དུས་བབ་ནས་དྲངས།
ད་ལོ 2010 བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་ཡོད་པའི་བུ་མོ་རྣམས་ཀྱིས་ནོར་བུ་གླིང་ཁར་ཆུ་རྐྱལ་རོལ་རྩེད་འགྲན་བསྡུར་བྱས་ཏེ། རྒྱན་གོས་མེད་པའི་གཟུགས་ཀྱི་མཛེས་པ་ངོ་མ་དེ་རྒྱ་གར་དང་བོད་པའི་གསར་འགོད་པ་རྣམས་དང་། ནོར་གླིང་ཉེ་འཁོར་གྱི་ལྟད་མོ་བ་རྣམས་པའི་མིག་གི་ལོངས་སྤྱོད་དུ་བསྟར་ཡོད།
ཐམས་ཅད་འབྱུང་གནས་རྒྱལ་བའི་ཡུམ་ཆེན་མོ།
རྒྱན་མེད་གཅེར་བུ་བདག་སོགས་སྐྱེ་དགུའི་མདུན།
མངོན་པར་བཞེངས་ཏེ་མཛེས་པའི་རྣམ་འགྱུར་བརྒྱས།
ཅི་ཡང་བཤད་རུང་ཀུན་ཡིད་གཅིག་ཆར་འཕྲོག
ཡག་པོ་རེད། ད་དུང་ལོ་རེར་འགྲན་བསྡུར་བ་མང་དགོས་འདུག
ཉུང་མཐར་བཅུ་རེ་དགོས་འདུག
འོ་ཤུབ་དང་འདོམས་ཁེབས་གོས་ཀྱི་གྲས་སུ་མི་རྩིས་རྒྱུ་རེད་དམ།
དང་པོ་ནས་བརྙས་བཅོས་ཀྱི་གྲ་སྒྲིག་མ་བྱེད་ཨོ་གོ
ད་ཀྱང་མི་བཤད་། ཡང་ང་ལོན་ལོན་གིས་ཧོན་རྟག་བསྟོན་གིན་འདུག་ཟེར་ར་། ཨིམ་ཨིམ། ད་བཤད་ན་། མ་བཤད་ན་བཤམ་ནས་བཞགས་འདུག།
བོད་ཀྱི་སྤྱི་ཚོགས་ལ་ཡ་རབས་བཟང་དགོས་པ་བཞིན་ཡོད་ཀྱང་། ཕོ་ཚང་མ་དགོན་པའི་སྒྲིག་དང་མོ་ཚང་མ་ཨ་ནེའི་ཁྲིམས་ག་ནས་ཁུར་ཐུབ།
ལན་བརྒྱར་འོ་མས་བཀྲུས་པ་ལྟ་བུའི་བརླ་ཤ་འཇམ་པོ་བརྡག་ན་འདོད།།
ཞིམ་མངར་འབྲི་མོའི་མར་ལོ་འདྲ་བའི་ནུ་མ་ཟླུམ་པོ་ཕུར་ན་འདོད།།
འཇམ་མཉེན་མཆུ་སྒྲོས་དམ་དུ་སྦྱར་ཏེ་ཡུན་རིང་ཆགས་པས་བརྒྱལ་ན་འདོད།།
མ་སྐྱེས་གཞོན་མའི་མེ་ཏོག་ལམ་དུ་བཙན་པོའི་སྦྲུལ་མགོ་བཙུགས་ན་འདོད།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མེ་ཏོག་དཀར་པོས་བཤད་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ད། དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྲོ་མ་ཐུབ་ཚེ་ཡག་རབ་བཟང་རབ་བརྒྱ་བཤད་རུང་རྗེས་ལུས་ཐེབས་སོང་བ་རེད། ནུ་ཤུབ་དང་། འདོམས་ཁེབས་གོས་སུ་མི་བརྩི་བའི་རྒྱུ་མཚན་ཡང་དག་ཅིག་བཤད་ཐུབ་ཀྱི་མ་རེད་སྙམ།
