བློ་གྲོས་རབ་བརྟན།
ང་ཚོའི་སྲིད་སྐྱོང་འདི་ང་ཚོའི་སྐད་ཡིག་གི་གཤེད་མ་ཡིན་ནམ། ངས་བལྟས་ན་ཕར་ཆེར་ཁོ་གཤེད་མ་རེད་ཅེས་བཤད་ཐུབ། འདི་ནས་སྲིད་སྐྱོང་ལ་བོད་ཀྱི་སྐད་ཡིག་གི་དང་རིག་གཞུང་གི་ཤེས་ཚད་མེད་པ་དེ་གནད་འགག་མ་རེད། གནད་འགག་ནི་ཁོའི་བོད་ཀྱི་སྐད་ཡིག་ལ་འཛིན་པའི་རྣམ་འགྱུར་དེ་རེད། ལྔ་དང་ལྔ་བཅུའི་ཚོགས་འདུ་འདི་ནི་སྲིད་སྐྱོང་གིས་གཉེར་བའི་ཚོགས་འདུ་ཞིག་ཡིན་དུས། ཚོགས་འདུ་དེར་མངོན་པའི་བོད་ཀྱི་སྐད་ཡིག་ཐད་བསྟན་པའི་རྣམ་འགྱུར་དེ་གནད་འགག་ཆགས་ཡོད།
ལྔ་དང་ལྔ་བཅུ་ཟེར་བའི་འབོད་ཚིག་དེ་སྲིད་སྐྱོང་བློ་སེང་གི་ཡོད་ན་མེད་ན་ཅིག་རེད། དོན་ལ་ལྔ་དང་ལྔ་བཅུའི་ལས་ཀ་འདི་ཡིན། གོ་རིམ་འདི་བསྒྲིགས་ཡོད། ལོ་འདིའི་ནང་ལས་ཀ་འདི་ཚར་དགོས་ཟེར་བ་སོགས་ཅི་ཡང་སྟོན་རྒྱུ་མེད་ལ། འགྲོ་སོང་མང་པོ་བཏང་སྟེ་ཚོགས་འདུ་ཞིག་དང་། མི་གཞན་གྱི་བསམ་ཚུལ་ལ་ཉན་པ་ཙམ་རེད། དེ་སྔོན་ཚོགས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཚོགས་ཞུགས་འཐུས་མི་བོད་རིགས་མ་ཡིན་པ་འང་གང་འཚམས་ཡོད་པས། ཚོགས་འདུའི་སྐད་ཆ་དབྱིན་སྐད་སྤྱད་པ་ཡིན་ཟེར་ན་བསམ་ཤེས་ཐུབ་པ་ཞིག་རེད་དེ། ད་ཐེངས་བོད་རིགས་སློབ་མ་སྐོར་ཞིག་ལྔ་དང་ལྔ་བཅུ་ཟེར་བའི་ཚོགས་འདུ་ཚོགས་སོང་། ངས་ད་བར་བཙན་བྱོལ་དུ་བོད་རིགས་ཁེ་རྐྱང་གི་ཚོགས་་འདུ་ཞིག་ལ་རང་སྐད་བཞག་སྟེ། གཞན་སྐད་བཤད་པའི་ཚོགས་འདུ་ཞིག་མཐོང་བ་དང་པོ་ཡིན།ད་བར་དུ་བཙན་བྱོལ་དུ་སྲིད་སྐྱོང་མང་པོ་བྱུང་བའི་ནང་ནས་བློ་སེང་རིང་ལ་བོད་མིས་བོད་སྐད་བཞག་སྟེ་གཞན་སྐད་བཤད་པའི་ཚོགས་འདུ་ཐེངས་དང་པོ་བྱུང་སོང་། འདི་བཙན་བྱོལ་བོད་མིའི་ཟིན་ཐོ་རེད། བློ་སེང་གི་གསར་གཏོད་ཀྱང་ལོས་ཡིན། བོད་པའི་སྐད་ཡིག་གི་གོད་ཆག་ཅིག་རེད།
