ཁྲོ་གཏུམ།
ཉིན་ཞིག་གི་དུས་དེར
ང་དད་སའི་ལྷ་སའི་ཉི་འོད་ཀྱི་གདུགས་འོག
ཕ་མེས་ཡང་མེས་བརྒྱུད་དེ་པོ་ཏཱ་ལར་ཐོད་གཏུགས་བྱས་མ་མྱོང་བ་མེད
བོད་ཡིན་ཀྱང་ལྷ་སར་ལམ་ཡིག་ཉོ་དགོས
པོ་ཏཱ་ལ་ཉི་འོད་དམར་ནག་གི་འོག་ཏུ་བཏུམས་ཤིང
ལམ་ཡིག་དམར་ནག་དེས་ཉི་འོད་ཀྱི་དྲོད་ཁོལ་འཇོམས་པར་མཁས་པས
ངའི་རིགས་རྒྱུད་དག་གི་སེམས་པ
ལྷ་སའི་ཉི་འོད་ནང་གི་དམར་ཐིག་དེར་མཐུད་པའི་དད་པ་ཙམ་ཡོད
ལྷ་སའི་པོ་ཏཱ་ལའི་མགོ་ཐོག་ཏུ་སྤྲིན་པ་དང་བྱ་མ་གཏོགས་སྔོན་ཆད་ནས་རྒྱུ་མ་མྱོང
གནམ་གྲུའི་གསང་སྤྱོད་ལས་ཏང་ཡོན་དཔོན་རིགས་ཀྱིས་བཤང་གཅི་དོར་བའང་པོ་ཏཱ་ལའི་རྒྱ་ཕིབས་རྩེར་གཏོར་ཡོད་སྲིད
པོ་ཏ་ལ་མནོལ་ན་བོད་མི་མནོལ་བ་སྟེ
གནའ་སྔ་མོའི་རིགས་རྒྱུད་དག་མའང་མནོལ་སྲིད་ཡོད
ལྷ་སར་ཉི་འོད་ཇི་ལྟར་འཕྲོ་རུང
པོ་ཏཱ་ལར་མཇལ་འབོར་ཤིན་ཏུ་མང་རུང
དད་པའི་རྟེན་དུ་འགྲོ་བའི་ཡོང་ཁུངས་ཀྱི་དངུལ་ལོ་དག་ལྷ་སའི་ཉི་ཐིག་དམར་ནག་ཏུ་འདྲེས་ཡོད
ང་ཚོ་ལ་དད་པ་མ་ཐོབ་པ་མ་ཟད་ཤོག་དངུལ་ཀྱང་མི་ཐོབ
ང་ཚོ་ལ་པོ་ཏཱ་ལ་མ་ཐོབ་མ་ཟད་ནང་ནོར་ཀྱང་མི་ཐོབ
འདི་ནི་ལྷ་སར་འཕྲོ་བའི་ཉི་ཐིག་དམར་ནག་དེའི་སྟེང་གི་སྐར་མ་དག
ཚ་བ་སྤར་ཤིང་བསིལ་རླུང་གཡུགས་པའི་ཁྲོད་དུ
མི་རྒྱུད་དངོས་མ་དག་བཅོམ་ལ་ཉེ
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༠ ཉིན།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། >
ཞི་བདེ་ཉི་མའི་སྙན་རྩོམ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
་
http://tibettimes.net/2018/07/17/170747/
་
ཆོ་ལོ་དང་། བྱ་དགའ་གཉིས་ལ། མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་ཁྱད་པར་འཇོག་རྒྱུ་མེད་པའི་ཕྱིར།
སློབ་གཉེར་བྱེད་སྟངས་དེ་ཚིག་འགྲེལ་ཐེབས་པ་ཙམ་མིན་པར་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བྱེད་དགོས།
http://tibettimes.net/2018/07/17/170742/
Choekyi Gyaltsen
ནང་འཛིང་ལ་དགའ་བའི་བཙན་བྱོལ་བ་ཚོ། ང་ཚོ་ཚང་མ་ལ། སེམས་གཏིང་ནས་ངས་བཀྲ་ཤིས་བདེ་ལེགས་ཞུ།།
https://www.facebook.com/karzechoekyi.gyaltsen/videos/1779370188822304/UzpfSTEwMDAwMDYxMDE0Njc3MjoyMTAzMjQ0MTEzMDM5MjQw/
པོ་ཏཱ་ལ་མ་ཐོབ་མ་ཟད་། ཅེས་སོགས་བོད་ཡིག་མ་དག་པར་འབྲི་བ་དེ་འཕེན་ན། པོ་ཏ་ལ་སོགས་འཐོབ་ངེས། པོ་ཏ་ལ། ཞེས་པ་ལེགས་སྦྱར་གྱི་སྒྲ་ཡིན། དེ་ལ་བོད་ཀྱི་སྐད་ལ་སྦྱངས་པ་དག་གིས། གྲུ་འཛིན། ཞེས་སོ།
བོད་ཡིན་ཀྱང་ལྷ་སར་ལམ་ཡིག་ཉོ་དགོས་།
འདི་བོད་མི་ཡིན་ཀྱང་ལྷ་སར་ལམ་ཡིག་ཉོ་དགོས་།
གྲྭ་ཆས་དམར་པོ་གྱོན་ནས། སྤྱི་འཐུས་ནང་ལ་འཛུལ། གནས་ཆུང་ཆོས་རྒྱལ་གྱི་བཀའ་དྲིན། བརྗེད་ནས་ལམ་ལོག་པར་སྟོན་མཁན། སེ་མིན་སྐྱ་མིན་དེ་ཚོ་སྙིང་རྗེ་ཨང་།
https://www.facebook.com/tsultrim.passang.1/videos/353825061733853/UzpfSTEwMDAyMTEwNjg0NDE5NzoxNzg5NzQ0NzM3NzQyMDE4/
སྤྱི་འཐུས་བསྟན་པ་མར་འཕེལ་དང་། སྤྱི་འཐུས་ལྷ་རྒྱ་རིའི་བུ་མོ་གཉིས་པོ་དེ། སྤྱི་འཐུས་རྗེས་མར་ཡང་བསྐྱར་འཁོད་ན་མི་འགྲིག་པ་ནི། ཀུན་གྱིས་མཁྱེན་དགོས་པ་མི་འདུག་གམ། ལགས།