བུ་མོ་འདི་དག་ལས་ཁ་ཤས་ནི་ལོ་ཆེན་པོ་ཡིན་པའི་ཟོ་འདྲ་འདུག ལྟོ་བའང་ཆེ་གི ཕལ་ཆེར་རེ་བ་མེད་པར་འདྲ། བོད་ཀྱི་བུ་མོ་འདི་དག་ལས་མཛེས་པ་མེད་ན་ཡིད་སྐྱོ་དགོས་ས་རེད་ཨ། སྤྱིར་མཛེས་མ་དང་། འཛངས་མ་འགྲན་བསྡུར་འདྲ་བོ་མེད་ཁི། གཅེར་རྒྱུག་འགྲན་བསྡུར་ཡིན་ས་རེད། ད་ང་ཚོས་ལས་འགུལ་འདི་འདྲ་སྤེལ་བ་ལས། བོད་ནང་གི་དཀའ་སྡུག་མྱོང་བཞིན་པའི་དཔའ་བོ་དཔའ་མོ་དག་གི་ཆེད་དུ་ལས་འགུལ་རེ་སྤེལ་ཐུབ་ན་་བཟང་ཁི།
བོད་ཀྱི་དུས་བབ་ནས་ཁ་བྱང་སྔོན་མ་དེ་དང་འདི་གཉིས་ཀ་མཐོང་མ་སོང་ལགས། འོན་ཀྱང་ཁ་བྱང་ད་ཐེངས་ཀྱི་འདི་ཅུང་རན་པོ་འདུག་གམ་སྙམ།
བོད་ཀྱི་མཛེས་མ་འགྲན་བསྡུར་བྱེད་པ་དེ་ཡག་པོ་འདུག་ཡིན་ན་ཡང་། བོད་གངས་ཅན་པའི་ཡ་རབས་ཀྱི་གམ་སྲོལ་བཟང་པོ་གཞིར་བཟུང་ནས་བྱེད་རྒྱུ་མ་གཏོགས། ཕྱི་གླིང་པའི་སྲོལ་ངན་གོས་མེད་ཅེར་བུའི་བརླ་ཤ་ངོམ་པ་ལ་ཡ་མཚན་རྒྱུ་གང་ཡང་མི་འདུག་སྙམ།
རྡོ་རྗེ་ལགས། མཛངས་མའི་འགྲན་བསྡུར་སྐབས་དེ་འདྲ་གྱོན་ན་མི་འགྲིག་ན། པག་རྩག་འདྲ་བོ་གྱོན་ནས་འགྲན་དགོས་པ་རེད་དམ། ཁ་ནས་དམོད་ཞོར་སེམས་ལ་ཆགས་སེམས་རྒྱས་མེད་ན་ཡག་མོ་རེད། ཧ་ཧ་ཀུ་རེ་རྩེད་མོ་ཡིན་ལོ།
འོ་དཀོན་མཆོག་མཁྱེན། མཆོད་པའི་ལྷ་མོ་འདྲ་མ་རྐྱང་གློག་ཀླད་ནང་ནས་ཐོན་ཡོང་དུས། སུ་ལ་འདེམས་ཤོག་འཕེན་དགོས་པ་ཡང་མི་ཤེས་ཀི ང་ཡིན་ན་གཡོན་ཕྱོགས་ནས་གཡས་ལ་བརྩིས་པའི་ཨང་རིམ་གསུམ་པ་དེ་འདེམས་ཀི་ཡིན། མོའི་མིང་ལ་ཅི་ཟེར་། ངས་མིག་ཤེལ་བཀོན་ནས་གཅིག་བལྟ་དང་། ་་་་་་་་་་་་་་ འོ་མིག་ཤེལ་བཀོན་ནས་བལྟས་ན་ཚང་མ་ལ་འོས་ཤོག་འཕེན་དགོས་པའི་བཟོ་འདྲ་ཞིག་འདུག ད་དང་པོ་ཁྱོད་རང་ཚོས་གཅིག་འདེམས་དང་། དེ་ནས་་་་་་་་་་་་་་་་
སྤྱིར་ཡར་ཐོན་དང་འཕུར་མཆོང་དགོས་ངེས་ཅན་རེད་
འོན་ཀྱང་འདི་དག་ལ་ཁྱད་ཆོད་ཚང་མི་འདུག་མོད
དབྱངས་ཅན་མེ་ཏོག་ཨོ་ཙམ་ཚ་བོ་འདུག་
མི་ཡིས་ཅི་བཤད་དབྱངས་ཅན་མེ་ཏོག་མཆུ་སྒྲོས་མཛུམས།
ཁོ་བོའི་ཡིད་ཀྱི་བརྟན་པ་གཅིག་ཏུ་འཕྲོག་བྱས་པས།
དབྱངས་ཅན་ངག་གི་མགྲིན་འགྱུར་སྟོང་ཕྲག་བརྒྱས།
མེ་ཏོག་ལྟ་བུའི་མཛེས་མའི་དབུ་བརྒྱན་མི་རིང་ཐོབ།