བོད་ནས་བཀྲ་ཤིས་དབང་ཕྱུག་ལགས་ནས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གི་ཆེད་དུ་ལོ་ལྔའི་ཁྲིམས་ཆད་མྱོང་བཞིན་པའི་སྐབས་འདིར། བཙན་བྱོལ་དུ་བློ་སེང་གི་ལྔ་དང་ལྔ་བཅུའི་ཚོགས་ཐོག་ཏུ་བོད་ཀྱི་སྐད་ཡིག་གི་གོ་གནས་རྩ་མེད་བཏང་སོང་། ང་ཚོ་ལ་ནུས་པ་ཆ་ཚང་ཞིག་ཡོད་ན། བཙན་བྱོལ་དུ་སྲིད་སྐྱོང་ལའང་བོད་ཀྱི་སྐད་ཡིག་ཐད་ནས་ཉེས་ཆད་ལྕི་མོ་ཞིག་གཅོད་དགོས་པའི་དུས་ལ་བབས་སོང་། གོང་ས་མཆོག་གིས་གཙོས་བོད་ཀྱི་སྐད་ཡིག་ལ་དུངས་པ་ཟབ་པའི་གཞིས་བྱེས་གཉིས་ནས་མཁས་དབང་ཚོས་རང་གི་སྐད་ཡིག་དེ་གལ་ཆེན་ཡིན་ཚུལ་ག་ཚོད་ཤོད་ཀྱིན་འདུག མིག་ཞར་བ་དང་རྣ་བ་འོན་པ་མིན་ན་མ་ཤེས་པ་དང་མ་གོ་བའི་ཚོད་ཅིག་གཏད་ནས་མིན། འདི་ནི་བོད་མི་ཚོར་ཤེས་བཞིན་ཁྱད་གསོད་དང་མི་རིགས་འདིའི་སྐད་ཡིག་གམ་ཚེ་སྲོག་ལ་རྒོལ་བའི་ལས་ཀ་གཏིང་ནག་ཅིག་མ་ཡིན་ནམ།
སྤྱི་ཚོགས་རྒྱུད་ལམ་ཁག་ལ་ལྟོས་དང་། བོད་ཀྱི་སྐད་ཡིག་བཞག་པའི་ཚོགས་འདུ་ལ། བོད་མི་ཚོས་ལྔ་དང་ལྔ་བཅུའི་ཚོགས་འདུའི་འགྲེལ་བཤད་དུ་” བོད་ཡིག་ལྔ། དབྱིན་ཡིག་ལྔ་བཅུ” ཟེར་ནས་མ་རངས་པའི་རྣམ་འགྱུར་ག་ཚོད་སྟོན་གྱི་འདུག འདི་ནི་རྒྱུ་ཕྱོགས་ཡག་པོ་ཞིག་གཏད་ནས་མིན། མ་འོངས་པ་ན། ཐེངས་འདིའི་ཚོགས་འདུ་ལྟ་བུ་གཉིས་པ་མ་ཡོང་པར་སྔོན་འགོག་ཏན་ཏན་བྱེད་དགོས། ང་ཚོས་རྒྱ་འོག་ནས་བོད་ཀྱི་སྐད་ཡིག་ལ་རང་སྐྱོང་ལེན་མ་ཐུབ་ཀྱང་། སྲིད་སྐྱོང་བློ་སེང་གི་ལག་ནས་ངེས་པར་བོད་ཀྱི་སྐད་ཡིག་གི་རང་སྐྱོང་ཐོབ་ཐང་ལེན་ཐུབ་དགོས། བསམ་བློ་རེ་བཏང་ན། ཕར་རྒྱ་དམར་གྱི་དབང་འོག་ཏུ་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་སྤྲོད་ཀྱི་མི་འདུག་ཅེས་སྐད་རྒྱག་སྐབས། ཚུལ་བཀའ་ཤག་གིས་བོད་མིའི་ཁྲོད་ནས་བོད་ཀྱི་སྐད་ཡིག་གི་བཞུགས་ཁྲི་རྩ་རྫོགས་བྱས་ཡོང་དུས། ད་ནི་ཕར་ཕྱོགས་ལ་བོད་ཀྱི་སྐད་ཡིག་ཐད་སྐད་ཆ་བཤད་རྒྱུ་ལྷག་མེད་པ་འདི་ཤེས་དགོས། བོད་ཀྱི་སྐད་ཡིག་ཐད་ནས་བལྟས་ན་པེ་ཅིང་གཞུང་དང་རྡ་སའི་བཀའ་ཤག་གཉིས་བར་ཁྱད་པར་མེད་པ་འདི་ནས་གསལ་བོར་བསྟན་སོང་།
