ཨཙཱརྱ་ཨག་ལོ་ཡིས།
སུམ་རྩེན་གནས་དེ་དག་པའི་ཞིང་ལ་བྱས། །
བྱ་རུང་ཁ་ཤོར་བལ་པོའི་ཡུལ་དུ་བཞེངས། །
མདོར་ན་གནས་ཀྱི་ཁྱད་པར་ཙམ་ཞིག་ལས། །
འབྱེད་ཆོས་གཞན་ནི་རི་བོང་རྭ་ལ་བསྒྲུན། །
བྱ་རུང་ཁ་ཡི་གྲགས་པའི་རྒྱལ་མཚན་ལ། །
རྒྱ་གར་གསེར་གྱི་མཆོད་རྟེན་སྙེམས་མི་ཉེན། །
གངས་ཅན་ཉི་མ་ལྷ་སའི་འཕང་བ་ན། །
རི་བོ་གྲུ་འཛིན་དེ་ཡང་ཡོད་པ་ལགས། །
བྱིན་ཅན་བྱ་རུང་ཁ་ཡི་ནང་གི་གཟུངས། །
ཞི་བདེ་རྒྱ་མཚོའི་ནོར་བུས་འཐབ་ཅེས་པ། །
ཀུན་ཏུ་རྨོངས་ནས་དད་ལྡན་ཆོས་པའི་ཚོགས། །
རྒྱ་མཚོའི་མཐའ་ལ་སྐོར་བའི་ངང་ཚུལ་མཚར། །
དབང་ཕྱུག་རྒྱལ་བྱིན་སོགས་ཀྱིས་གནས་མ་བཅས། །
དབུ་མ་མཆོག་མ་སོགས་ཀྱང་ཞབས་མ་བཅགས། །
སྐབས་གསུམ་བྱ་རུང་ཁ་ཡི་མཚར་སྡུག་གང་། །
ཁམས་གསུམ་གཞན་ལས་མི་སྣང་ཡིད་རེ་སྐྱོ། །
ནག་ནོག་དྲི་མ་དག་པར་མི་བྱེད་ཅིང་། །
བརླན་ཞིང་བཤེར་བའི་ཆོས་ཀྱི་ཁྱད་པར་སྟོངས། །
བྱ་རུང་ཁ་ཡི་དཀྱིལ་འཁོར་རྒྱ་མཚོའི་ངོགས། །
འཇུག་ན་སྡིག་སྒྲིབ་མ་ལུས་བྱང་བར་བྱེད། །
གལ་ཏེ་ཁ་ཆེའི་ལྷ་ཁང་དཀར་པོ་ལ། །
གཟུངས་དང་བཅོས་སྐྱོབ་ཡོན་ཏན་ལྡན་གྱུར་ན། །
བལ་པོ་ས་ཡི་ཐིག་ལེར་རབ་འཁྱིལ་བའི། །
བྱིན་ཅན་བྱ་རུང་ཁ་དང་བསྡོངས་པར་བྱེད། །
དད་ལྡན་སྐར་ཚོགས་དབུས་ཀྱི་བྱ་རུང་ཁ། །
དཀར་པོའི་འོད་སྟོང་འབར་བའི་ཟླ་བ་ལ། །
རྣམ་པར་གཡོས་ནས་ཉེ་འདབས་ཀུ་མུད་ཚོགས། །
འཛུམ་འདབ་གྲོལ་ཞིང་དགའ་བའི་དྲི་བསུང་འཐོར། །
སུམ་རྩེན་གནས་སུ་ལྷ་ཡིས་འཐབ་རྩོད་རྒོད། །
ཐར་བའི་གྲོང་ནི་སོ་སྐྱེས་བློ་ལས་འགོངས། །
དེ་དག་ལས་ཀྱང་བྱ་རུང་ཁ་ཤོར་འདི། །
ཞི་ཞིང་ཀུན་པོས་འཇུག་པའི་ཁྱད་པར་ཆེ། །
པོ་ཏ་ལ་ནི་སྤྱན་རས་གཟིགས་ཀྱི་ཞིང་། །
རྡོ་རྗེ་གདན་ནི་ཐུབ་དབང་མངོན་རྫོགས་གནས། །
དེ་དག་གཉིས་དང་ཀུན་ཏུ་མཚུངས་གྱུར་བའི། །
བལ་པོ་ཡུལ་གྱི་གནས་ཆེན་བྱང་རུང་ཁ།། །།
སརྦམངྒལཾ།
སུན་རྩེན་ཡུལ་ན་ལྷ་ཡི་རྔ་བོ་ཆེ།།
མ་བརྡུངས་ན་ཡང་ཆོས་ཀྱི་གྲགས་ལོ།།
མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་འདི།།
སྨོན་ལམ་ཡོངས་སུ་གྲུབ་པར་བསྙོན་དུ་མེད།།
ཨུ་མ་དེ་ཝི་དབང་ཕྱུག་དགའ་མ་ལོ།།