བུ་མོ་གཞན་མ་ཚོའང་རྣམ་པ་ཡག་པོ་འདུག་པས་འོན་ཀྱང་མི་རང་རང་གི་སྣང་བར་འགྲོ་བ་ཙམ་གྱིས་བྱེ་བྲག་པ་ཞིག་ལ་བསྟོད་ཁུལ་བྱས་སོ།
བུ་མོ་ཁྱེད་རྣམས་དངངས་སྐྲག་གནང་མི་དགོས།
མགྱོགས་མྱུར་མཛངས་མའི་རྒྱལ་ཕམ་སྐྱ་རེངས་ཤར།
གྷུ་རུའི་མ་འོང་ལུང་བསྟན་དག་ལས་བསྟན་པ་བཞིན།
ཨང་རིམ་མཐོ་དམན་ཙམ་ལས་བཞི་ཀར་ཐོབ་པར་བཤད།
ཡིད་ཆེས་ཡོད་ན་ལུང་དུ་སྔོན་ནས་བསྟན་ཟིན་ནོ།་
ཨོ་དཔེ་སག་འདུག་ང་ཡི་རེ་བ་དེ་བྱུང་མི་འདུག
བུ་མོ་བསྟན་འཛིན་ནོར་འཛོམས་ལ་ཐོབ་ཞག
ཤ་ཚ་དབྱངས་ཅན་མེ་ཏོག་ཡིད་རེ་སྐྱོ།
གཅིག་བྱས་ན་བློ་བཟང་ཁོང་རང་མོ་ལ་དགའ་བས་ཡིན་རྒྱུ་རེད
ད་ཚར་བ་རེད
ཤེས་རབ་རང་བཞིན་མོ་རྣམས་བདེ་རྒྱས་ཤོག །
བློ་བཟང་དབང་རྒྱལ་ལ་རྒྱལ་ཁ་ཐོབ་འདུག ད་ཡིན་ན་ངོ་ནས་ཁོ་ལ་རྒྱལ་ཁ་ཐོབ་འདུག ཁོ་ངོ་ནས་བོད་ཕྲུག་བརྩོན་འགྲུས་དང་བཟོད་སེམས་ཅན་ཞིག་རེད། བོད་པ་ཡིན་ལ་མིན་ལ། ཤེས་ཡོན་ཡོད་ལ་མེད་ལ། དབང་ཚད་ཡོད་ལ་མེད་ལ། ཚང་མས་མངོན་ལྐོག་གཉིས་ནས་བཀག་ན་ཡང་། ཁོ་རང་གིས་རང་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་བཟུང་པས། ད་ནི་རང་ཉིད་ལ་རྒྱལ་ཁ་ཐོབ་འདུག བློ་བཟང་དབང་རྒྱལ་ལ་རྒྱབ་སྐྱོར་ཡོད་དོ།
འགྲན་བསྡུར་འདི་ལ་ཐོག་མ་ནས་རེ་བ་ཆེན་པོ་ཡོད་། ༢༠༠༦་ལོར་ཉི་ཧོང་ནས་གོང་ས་མཆོག་གི་གསུང་ཆོས་སྐབས་་བློ་བཟང་དབང་རྒྱུད་དང་ཐུག་ཟ་ཁང་ཞིག་དུ་མཉམ་དུ་ཁེལ་བས་ལས་འགུལ་འདི་ནི་བོད་ཀྱི་བུ་མོར་ཚོར་དབང་བས་ཐོབ་ཐང་ཞིག་ཡིན་ལ་གོ་སྐབས་འདི་རྒྱུད་ནས་བོད་རིགས་བུ་མོ་ཚོས་མ་འོང་བར་སྤྱི་ཚོགས་ཀྱི་ནང་གདེང་ཆ་མཐོན་པོ་ཞིག་འཛིན་ཐུབས་རྒྱུས་་སྐོར་ལ་རེ་བ་ཆེན་པོ་བཏོན་། ཁོས་ཀྱང་དེ་ལྟར་ཡིན་ཚུལ་བཤད་། ངས་ཁོ་ལ་འགྲན་བསྡུར་འདི་ལ་གྲུབས་ཆ་གསུམ་ཀྱིས་སྒོ་ནས་གཏགས་དགོས་བ་ལྟ་བུ་ཞིག་ལབ་པ་ཡིན། གཅིག་། བོད་རང་གིས་རིགས་གནས་གཞིར་བཞགས་ཐོག་དེང་རབས་ཀྱི་སློབ་སྤྱོང་དང་བསམ་བློའི་གོ་རྟོགས་། གཉིས་བོད་མི་རིགས་ལ་བཅང་བས་དགོང་ཚུལ་དང་དོ་བདག་རང་ཉིད་ཀྱི་མ་འོང་ས་རྨི་ལམ་།