བོད་མི་ཚོར་གཅིག་ཡོད་པ་ནི་བོད་ཀྱི་སྐད་ཡིག་དེ་རེད། ང་ཚོ་ལ་དབང་བའི་བོད་མིའི་སྒྲིག་འཛུགས་དེའི་ཁྱབ་ཁོངས་ནས་བོད་ཀྱི་སྐད་ཡིག་དང་པོ་ཡིན་པའི་གོ་བབ་དེ་མུ་མཐུད་དུ་གནས་མིན་ལའང་དོགས་པ་རང་བཞིན་གྱིས་ཡོང་འགོ་བརྩམས་སོང་། འགོ་ན་སྡོད་མཁན་ཚོས་བོད་ཡིག་གི་སྤྱོད་སྒོ་ཆུང་དུ་གཏོང་བཞིན་པ་འདིས། སྐད་ཡིག་དེ་ལ་འཇུས་པའི་བོད་མི་རིགས་ཀྱི་ཚེ་སྲོག་གི་དུས་ཡུན་ཡང་ཐུང་དུ་བཏང་བ་ཞིག་རེད།
མ་གཞི་ནས་སྲིད་སྐྱོང་ལ་སློབ་ཕྲུག་སྐོར་ཞིག་གི་ཁ་ནས་བློ་བསྐྱེད་ཅི་ཞིག་རེག་རྒྱུ་ཡོད་དམ། ཚོགས་ཞུགས་སློབ་ཕྲུག་ཚོས་བཤད་ན་ཉམས་མྱོང་བསག་གི་ཡོང་ཡིན་ཟེར། བོད་ཀྱི་སྐད་ཡིག་སྨྲ་བརྗོད་ཙམ་ཡང་མི་འཁྱོངས་པའི་སློབ་མ་སྐོར་ཞིག་གིས་བོད་མིའི་མདུན་ལམ་ཐད་ལམ་ཁ་གསར་བ་ཞིག་སྟོན་མི་ཐུབ་པ་ཀུན་ཤེས་རེད། དེར་བརྟེན་སྲིད་སྐྱོང་གི་ལས་ཀ་འདི་དག་ནི་མིང་རྫིག་དོན་སྟོང་ཞིག་དང་དོན་ཏག་མེད་སར་གཞུང་དངུལ་ཁྲོ་བརླག་ཡིན་པ་དེ་རེད།
༡ རྩོམ་བྱང་འདི་བཀྲ་ཤིས་རྒྱ་མཚོའི་ངོ་དེབ་ལས་བླངས།
ཧ་ཅང་བདེན་ལ་དོན་གནས་རང་རེད། སྐད་ཡིག་ལ་སྣང་མེད་དུ་བཏང་བ་ད་ཐེངས་གཅིག་པོ་མིན་སྙམ།
བློ་སེང་ཉིས་སྟོང་བཅུ་གཅིག་ལོའི་ངས་རེ་བ་དང་ཡིད་ཆེས་བྱེད་སའི་འོས་ཡིན་མོད། འདས་པའི་ལོ་ངོ་བདུན་རིང་གི་ཁོའི་བྱ་བྱེད་ལས་གསུམ་ལས་ཁོས་བོད་མི་རིགས་དང་རིག་གཞུང་ལ་བཟུང་བའི་འདུ་ཤེས་ག་འདྲ་ཡིན་ལྷང་ལ་བུད་ཡོད་པས། ད་ནི་བོད་ཅེས་པའི་ཐ་སྙད་འདི་དང་འབྲེལ་བའི་ཤ་ཚ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ནའང་། བློ་སེང་ཁོག་སྟོང་འདི་ཕྱི་བཙུར་ནང་བཅུན་བྱེད་རན་པ་འཕྱི་བའི་ཚད་རེད། དཔེར་ན། ཁོས་བོད་མི་རིགས་ལ་ལྷག་བསམ་ཀུན་ནས་དཀར་ཞིང་གནའ་དེང་ཤེས་ཡོན་ལ་དབང་འབྱོར་བའི་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཙོས་བོད་མིའི་སྒྲིག་འཛུགས་ནས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ལོག་ལམ་དུ་ཁྲིད་པ་དང། གཞུང་ཡིག་དབྱིན་སྒྱུར་བྱས་པ། གཞུང་སྐད་དབྱིན་སྐད་དུ་བསྒྱུར་པ། བཙན་བྱོལ་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་བྱས་པ་སོགས་མདོར་ན་རྒྱ་གཞུང་དང་མིང་མ་འདྲ་བ་མ་གཏོགས་བྱེད་ལས་མཐའ་དག་གཅིག་པ་རྐྱང་དུ་ངེས། བློ་སེང་གི་མི་གཤིས་ནི་སྔོན་མ་ལྡི་ལི་ཆུ་སྒང་ལ་བློ་ལོག་ནས་ཅི་བྱས་དྲ་ལམ་ཁག་མ་ཁྱབ་བཞིན་པ་ལྟར། བློ་སེང་ལ་དགོས་པ་བོད་མི་རིགས་དང་རིག་གཞུང་མ་རེད་ལ། མདོ་སྟོད་ཆོལ་ཁའང་མ་རེད།
བོད་མིའི་བླ་སྲོག་བོད་སྐད་རེད་།
བོད་མིའི་བླ་སྲོག་བོད་ཡིག་རེད་།
བོད་མིའི་བླ་སྲོོག་ནང་ཆོས་རེད་།
བོད་མིའི་བླ་སྲོག་རིག་གཞུང་རེད་།
བོད་མིའི་བླ་སྲོག་རང་བཙན་རེད་།
་་་་་་་་་་་ ད་ཐེངས་བོད་རིགས་སློབ་མ་སྐོར་ཞིག་ལྔ་དང་ལྔ་བཅུ་ཟེར་བའི་ཚོགས་འདུ་ཚོགས་སོང་། ངས་ད་བར་བཙན་བྱོལ་དུ་བོད་རིགས་ཁེ་རྐྱང་གི་ཚོགས་་འདུ་ཞིག་ལ་རང་སྐད་བཞག་སྟེ། གཞན་སྐད་བཤད་པའི་ཚོགས་འདུ་ཞིག་མཐོང་བ་དང་པོ་ཡིན། ་་་་་་་་་་
ཡང་།
་་་་་་་་བོད་མི་ཚོས་ལྔ་དང་ལྔ་བཅུའི་ཚོགས་འདུའི་འགྲེལ་བཤད་དུ་” བོད་ཡིག་ལྔ། དབྱིན་ཡིག་ལྔ་བཅུ” ཟེར་ནས་མ་རངས་པའི་རྣམ་འགྱུར་ག་ཚོད་སྟོན་གྱི་འདུག ་་་་་་་་་་་
་
ལགས་རེད།
བློ་སེང་ལྔ་དང་། བོད་ཡིག་བོད་སྐད་༥༠ དང་། ཨིན་ཡིག ༡༠༠ ཧཧཧཧ།།
ཁྱི་སེང་འདིས་༧གོང་ས་མཆོག་བེད་སྤྱོད་གཏོང་གིན་འདུག ཕྱི་རྒྱལ་ཁག་ཏུ་ཡོད་པའི་སློབ་ཕྲུག་དང་སློབ་ཕྲུག་མ་ཡིན་པ་སོགས་ལྔ་དང་ལྔ་བཅུའི་ཚོགས་འདུ་ལ་ཡོང་ན་༧གོང་ས་མཆོག་ལ་མཇལ་ཁ་རག་རྒྱུ་དང་མཉམ་ཏུ་པར་རྒྱག་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡིན་པ་དང་ལམ་གྱི་འགྲོ་སོང་ཡང་གཏོང་གི་ཡིན་པ་སོགས་གཞུང་རྒྱུ་དང་༧གོང་ས་མཆོག་བེད་སྤྱོད་ལོག་པར་གཏོང་གིན་འདུག ཁྱི་སེང་ལོག་སྤྱོད་པ་འདིས་བོད་ཀྱི་སྐད་ཡིག་ལ་ཁྱད་གསོད་བྱས་པའི་ནག་ཉེས་གནམ་མཁར་མི་ཤོང་།
