རེ་བ་དང་ཡིད་ཆེས་ཞིག་བྱས་ཏེ་ཡོང་གི་ཡོད་རེད། དེའི་ནང་ནས་རྒན་གྲས་རྣམས་ནི་ང་ཚོ་ལ་ལྷག་པར་བཀའ་དྲིན་ཆེན་པོ་ཡིན་སྟབས་ཁོང་རྣམ་པ་ཚོར་ལུམས་རྒྱག་ཡས་དང་སྐུ་མཉེ་བྱེད་ཡས་སོགས་ག་རེ་ཡིན་ནའི་རིན་གོང་བརྒྱ་ཆ་ཆགས་ཡངས་གཏོང་རྒྱུའི་འཆར་གཞི་ཡོད། ད་ག་ནང་བཞིན། སྨན་གྱི་ཐོག་ནས་ནད་པ་དངོས་གནས་སྨན་ཡོན་སྤྲད་མ་ཐུབ་མཁན་ཡིན་ན། སྨན་སྦྱིིན་སྤྲད་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་སོང་།
སྨན་པ་རྟ་རྭ་བའི་གསོ་རིག་སྨན་ཁང་ནི་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་གྲོོང་དང་པོའི་ཁྲོམ་གྱི་ལྟེ་བར་ཡོད་པའི་ཡ་ཀར་ཟ་ཁང་གི་སྦུག་ཏུ་ཡོད་པ་དང་འབྲེལ་གཏུག ཁ་པར་ནི། ༩༩༠༠༢༦༥༨༢༥ ཡང་ན། ༨༠༠༧༡༡༢༠༠༦ རེད་འདུག
ཨམ་མཆི་ནི། བོད་སྐད་མིན་ཞིང་། བོད་སྐད་ནང་། ལྷ་རྗེ། གསོ་བྱེད། སྨན་པ་སོགས་མང་བས་་་་
གསོ་རིག་སྨན་པ། བླ་སྨན་སོགས་མང་ངོ་།
རྟ་ར་གསོ་རིག་སྨན་ཁང་གསར་འཛུགས་རྒྱུད་ནས་ཉམས་ཐག་
ནད་པ་མང་པོར་ཕན་ཐོག་ཆེན་པོ་ཡོང་བའི་སྨོན་ལམ་དང་བཅས་
བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་།
རང་རེ་བོད་ཀྱི་གསོ་རིག་སྨན་ཁང་གི་ལས་རྟགས་སུ་རྒྱ་གྲམ་དམར་པོའི་རྟགས་འདི་འོས་འཚམས་ཤིག་གང་ནས་བལྟས་ཀྱང་མི་འདུག གསོ་རིག་སྨན་པ་ཚོས་དགོངས་བཞེས་གནང་དགོས་ཀྱི་འདུག
(Red cross ) ལས་རྟགས་འདི་ཡེ་ཤུ་ཆོ་ལུགས་ལས་བྱུང་
བའི་ལས་རྟགས་ཙམ་ལས་སྨན་ཁང་གི་ལས་རྟགས་ལ་གཅིག་
རྒྱུར་དུ་བེད་སྤྱོད་གཏོང་འོས་པ་ཞིག་ཡིན་མིན་འཐེ་འཚོམ་ནང་དུ
ལྷག་པ་ཞིག་མ་རེད་དམ་།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > བོད་རིག་པ་ཞིབ་འཇུག་དུས་དེབ་ ༣ པ་བཏོན་ཏེ་སྤྲོ་ཚིཊ་ཆོས་གྲཊ་ལཊ་ལ་རྗེས་དྲན་ཞུས།
བོད་རིག་པ་ཞིབ་འཇུག་དུས་དེབ་ ༣ པ་བཏོན་ཏེ་སྤྲོ་ཚིཊ་ཆོས་གྲཊ་ལཊ་ལ་རྗེས་དྲན་ཞུས།
http://tibettimes.net/2018/07/15/170722/
ཏྰ་ལའི་དང་། ཨ་ཅོར་གཉིས་སོག་སྐད་ཡིན་པ་ལྟར། ཨེམ་ཆི་ཡང་སོག་སྐད་རེད་འདུག ཆོལ་ཁ་འདི་་་་་་ !!!???
བོད་སྨན་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་རང་བཞིན་སྐོར་ལ་གསལ་བཤད།
http://tibettimes.net/2018/08/10/171297/
བོད་སྨན་དང་། དངུལ་ཆུའི་སྐོར་ལ།
བོད་ཀྱི་འཚོ་བྱེད་དམ། ལྷ་རྗེ་དང་། སྲོལ་རྒྱུན་ཨམ་ཆིའམ། སྨན་པ་ཞིག་གིས།
https://www.facebook.com/lhaksamOfficial/videos/2170528186308518/UzpfSTEwMDAwNDI1MzgwNzcyNzoxODAyODE3NjEzMTAxMzk3/