གསུམ་ཕྱི་སྒགས་མཉམ་དང་ལྷན་སྐྱེས་ཀྱི་སྒྱུ་རྩལ་གསུམ་གཙོ་བཟུང་ཐོག་། འགྲན་བསྡུར་དགོས་བས་རེ་བ་བཏོན་ཡང་། ད་ཡིན་དེ་ཡིན་ས་མ་རེད་།
ལོ་རྗེས་མ་ད་བྷོ་ས་ན་ཏིའི་གཙང་ཆུ་་འགྲན་ནས་་བུ་མོ་སུ་ཞིག་གིས་་་་ད་མི་བཤད་
ནུབ་ཕྱོགས་པ་ཚོ་གཙོ་བྱས་བུ་མོ་གཞོན་ནུ་མ་ཚོའི་གོས་མ་གོན་པ་འམ། ཡང་ན་གོས་སྲབ་སྲབ་གོན་པ་སོགས་ནི་སྒེག་མས་སྒྱུ་རྩལ་མངོན་སྟང་ཞིག་ཡིན་མོད་། བོད་ཀྱི་བུ་མཛེས་མས་འགྲན་བསྡུར་ནང་སྒེག་མཉན་སྟོན་ཚུལ་དེས་རིགས་དེ་གལ་ཆེན་པོ་གང་ཡང་མིན་ལ་། དེ་གལ་ཆེན་དུ་འཛིན་དགོས་ཚེ་ཆ་རྐྱེན་ཀྱང་མི་ཚང་། རྐང་པ་ཐུང་ཐུང་། ནུ་མ་ཆུང་ཆུང་། སྐེད་པ་སྦོམ་པོ་། དེ་ལས་ཨམ་མདོ་བ་རྣམས་རྒྱལ་ཚེ་ལོའི་ཁ་བརྡའི་ནང་གསལ་བོར་གསུང་ཡོད་། དེ་ཁྱད་ཆས་རེད་། དེ་གངས་བོད་པས་བུ་མོ་གཞན་དང་མི་འདྲ་བས་ཁྱད་ཆས་རེད་།
ནུབ་ཕྱོགས་པ་ཚོ་གཙོ་བྱས་བུ་མོ་གཞོན་ནུ་མ་ཚོའི་གོས་མ་གོན་པ་འམ། ཡང་ན་གོས་སྲབ་སྲབ་གོན་པ་སོགས་ནི་སྒེག་མས་སྒྱུ་རྩལ་མངོན་སྟང་ཞིག་ཡིན་མོད་། བོད་ཀྱི་མཛེས་མས་འགྲན་བསྡུར་ནང་སྒེག་མཉན་སྟོན་ཚུལ་དེས་རིགས་དེ་གལ་ཆེན་པོ་གང་ཡང་མིན་ལ་། དེ་གལ་ཆེན་དུ་འཛིན་དགོས་ཚེ་ཆ་རྐྱེན་ཀྱང་མི་ཚང་། རྐང་པ་ཐུང་ཐུང་། ནུ་མ་ཆུང་ཆུང་། སྐེད་པ་སྦོམ་པོ་། དེ་ལས་ཨམ་མདོ་བ་རྣམས་རྒྱལ་ཚེ་ལོའི་ཁ་བརྡའི་ནང་གསལ་བོར་གསུང་ཡོད་། དེ་ཁྱད་ཆས་རེད་། དེ་གངས་ཅནབོད་པས་བུ་མོ་གཞན་དང་མི་འདྲ་བས་ཁྱད་ཆས་རེད་
དཔའ་བོ་བློ་བཟང་དབང་རྒྱལ་ལགས་ལ་བཀྲ་་་་བདེ་ལེགས་ཞུ་གི་ཡོད།
ངོ་མ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས་བཤད་པ་ལྟར།
ཐོག་མར་བསམ་ཕོད་པའི་སྤོབས་པ།
དེ་ནས་བཤད་ཕོད་པའི་སྤོབས་པ།
དེ་ནས་བྱེད་ཕོད་པའི་སྤོབས་པ་དང་གསུམ་དགོས་ཞེས་བཤད་པ་ལྟར་ཁྱེད་ལ་དངོས་དང་བརྒྱུད་པའི་སྒོ་ནས་མགོ་བཀའ་བློན་ནས་འཇུག་ཇ་མ་ཇ་གཡོག་ཆུ་ལེན་ཡན་གྱིས་སྐྱོན་བརྗོད་རིམ་བཞིན་བྱས་རུང།
ཁྱེད་ཀྱི་གོང་གི་སྤོབས་པ་གསུམ་ལྡན་གྱིས་ལམ་ནས་མཐར་༢༠༡༠་ལོ་ཡི་བོད་ཀྱི་མཛངས་མའི་འགྲན་འདུར་དེ་ཡང་ཀླད་པ་ལྗང་ཁུ་དེ་ཚོའི་མིག་གི་ལམ་དུ་བསྟར་སོང།