སྤྱིར་ན་གོང་དུ་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པར་ཐུགས་རྗེ་ཆེ་ཞུ། ཡིན་ཡང་འདི་ནི་ཚོགས་ཞུགས་པ་མང་ཤོས་བོད་སྐད་ལ་བྱང་ཆ་ཡོད་དམ་དབྱིན་སྐད་ལ་བྱང་ཆ་ཡོད་མེད་ལ་རག་འདུག་སྙམ། ཚོགས་འདུ་ནི་མི་དང་མིའི་བར་ཕན་ཚུན་བརྗོད་བྱ་ཅི་རིགས་སྟེང་བསམ་ཚུལ་བརྗེ་རེས་བྱེད་པ་ཞིག་ཡིན་པས། ཐེངས་འདིའི་ཚོགས་ཞུགས་པ་གཞོན་སྐྱེས་མང་ཤོས་ཀྱིས་སྐད་རིགས་གང་ཞིག་གི་སྟེང་ནས་མྱུར་མོ་དང་གོ་བདེའི་ལམ་ནས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་ཐུབ་ན་སྐད་ཡིག་དེ་བཀོལ་ན་འགྲིག་སྙམ། ཚོགས་འདུ་དང་སྐད་ཡིག་འཛིན་གྲྭ་གཉིས་མི་འདྲ། རྒྱ་གར་གྲོས་ཚོགས་ལ་མཚོན་ན་གྲོས་མི་མང་པོས་ཧིན་སྐད་དང་དབྱིན་སྐད་སྦྲགས་མ་བཤད་པ་འཆར་ཅན་ལྟ་བུ་ཞིག་རེད། གང་ལྟར་ངས་ནི་ཚོགས་འདུའི་བརྙན་ལ་བལྟས་མེད།
ངས་དུས་བབ་ཚང་གིས་ཐེངས་འདིའི་ཚོགས་ཞུགས་པ་གཞོན་སྐྱེས་སྐོར་ཞིག་ལ་བཅར་འདྲི་བྱས་པའི་བརྙན་ཞིག་ད་སོ་མར་མཐོང་། དེའི་ནང་གི་གཞོན་རབས་པ་ཚོར་བལྟས་ན་བོད་སྐད་དེ་ཙམ་ཡག་པོ་མེད་པའི་ཚུལ་འདུག་ལ། ཁྱད་པར་དུ་ཐ་སྙད་ཀྱི་ཕྱོགས་སུ་བོད་སྐད་ཀྱིས་འདང་གི་མི་འདུག དེ་གཞིར་བཞག་ནས་དཔྱད་ན། ཐེངས་འདིའི་ཚོགས་ཞུགས་པ་ཚོས་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས་དང་རིག་གཞུང་སོགས་ཀྱི་ཕྱོགས་ནས་ཡོངས་བཀོལ་ཐ་སྙད་སྤྱད་ནས་ཕན་ཚུན་གོ་བརྡ་སྤྲོད་དགོས་ན། དེ་ནི་ཚོགས་ཞུགས་པ་ཚང་མར་སྤྱི་ཁྱབ་ནས་ཐ་སྙད་འདང་ངེས་ཡོད་པའི་དབྱིན་སྐད་དང་དབྱིན་ཡིག་དེ་བཀོལ་སྤྱོད་ཆེས་བདེ་ཤོས་དེ་ཡིན་པར་མཐོང་། འདི་ནི་བློ་སེང་གཅིག་པོའི་ནག་ཉེས་མིན་པར་ང་ཚོའི་འདས་པའི་མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