ཀོ་་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་བོད་ཡིག་བོད་མིའི་བླ་སྲོག་ལ་།
ཁ་ཙམ་མིན་པའི་སྦྱངས་བརྩོན་མ་བྱས་ན་།
གོ་ལའི་འགྱུར་བས་ཀ་ཁ་ཉམས་ཉེན་ཆེ་།
ང་ཚོ་བོད་མིའི་ལས་དབང་དེ་དུས་ཤེས་།
ཅ་ཅོ་མང་བའི་གོ་ལའི་ཆབ་སྲིད་ལ་།
ཆ་རྒྱུས་ཐུབ་ནས་རང་ས་ཟིན་ན་དགའ་།
ཇུས་འགོད་ཆབ་སྲིད་གཞུང་མང་བདེ་བའི་ལམ་།
ཉ་མོ་ཆུ་ནང་ཁྱུགས་ལ་ཆུ་རྩལ་དགོས་།
ཏ་ཐ་གཱ་ཏའི་བསྟན་པ་རིན་པོ་ཆེ་།
ཐོས་བསམ་སྒོམ་གྱིས་ས་ལམ་མ་བགྲོད་ན་།
དད་པ་གཅིག་པོའི་བཙན་ས་ག་ནས་ཟིན་།
ན་རྒས་ཤི་ལ་འཇིག་ན་དམ་ཆོས་སྒྲུབས་།
པ་ཕ་ཨ་མས་རང་གི་བུ་ཕྲུག་ལ་།
ཕ་མེས་སྐད་ཡིག་རིག་གཞུང་ངོ་སྤྲོད་ཟབ་།
བུ་རབས་ཚ་རྒྱུད་ཕ་མེས་སྐད་ཡིག་ལ་།
མ་འཕྱུགས་མ་ནོར་ཉིན་མཚན་དུས་དྲུག་སྦྱོངས་།
རྩ་་བ་རང་ས་ཤོར་ནས་མི་ཡུལ་འཁྱར་།
ཚ་གྲང་གཉིས་ལ་གདོང་ལེན་བོད་མིའི་ལས་།
ཛ་དྲག་ཆེ་ཡང་རང་གི་སྐད་ཡིག་ལ་།
ཝེར་མའི་ལྷ་ཚོགས་བཞིན་དུ་རྒྱུན་དུ་སྲུངས་།
ཞ་ར་འོན་པ་དབང་པོ་ནུས་མེད་ཡང་།
ཟ་འཐུང་གནས་མལ་རང་འགོ་རང་གི་ཐོན་།
འར་འུར་ཆེ་བའི་དུས་རབས་ཉེར་གཅིག་འདིར་།
ཡ་རབས་བཟང་སྤྱོད་ལ་ཁའི་ཉི་མ་འདྲ་།
རང་གི་སྐད་ཡིག་རང་གི་རིག་གཞུང་སོགས་།
ལ་ལུང་ས་མཐར་བགྲོད་ཀྱང་རྗེད་མི་ཉན་།
ཤ་ཚའི་གཏམ་ལ་ཉན་མཁན་མེད་ན་ཡང་།
ས་ཕྱོགས་འདི་ནི་ཕ་ཡུལ་མ་རེད་དོ་།
ཧམ་བཤད་རྫུན་བཤད་མེད་པའི་བདེན་གཏམ་འདི་།
ཨ་རོགས་སྤྲེལ་ཚའི་རིགས་རྒྱུད་སྙན་ལ་འབུལ་།
ཀ་ཁ་ག་ང་བོད་མིའི་རེད། །
ཁ་དང་ལག་མཉམ་ལག་ལེན་དགོས། །
ག་དུས་ཡིན་ཡང་མཉམ་སྤྱོད་གྱིས། །
ང་ཚོའི་སྐད་ཡིག་ག་ནས་ཉམས། །
ཀ་ཁ་ག་ང་སྦྱངས་ན་དགའ་།
ཁ་དང་ལག་པ་མཉམ་སྦྱར་ཟབ་།
ག་ནས་བལྟས་ཀྱང་ཀ་ཁ་ལ་།
ང་ལ་བསམ་ན་ཀ་ཁར་དགའ་།
ཀ་ཁ་མི་ཤེས་མི་བུ་ཁྱོད། །
ཁ་ནས་བོད་པ་མ་ཟེར་ཅིག །
ག་ནས་བལྟས་ཀྱང་ཁྱོད་འདྲ་བ། །
ང་ཡིས་རེ་བ་བྱེད་དོན་མེད། །
ཀ་ཁ།
ཀ་ཁ་མི་ཤེས་ག་རེ་འདུག །
ཁ་ནས་ལབ་ཚད་ཀ་ཁ་རེད། །
ག་ནས་བསམ་ཚད་ཀ་ཁ་རེད། །
ང་དང་ཁྱོད་རང་ཀ་ཁ་རེད། །
ཀ་ཁ་ཤེས་ན།
ཀ་ཁ་ཤེས་ན་བོད་ཡིག་ཤེས། །
ཁ་ནས་ལབ་ཚད་ཀ་ཁ་ཤོད། །
ག་དུས་བཤད་ཚད་ཀ་ཁ་ཤོད། །
ང་དང་ཁྱོད་ཀྱིས་ཀ་ཁ་སློབས། །
ཀི་ཀི་སཱོ་སཱོ་ལྷ་རྒྱལ་ལོ་།
ཁ་བའི་ཡུལ་གྱི་ལྷ་སྲུང་ལ་།
ག་དུས་ཡིན་ཀྱང་གྲོགས་འཕྲིན་བཅོལ་།
ང་ཚོ་སྐད་ཡིག་ང་ཚོའི་སྲོག་།
ཀ་ཁའི་ལས་དབང་བོད་མིའི་འགན་།
ཁ་བའི་ཡུལ་གྱི་བླ་སྲོག་རེད་།
ག་ནས་བསམ་ཀྱང་ཀ་ཁ་ལ་།
ང་ཚོ་ཚང་མས་མཉམ་དུ་སྤྱོད་།
ཅོལ་ཅུང་བློ་དང་སེམས་ཆུང་ལ་།
ཆ་འཇོག་ཡིད་ཆེས་མེད་ན་ཡང་།
ཇ་ཆང་ཙམ་པ་བོད་ཟས་རེད་།
ཉ་ཤ་ཕག་ཤ་སྡིག་ཟས་རེད་།
ཏ་ཐ་གཱ་ཏའི་བསྟན་པ་ལ་།
ཐོས་བསམ་སྒོམ་གྱི་བརྩོན་འགྲུས་དགོས་།
དད་པ་དམ་ཚིག་ནང་བསྟན་བཅུད་།
ནག་ནོག་མེད་པའི་དམ་ཚིག་སྲུངས་།
པ་ཊའི་རི་མོ་རྟེན་འབྲེལ་བཟང་།
ཕ་ལམ་ནོར་བུ་དགོས་འདོད་བཞིན་།
བུ་རབས་ཚ་རྒྱུད་ཀ་ཁ་སློབ་།
མ་ཤེས་ཤེས་བྱ་གཅིག་ཀྱང་མེད་།
ཙ་སྟེང་ཟིལ་པ་ཉི་ཟེར་ཡལ་།
ཚ་བོ་གྲང་མོ་འབྱུང་བས་འཕྲུལ་།
རྫར་བ་རྫེར་བ་ཤིང་གི་སྐྱོན་།
ཝ་ཞཱ་དམར་པོ་སྤྱོད་ངན་ཞཱ་།
ཞར་དང་ཞོར་ལ་ཀ་ཁ་སྦྱོངས་།
ཟ་འཐུང་གནས་མལ་ཀ་ཁས་སྦྱིན་།
འུ་ཐུག་ཕྱི་སྐད་སློབ་པ་ལས་།
ཡ་རབས་ཁྲེལ་ཞུང་སྲུངས་ན་དགའ་།
རང་དབང་ཡོད་སར་ཀ་ཁ་སྦྱོངས་།
ལ་ལུང་བགྲོད་ཀྱང་ཀ་ཁ་སྦཽངས་།
ཤ་ཚ་ཡོད་ན་ཀ་ཁ་སྦྱོངས་།
ས་ཐག་འགྱངས་ཀྱང་ཀ་ཁ་སྦྱོངས་།
ཧ་ཅང་མ་ནོར་ཀ་ཁ་སྦྱོངས་།
ཨ་ཕའི་བུ་ཚ་ཀ་ཁ་སྦྱོངས་།
ཀ་ཁས་མི་གནོད་ཀ་ཁས་ཕན་་།
ཀ་ཁ་ལས་ལྷག་ཡིག་གེ་མེད་།
ཀ་ཁས་ནང་བསྟན་ངོ་སྤྲོད་ཐུབ་།
ཀ་ཁ་སྐུ་ཚེ་བརྟན་པ་ཤོག་།