བུ་ཁྱོད་འཇོན་སོང།
བུ་མོ་ཁྱེད་རྣམས་ཐོན་བྱུང།
མང་ཚོགས་ཀྱི་ལྡིང་ཆཌྷའི་སྟེང་དུ་ཐོན་ཏེ་བོད་ཀྱི་བུ་མོ་རྣམས་ཀྱི་དབུ་འཕང་མངོན་པར་བསྒྲེང་བྱུང་ངོ།
ཁྱད་མཚར།
ང་ཡི་མིག་དང་སེམས་ཁམས་ལ་སྐྱོན་ཞིག་མེད་ན་དབྱངས་ཅན་མེ་ཏོག་མཛེས་ཤོས་སུ་མཐོང།
རྗེས་སུ་ང་ཡིས་བསམ་པར་་་་་་་་་ཡ་་་་མི་གསུམ་ཅུ་ལ་བསམ་བློ་སུམ་ཅུ་མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཞེས་བཤད་སྲོལ་ལྟར་ཡིན་པའི་ཆ་བཞག་བྱས་ཏེ་བློ་ཁ་ཚིམས་པར་བྱས།
འོན་ཀྱང་བོད་ཀྱི་དུས་བབས་དང་ཁ་བརྡ་སོགས་ཀྱི་དྲྭ་རྒྱ་ལ་བལྟ་དུས།
ཁོ་བོ་གཅིག་པུ་རེད་མི་འདུག དེར་མཛངས་མ་སུ་ཡིན་གྱི་བསམ་ཚུལ་ཤོད་མི་ནང་དུ་བརྒྱ་ཆ་དགུ་ཅུ་ཡིས་དབྱངས་ཅན་མེ་ཏོག་རེད་འདུག་ཅེས་བཤད་འདུག
དེས་ན་་་་་་་་་་་་་བློ་བཟང་དབང་རྒྱལ་ལགས་ཡིག་རྒྱུགས་གཏོང་སྐབས་ཨང་ཀི་སྤྲོད་ཕྱོགས་ལ་སྐྱར་དུ་ཞིབ་འཇུག་བྱེད་པའི་སྲོལ་ཞིག་ཡོད་འདུག་པས
ད་ལམ་གྱི་མཛངས་མའི་དབུ་རྒྱན་བསྒྲོན་ཕྱོགས་ལའང་སྐྱར་དུ་ཞིབ་འཇུག་ཅིག་ཡོང་ངམ?
བུ་ང་ཡིས་རེ་འདུན་ཡིན།
དབྱངས་ཅན་མེ་ཏོག་ལགས་ཁྱེད་ཀྱི་དྲྭ་རྒྱའི་ཁ་བྱང་ངམ་ལག་ཐོགས་ཀྱི་ཁ་པར་ཨང་གྲངས་ཞིག་བྱུང་ན་ང་ལ་སྤྲོད་ཐབས་གནང་དང།
ཁྱེད་བློ་ཕམ་མི་ཡོང་བ་ཞིག་ངས་ཐབས་ཤེས་བྱེད་ངེས་ཡིན།
ཡག་པོར་བྱས་ནས་ལྟོས་དང་བློ་བཟང་དབང་རྒྱལ་གྱིས་བོད་ཕྱི་ནང་གཉིས་ཀའི་ཚབ་མཚོན་མཐུན་པའི་མཛངས་མ་འདེམས་ཐུབ་ཀིན་རེད་དམ། མ་མཐའ་ཡང་ལས་དོན་རྒྱ་ཆེན་པོ་འདི་འདྲ་གནང་བར་ཆ་རྐྱེན་མང་དག་ཅིག་ཚང་དགོས་པ་རེད། བློ་བཟང་ཁོང་རང་བོད་ཀྱི་རིག་གཞུང་སྐོར་ལ་རང་མགོ་མི་འཁྱོངས་མཁན་ཞིག་ཡིན་དུས་ཁོང་གིས་བོད་ཀྱི་མཛངས་མ་ག་འདྲ་ཟིག་བྱས་ནས་བསྡམས་ཐུབ་བམ། གྲོགས་པོ་རྣམ་པས་བུ་མོ་ཆ་བོའི་ཕྱོགས་ནས་གླེང་མ་བསྡད་པར་འདེམ་མཁན་ཁོང་གི་ཕྱོགས་ནས་ཅུང་བགྲོད་གླེང་གནང་ཐུབ་ན་མ་འོངས་པར་མཛངས་མ་ཟེར་ན་ག་འདྲ་ཞིག་དགོས་མིན་ཤེས་ནི་རེད་ལགས།
རྩམ་དགའ་ལགས་ཁྱེད་རང་དགོངས་པ་བཞེས་ནས་གསུངས་དང།
བོད་ཀྱི་མཛངས་མ་འདེམས་མཁན་བློ་བཟང་རེད་པས?