་སློབ་གསོ་དང་། གཞན་བརྟེན་ཁོར་ཡུག་གི་གཅུན་སྡོམ་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་བསྐྱེད་འབྲས་ཡིན་པར་འདོད། སྤྱིར་ང་ནི་བློ་སེང་དང་སྤེན་ཚེའི་དམག་མི་སུའི་ཕྱོགས་གཏོགས་ཀྱང་མིན་པར་བར་འདུག་པ་ཞིག་ཡིན། བར་ནས་ལྟད་མོ་བལྟ་མཁན་ཞིག་ཡིན། ཡིན་ཡང་རང་རེའི་སྐད་ཡིག་ཉམས་དམས་ཀྱི་འཐུས་ཤོར་ལེ་བདའ་དེ་ནི་འདས་པའི་མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་དབུ་ཁྲིད་ཚང་མ་དང་དགེ་སློབ་ཚང་མས་འཁུར་དགོས་པ་ཞིག་ཡིན་པ་ལས་བློ་སེང་གཅིག་པོར་འདེད་དགོས་པ་ཞིག་མིན།
ཀླུ་སྨྱོན་ལ་ཞུ་རྒྱུ། གོང་གི་རྩོམ་ཡིག་དེས་བཤད་དོན་བོད་མིའི་ཚོགས་འདུ་ལ་བོད་ཀྱི་སྐད་ཡིག་སྤྱོད་དགོས་ཟེར་བ་དེ་རེད། ངས་བལྟས་ན་ཁོས་བཤད་ནོ་དོན་ལ་གནས་ཤིང་། གནད་འགག་ཡོད་པ་ཞིག་རེད། བོད་ཀྱི་སྐད་ཡིག་གི་མདུན་ལམ་ལ་འགན་བཞེས་སྟངས་ཤིག་རེད་ལ། སྐད་ཡིག་ལ་འགན་བཞེས་པ་དེས་མི་རིགས་ལའང་འགན་བཞེས་པ་ཡིན་པ་ཞུ་ག་ལ་དགོས།
ཚོགས་འདུ་ཟེར་བ་ཕྱོགས་གཅིག་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་ཡོད་པ་བདེན། ག་དུས་ཡིན་ནའང་ཚོགས་འདུ་བསམ་ཚུལ་བརྗེ་རེས་མིན་པ་འང་ཤེས་གལ། བོད་དོན་གླེང་ལ་བོད་མིའི་ཁྲོད་བོད་སྐད་སྤྱད་དེ་བསམ་ཚུལ་བརྗེ་རེས་བྱེད་ཐུབ་ཀྱི་མེད་པ་ཡིན་ན། དེའི་རིགས་ཀྱི་བོད་མི་ཚོས་བོད་དོན་ཐད་ནས་ག་ཚོད་ཅིག་ཤེས་ཀྱི་ཡོད་མེད་ཀྱང་གསལ་བོ་རེད་འདོད།
སྐད་ཡིག་གང་ལ་བྱང་ཆ་ཡོད་ན་སྐད་ཡིག་དེ་སྤྱད་དེ་དོན་ཏག་གླེང་ལ་ལས་སླ་བ་ཡོད་པ་བདེན། དེ་ནི་སྒེར་བ་ཞིག་གི་གནད་དོན་རེད། ཐེངས་འདིའི་ཚོགས་འདུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་འདུ་རེད། བོད་མིའི་སྒྲིག་འཛུགས་ནས་བོད་པའི་ཚོགས་འདུ་ལ་བོད་ཀྱི་སྐད་ཡིག་སྤྱོད་དགོས་པ་དེ་བསྙོན་དུ་མེད། དེ་ནི་ལྷག་སྐྱེས་སུ་མངའ་བའི་བོད་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་རེད།