བྱ་རྫི་མ་དེ་སྒྱུ་འཕྲུལ་ལྷ་མོ་དངོས།།
སུམ་རྩེན་ཡུལ་འདི་མཐོ་རིས་གནས་མཆོག་ལོ།།
བལ་པོའི་ཡུལ་འདི་དེ་ལས་ལས་ལྷག་ཅེས་གསུངས།
མ་བརྡུངས་ན་ཡང་ཆོས་ཀྱི་སྒྲ་གྲགས་ལོ།།
དབང་ཕྱུག་རྒྱལ་བྱིན་སོགས་ཀྱིས་གནས་མ་བཅས། །
འདི།
དབང་ཕྱུག་བརྒྱ་བྱིན་སོགས་ཀྱིས་གནས་མ་བཅས། །
ཡིན་དགོས་ཏེ། རྒྱུ་ཆོས་བྱིན་བརྒྱ་སྦྱིན་པ་ལས། ལྷ་ཡི་རྒྱལ་པོར་སྐྱེས་པར་གྲགས་པས་སོ།།
རྒྱན་ཆ་ཚང་ངོས་ཟུངས་ཐུབ་ན་དེ་བཞིན་རྔན་པ་ཡང་ཡོད་ངེས།ཧཧཧཧ
ལྷ་ཡི་ཡུལ་ཞེས་གྲགས་པ་ཆེ་ན་ཡང་། །
དེས་ན་ལ་བ་དཀར་པོའི་རྡོ་ལེབ་དང་། །
གཙུག་ཕུད་བྲེགས་པའི་མཆོད་རྟེན་ཙམ་ཞིག་མཆིས། །
དགའ་བའི་ཚལ་སོགས་གཞན་རྣམས་ཉོན་མོངས་རྒྱུ། །
བལ་པོའི་ཡུལ་འདིར་ཤེར་ཕྱིན་འབུམ་པ་དང་། །
འབྲེལ་ཚད་དོན་ལྡན་མཆོད་རྟེན་རྣམ་གསུམ་བཞུགས། །
ད་དུང་དེ་ན་སེར་སྐྱའི་རྒྱལ་ཁབ་དང་། །
ལུམྦྷི་ནི་སྟེ་སངས་རྒྱས་འཁྲུངས་གནས་མཆིས། །
འདི་ནས་བརྩིས་པའི་ལོ་ནི་ཆིག་སྟོང་གོང་། །
སྐྱེས་བུའི་མཆོག་ཅིག་མར་པ་ལོ་ཙཱ་བས། །
ཡུལ་ལྷ་ལས་ལྷག་པ་བལ་པོའི་ཡུལ་ཞེས། །
བསྟོད་མགུར་བཞེས་པའང་འདི་ལ་དགོངས་པར་སེམས། །
ལྷ་གནས་ཆ་སུམ་བཅུ་རྩ་གསུམ་གཅིག་པུ་ལའང་། རྩུབ་འགྱུར་གྱི་ཚལ་སོགས་གནས་མི་འདྲ་བ་མང་པོ་ཡོད་པར་གསུངས་འདུག བརྒྱ་བྱིན་གྱི་ཕོ་བྲང་ནང་ལ་ལྷ་མ་ཡིན་རྣམས་ནང་ལ་རྫུལ་མི་ཐུབ་པའི་ཁྱད་ཆོས་བཤད་ཡོད་པ་དང་།
ད་དུང་སྐད་ཆ་སྙན་པོ་གཅིག་ལ་ནི། ཛམ་བུ་གླིང་གི་མིའི་དཔལ་འབྱོར་ཡོངས་རྫོགས་གཅིག་གཏུབསྡུས་ན་ཡང་། ལྷའི་དབང་པོ་བརྒྱ་བྱིན་གྱི་ཞབས་ལྷམ་གཅིག་གི་རིན་ཟླ་མི་འོངས་བའང་གསུང་སྲོལ་རེད་དོ།། །།ཧཧ།། །།
འོནད་ཀྱང་ང་ནི། ལྷ་ཀླུར་མི་རེ། ངན་སོང་གསུམ་ལའང་མི་བསྐྲགས་སོ།། ཧཧཧ། ཀུ་རེ་དང་བཅས་སོ།། །།
ཚིག་གི་སྦྱོར་བ་ཉམས་ཤིང་དག་ཆ་མེད།།
འདི་ལ་སྙན་ངག་ཟེར་ན་སུ་ཞིག་གིས།།
ཡི་གེ་བྲིས་ཚད་སྙན་ངག་ཏུ་ཐལ་བས།།
དེས་ན་དེར་ཡང་ངེས་པར་གཟབ་འཚལ་ལོ།།
བཀའ་མདོ་བསྔགས་ནང་ཆོས་སྙིང་ཁུ་ལ་།
ཁ་ཡོད་ཚད་ཉམས་ལེན་མ་འཕྱུགས་ཨ་།
རྒོད་ཤོག་རྩལ་ཡོད་ན་ནམ་མཁའ་ལ་།
ང་ལ་དབང་ཁོ་དབང་བདག་ཐོབ་མེད་།