བློ་བཟང་གིས་འདི་ལྟར་གོ་སྒྲིགས་བྱས་པ་རེད་མ་གཏོགས་བུ་མོ་འདི་མཛེས་དང་འདི་མི་མཛེས་འདི་མཛངས་དང་འདི་མི་མཛངས་ཞེས་ཐག་གཅོད་བྱེད་མཁན་ཡིན་ནམ།
མ་གཞི་ནས་ངས་ཀྱང་འདི་ལྟར་བཤད་མྱོང་འོན་ཀྱང་རྗེས་སུ་བསམ་བློ་གཏོང་དུས་དེ་ནི་གནས་ལུགས་ཧ་མ་གོ་ནས་བཤད་པ་རང་རེད་ཤག
བློ་བཟང་བོད་ཕྱི་ནང་གཉིས་ཀའི་ཚབ་བྱེད་ཐུབ་མི་ཐུབ་དེ་ནི་གནས་ཚུལ་སོ་སོ་རེད། ཁོས་ང་བོད་ཕྱི་ནང་གཉིས་ཀའི་སྐུ་ཚབ་ཡིན་ཟེར་ནས་བཤད་པ་ཅང་མ་མཐོང་ངོ།
བློ་བཟང་ད་དུང་སེམས་ཤུགས་མ་ཆག་ཨ་མའི་འབྲོང་རྒོད།
ཁྱེད་ཀྱིས་བོད་ཀྱི་མཛངས་རེ་རེ་ཡིས་གོ་སྒྲིགས་ཀྱིས་གསལ་བསྒྲགས་སྤེལ་ཐེང་རེས། དེ་ནི་མི་ཁ་དགྲ་བཟློག་གདུགས་དཀར་ཚར་གྲངས་སྟོང་བཏོན་པ་དང་མཉམ་པ་ཡིན་ནོ།
ནོར་བཅོས
བོད་ཀྱི་མཛངས་རེ་རེ་ཞེས་པ།
བོད་ཀྱི་མཛངས་མ་རེ་རེ་ཞེས་པར་བཅོས་ཡོད་དོ།
འཛམ་གླིང་དང་ནི་ཨེ་ཤི་ཡ་དང་། །
རྒྱལ་ཁབ་གཞན་གྱི་མཛེས་མ་ཡིས། །
ང་ཡི་སེམས་པ་་མི་འགུལ་ཡང་། །
བོད་ཀྱི་མཛེས་མ་དེ་ལས་ལྡོག །
གྲོགས་རིག་བཟང་ལགས། བོད་ཀྱི་མཛེས་མ་འགྲན་བསྡུར་སྐབས་གཅེར་རྒྱུག་དང་། ཡང་ན་པགས་རྩག་གྱོན་རྒྱུ་གཉིས་གང་རུང་ལས་མེད་པ་ཨི་ཡིན་ན། བོད་མདོ་དབུས་ཁམས་གསུམ་གྱི་བུ་མོ་རྣམས་ཀྱི་རྒྱན་གོས་ཡིད་དབང་འཕྲོག་པ་མང་ཐག་ཆོད་འདུག་པ་དེ་ དག་གྱོན་ན་འགྲིག་གི་མི་འདུག་གམ། གཞན་ཡང་དེང་དུས་དཔེ་གསར་གྱི་གྱོན་གོས་མང་པོའང་མཐོང་རྒྱུ་འདུག་པ་ནི་བརྙན་འཕྲིན་དག་མཁྱེན་ བཞིན་པ་རེད། ང་ལ་ཆགས་པ་མེད་པ་མིན་ཀྱང་དེ་ཚོ་ལ་སེམས་ཆགས་ས་མ་རེད། ཧ་ཧ་ཧ་ དེ་ཚོ་ཀུ་རེ་ཡིན། ངའི་རེ་བ་དབྱངས་ཅན་མེ་ཏོག་ཆེ་ཡང་ཐོབ་མ་སོང་། ད་ནི་མ་ཎི་བགྲང་ནས་སྡོད་པ་ལས་བྱ་ཐབས་མེད་ཁི།
བློ་བཟང་དབང་རྒྱལ་བོད་ཀྱི་ལོ་རྒྱུས་ནང་འཁོད་ཟིན་པ་རེད།
ཁོང་ལ་དངོས་གནས་རྒྱབ་སྐྱོར་ཡོད། ད་དུང་ཕོ་གསར་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་གིས་བོད་ཀྱི་གཞོན་ཁག་ལ་གོ་སྐབས་དགོས། ང་ཚོས་རྗེས་མར་འགྲན་བསྡུར་བ་མང་ཙམ་ཞུགས་རྒྱུའི་ཐབས་ཤེས་འབོད་སྐུལ་གནང་དགོས།
ཡིན་ནའང་འགྲན་བསྡུར་འདི་གྲས་ལ་བོད་ཀྱི་སྐད་ཡིག་ལ་གོ་གནས་མཐོ་ཤོས་ཤིག་སྤྲོད་ཐབས་གནང་དགོས་རེད་དྲན།
ད་ལྟ་འདི་ལ་ཞན་ཆ་མང་པོ་ཡོད་ངེས་རེད། སྐྱོན་ཆ་ཐེར་འདོན་གནང་གིན་གནང་གིན་འཐུས་ཚང་གང་ལེགས་ཡོང་རེ།