གཞན་རྒྱ་གར་གྲོས་ཚོགས་སུ་སྐད་ཡིག་ཁ་ཤས་བསྲེས་ནས་ཤོད་ཀྱི་ཡོད་པ་བདེན། རྒྱ་གར་ལ་སྐད་ཡིག་མང་པས་རྒྱ་གར་རང་གི་སྐད་ཡིག་ཅིག་གཞུང་འབྲེལ་སྐད་ཡིག་ལ་འཇོག་མ་ཐུབ་པར་དབྱིན་ཡིག་བཞག་པའང་ཤེས་པར་མཛོད་ཅིག
བཀའ་ཤག་གིས་སློབ་མ་སྐོར་ཞིག་ལ་ལྔ་དང་ལྔ་བཅུ་ཟེར་བའི་ཚོགས་འདུ་ཞིག་འཚོགས། ཚོགས་འདུའི་སྐད་ཡིག་བོད་ཡིག་ཡིན་དགོས་པ་བསྙོན་དུ་མེད་ཀྱང་
བོད་སྐད་དང་དབྱིན་སྐད་ཧིན་སྐད་ནེ་བལ་སྐད་སོགས་གང་བེད་
སྤྱོད་བྱས་ནས་ཚོགས་འདུའི་ནང་ཆ་ཤས་བླངས་ཀྱང་དོན་དངོས་
གོང་ས་མཆོག་གི་བཀའ་སློབ་ཕེབས་པ་ན་ལན་ཌའི་མཁས་པའི་
བསྟན་པའི་གཞུང་ལུགས་ཁག་ལ་བོད་མི་སྐྱ་སེར་རྒན་གཞོན་
ཕོ་མོ་ཚང་མས་ཐོས་བསམ་སྒོམ་གསུམ་དང་འཆད་ཉན་རྩོམ་
གསུམ་རྒྱུད་ནས་དུས་རབས་ཉུ་ཤུའི་ནང་པ་བྱེད་དགོས་པའི་
བཀའ་སློབ་ཕེབས་པ་ནས་ད་ལམ་གྱི་ཚོགས་འདུ་འདི་གྲོལ་བ་
དང་དབུས་བོད་མིའི་སྒྲིག་འཛུགས་ནས་གོང་ས་མཆོག་གི་
བཀའ་སློབ་ལ་འགན་འཁུར་ནས་མི་མང་ནང་ལས་གཞི་
འགོ་འཛུགས་དགོས་པ་དེ་ད་ལམ་གྱི་ཚོགས་འདུའི་སྒྲུབ་དོན་
གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
གལ་ཆེའི་ཚོགས་འདུ་འདི་རིགས་བོད་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ཁོར་ཡུག་ལ་མཐུན་འགྱུར་ཡིན་དགོས་པ་ལས་འགལ་རྐྱེན་དུ་གྱུར་ན་ག་ལ་འགྲིག
ཚོགས་འདུ་འདིའི་ནང་གི་ཚོགས་མི་ཚང་མ་བོད་རིགས་ཡིན་པའི་ཁར་ཨིན་སྐད་ཆ་ཚང་གོ་བརྡ་མི་འཕྲོད་མཁན་གྱི་ཚོགས་ཞུགས་པ་ཡང་མང་པོ་འདུག སྲིད་སྐྱོང་གིས་བོད་སྐད་ཅི་ཕྱིར་མ་བརྒྱབ་་རེད་དམ། དངོས་གནས་ཁྱད་མཚར་རེད།
བོད་སྐད་ལྔ་དང་དབྱིན་སྐད་ལྔ་བཅུ་་་་་་་་་་་་དངོས་ནས་སྙན་པོ་རེད།
ཀླུ་སྨྱོན་ནི་ཕྱོགས་གང་ནས་ལྟོས་ཀྱང་ཁྲ་ཁྲ་པ་ཁྲ་ཅིག་ཡིན་པས་ཁོ་ལ་བསམ་བློའང་དེ་འདྲ་ཅིག་ལས་མེད། ཁོ་འདྲ་བ་འདི་གང་ན་ཁེ་ཕན་ཡོད་ན་དེའི་ཕྱོགས་ལ་ལོག་འགྲོ་བ་ཚང་མས་ཤེས་གསལ་ལྟར་རེད།