བོད་ཀྱི་བུ་མོ་རྒྱལ་གྱུར་ཅིག
ཡང་བློ་ཕམ་མམ་ཡ་མཚན་ཞིག་ལ་དེ་རིང་བོད་མོ་ན་གཞོན་གསུམ་དང་ཕྲད། མཛངས་མའི་འགྲན་བསྡུར་སྐོར་ཤོད་སྐབས། དེའི་ནང་ནས་མཛེས་ཤོས་དེས། ༧གོང་ས་མཆོག་ང་ཚོའི་རྩ་བའི་བླ་མ་རེད། ༧གོང་ས་མཆོག་གིས་ admire གནང་གི་ཡོད་མ་རེད། བྱས་ཙང་ང་ཚོ་བུ་མོ་མང་པོ་འདི་ནང་འཛུལ་འདོད་བྱེད་ཀྱི་མེད་ཟེར།
ང་ནི་ཅི་བཤད་འདི་བཤད་མེད་པར་ལུས།
དོན་མེད་དུ་གཞན་ལ་ཚིག་རྩུབ་སྨྲ་བ་དང་ྐླན་ཀ་འཚོལ་བའི་རིགས་ཀྱི་མཆན་བུ་རྣམས་ཁ་བརྡས་འགོག་བཞིན་ཡོད།
མཆན་བུ་དེའི་རིགས་མུ་མཐུད་དུ་འགོག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཨ་ཁ་ཁ་དབྱངས་ཅན་མེ་ཏོག་། ད་ངས་དབུ་ཆང་ཞིག་འཐུང་དགོས་འདུག་། དེ་མིན་སེམས་པ་སྐྱིད་པོ་མི་འདུག་།
མཛངས་མའི་འགྲན་བསྡུར་ལ་རྒྱན་གོས་ཚང་མ་ཕུད་ནས་འོ་ཤུབས་དང་འདོམས་ཁེབས་རྐྱང་གོན་དགོས་པའི་རྒྱུ་མཚན་ག་རེ་ཡོད་ན། ཁ་ཤས་ཤིག་གིས་ནི་དེ་ལྟར་མ་བྱས་ན་རྗེས་ལུས་ཐེབས་ཚུལ་ཞིག་ཀྱང་གསུངས་འདུག དེ་འདྲ་རང་ཨ་ཡིན་བསམ།
བོད་ཀྱི་མཛངས་མར་རྒྱལ་བ་རིན་པོ་ཆེས་ཐུགས་སྣང་མེད་ཚུལ་ཞིག་ཀྱང་གསུངས་འདུག རྒྱལ་བ་རིན་པོ་ཆེས་ཐུགས་སྣང་གནང་དགོས་ན་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་གཟིགས་འབུལ་ཞུ་རུང་བ་ཞིག་དགོས་ངེས་རེད། རྒྱལ་བ་རིན་པོ་ཆེ་ནི་འདུལ་བ་འཛིན་པའི་སྐྱེས་བུ་དམ་པ་ཞིག་རེད། དེ་འདྲའི་འདུལ་འཛིན་གྱི་སྐྱེས་བུ་དམ་པའི་སྐུ་མདུན་ལ་རྒྱན་གོས་ཚང་མ་ཕུད་ནས་འདོམས་ཁེབས་དང་འོ་ཁེབས་རྐྱང་གོན་ནས་འགྲོ་རུང་གི་རེད་པས།
ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས། དྲང་པོའི་མི་ལ་འཁྱོག་པོའི་ལམ་བསྟན་པ། །མགོ་སེར་དབྱིན་ཇི་རྣམས་ལ་ཡིད་མ་གཏད། །གསུངས་ཡོད་རེ། དེ་ཡིན་དུས་དབྱིན་ཇིའི་ལད་ཟློས་རྒྱབ་རྒྱུ་གཡུགས་ནས་བོད་རང་གི་ལམ་སྲོལ་བསྒྲིག་ན་མི་བཟང་ངམ།
འོ་ཤུབས་དང་འདོམས་ཁེབས་གྱོན་ནས་གཟུགས་པོའི་དབྱིབས་ལ་ཨང་ཀི་སྤྲོད་རྒྱུའི་སྲོལ་ཞིག་ཡོད་ཚོད་རེད།
དེ་འདྲ་མ་བྱས་ན་རྗེས་ལུས་ཡིན་ཚུལ་ངས་མ་བཤད། ཡིན་ནའང་དེ་ལ་ཤིན་ཏུ་ཧ་ལས་ཚུལ་གྱིས་མི་ལེགས་ཚུལ་བརྗོད་ན་རྗེས་ལུས་རེད་ཅེས་ངས་བརྗོད་ན་འདོད།
ལོ་ལྔ་བཅུའི་ནང་ཚུད་ལ་བསམ་བློ་ཞིག་གཏོང་ན། དང་པོའི་སྐབས་ཤིག་ལ་གཙང་སིང་སིང་སྡོད་ནའང་ཕྱི་རྒྱལ་གྱི་རྗེས་ཟློས་རེད། བོད་རང་གི་རིག་གཞུང་མ་རེད། ཟེར་མཁན་ག་ཚོད་ཡོད་མེད་རང་གིས་མཁྱེན་ཡོད་ཚོད། གང་ལྟར་འཛམ་གླིང་སྤྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་ཞིག་བོད་པས་སྔོན་ཐོན་དུ་རློམ་ནས་བྱ་སྤྱོད་དེ་འདྲ་
སྤེལ་ན་ང་ཚོས་སློབ་སྟོན་ནས་འགོ་བཙུག་ནས་གང་ནུས་ཀྱིས་བཀའ་འགོག་བྱ་དགོས།
གཞན་བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་ལོས་དགོས་ཏེ། རིག་གཞུང་ཁ་ཤས་ནི་སྲུང་རྒྱུ་བཞག་ནས་དོར་དགོས་པ་དེ་འདྲ་ཡང་ཡོད་རེད།
དེ་ཡིན་དུས་བོད་ཀྱི་རིག་གཞུང་ནས་ཡ་རབས་ཚུལ་མཐུན་རིགས་སྲུད་སྐྱོབ་བྱ་དགོས།
གྲོགས་པོ་drong ལགས། སྐུ་ཉིད་དབྱངས་ཅན་མེ་ཏོག་ལགས་ཀྱི་གཅེན་པོ་ཡིན་ནམ།གང་ལྟར་ངས་ཁྱེད་ལ་ངོ་སྤྲོད་དམ་གསལ་བཤད་ཐུང་ངུ་ཞིག་སེམས་གཏིང་ནས་ཞུ་བར་ཌྷའདོད། འགྲན་ཚོགས་དེ་ནི་བུད་མེད་མཛངས་མའི་དབུ་རྒྱན་གྱི་སླད་དུ་རེད་མ་གཏོགས་བཞིན་རས་ཙམ་གྱི་འགྲན་བསྡུར་ཞིག་མ་རེད། ནོར་འཛོམས་ལགས་དང་དབྱངས་ཅན་ལགས་ཀྱི་དྲི་ལན་ཁག་ལ་སླར་ཡང་གཟིགས་སྐྱོར་ཞིག་གནང་དང་། གཟི་བརྗིད་ཁོག་སྟོང་ནི་དོན་བྱེད་ནུས་སྟོང་བཞིན་དུ་མ་རེད་དམ།
གལ་སྲིད་ཁྱེད་ལ་དེ་འདྲའི་སྐྱིས་སྡུག་མཉམ་མྱོང་གི་འཚོར་བ་དྲག་པོ་ཞིག་ཡོད་ན་དབྱངས་ཅན་ལགས་ལ་རང་ངོས་ནས་དབུ་རྒྱན་ཞིག་སྒྲོན་རོགས་གནང་། ངས་བློ་བཟང་དབང་རྒྱལ་ལགས་ལ་དེ་པར་དུ་བཏབ་པར་རེ་འདུན་ཞུས་ཏེ་བོད་ཀྱི་དུས་བབ་ཀྱི་གསར་ཤོག་སྟེང་དུ་བཀོད་པའི་རེ་བ་ཡང་རྒྱབ་མཆོག
འགའ་ཞི་གིས་མཛེས་མ་འགྲེན་བསྡུར་གྱི་བོད་མི་རིགས་འདི་དེང་རབས་དང་ཅན་སྔོན་ཐོན་ཅན་ཀྱི་རྗེས་ཆོད་པ་ད་ལྟ་བུས་དགའ་ཚོར་ཆེནཔོསབསྟོད་ར་བྱེད་མོད། འོན་ཀྱང་འདི་ནི་མ་རྟོགས་ལོག་པར་རྟོགས་ཤིག་དང་དེང་རབས་དང་སྔོན་ཐོན་ཞེས་དོན་ཇི་བཞིན་མ་ཤེས་པ་རེད། གལ་སྲིད་འདི་འདྲ་བ་ཞིག་གིས་ང་ཚོ་རྗེས་ལུས་ཐེབས་པ་ཡིན་ན་ད་ང་ཚོ་འགྲིག་ཚར་བ་རེད་དེ་གནས་ཚུལ་དངོས་འདི་འདྲ་ཞིག་མ་རེད།
ངེས་བསམ་ཚུལ་མདོར་ཙམ་ཞུས་ན་དེ་ལྟར་ཡིན་་་་མཛེས་མའི་འགྲན་འདུར་ཡོད་འདེ་དགའ་སུ་ཡོད་ཡོན་རྐྱང་སློབ་སྦྱོང་ཀྱི་ཚད་དེ་ཡག་པོ་དགོས་ནི་ཤིན་ཏུ་འགལ་ཆེ་་་་་་་ངས་མ་ཐོང་ཙམ་གྱི་བུ་མོ་དེ་ཚོ་བོད་ཀྱི་སྐད་ཡག་པོ་ཤེས་ཀྱི་ཡོད་ས་མ་རེད་