རང་གི་མིང་རང་གི་མི་རིགས་ཀྱི་སྐད་ཡིག་ནང་འབྲི་མི་ཤེས་པ་ཞིག་སྲིད་སྐྱོང་བདམས་ན་འདི་འདྲ་མ་གཏོགས་བཤད་མི་ཤེས་པ་ཚང་མས་ཤེས་ཀྱི་རེད་ལ།
གོང་ནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་དེ་ལ་ཡི་རངས་ཡོད། དེ་བཞིན་རྩོམ་ཡིག་དེ་ལ་མཆན་འབྲི་མཁན་གང་ཙམ་འདུག་དེ་ལ་ཡི་རངས་ཡོད། ཡིན་ན་ཡང་གོང་ནས་ཀླུ་སྨྱོན་ལགས་ཀྱི་གསུང་བ་ལྟར་གཙོ་བོ་ད་ལྟའི་ཚོགས་འདུ་འདིའི་ཐོག་ནས་གྲོས་ཆོད་གང་གནང་དགོས་པ་གྲོས་མོལ་སྐབས་ཕན་ཚུན་གོ་བརྡ་འཕྲོད་དགོས་པ་གཙོ་བོ་རེད། དེ་འདྲ་སོང་ཙང་དབྱིན་སྐད་ཀྱི་ལམ་ནས་གྲོས་མོལ་གནང་པ་རེད་ལ་དེ་མི་གནང་ཐབས་མེད་རེད། བོད་སྐད་དང་བོད་ཡིག་གལ་ཆེན་ཡིན་པ་དང་དེའི་ཐོག་ནས་གྲོས་མོལ་གནང་དགོས་པ་བརྗོད་མ་དགོས་པ་ཞིག་རེད། འོན་ཀྱང་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་བོད་ཀྱི་ཤེས་ཡོན་སྤྲོད་སྟངས་དང་། ཕྱིའི་རྒྱལ་ཁབ་ནང་ནས་རང་གི་སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་ཐབས་མེད་པ་སོགས་ཀྱི་དབང་གིས་བྱུང་བ་ཞིག་རེད། འདི་སྲིད་སྐྱོང་གཅིག་བུའི་འོས་འགན་ཞིག་སྒྲུབ་མ་ཐུབ་པ་མ་རེད་འདོད། ཡིན་ཡང་སྲིད་སྐྱོང་གཙོ་བྱས་གཞུང་གི་མི་སྣ་ཚོས་ངེས་པར་བོད་ཡིག་ལ་དོད་སྣང་དགོས་པ་དང་གཞུང་འབྲེལ་ཡིག་ཆའི་ནང་ཚིག་སྦྱོར་དང་ཡིག་སྐྱོན་སོགས་ལ་ཡིད་གཟབ་གནང་དགོས་པ་གལ་ཆེན་རེད།
བོད་པའི་རྩ་དོན་ནམ་རང་དབང་དེ་རྒྱ་སྤྱིའི་སྒང་ནས་རྩོད་དགོས་ཙང་བོད་སྐད་ཀྱི་ཁོངས་མི་འཁྱངས་པ་བརྒྱ་ཆ་བརྒྱ་རེད།
ཚོགས་འདུ་གལ་ཆེན་འདི་འདྲ་དབྱིན་སྐད་ཐོག་ནས་མུ་མཐུད་དེ་ཚོགས་པ་ཅིག་ཀྱང་ནས་མཐོང་སོང་། བོད་སྐད་ཡིག་མ་གཏོགས་མི་ཤེས་མཁན་ས་ཁུག་གི་འབྲོག་པ་འགས་ག་རེ་བཤད་ཀྱང་དོན་མེད་རེད
སྐལ་བཟང་ལགས་སུ། ཞུ་རྒྱུ། ང་ཚོས་དཔའ་བོ་དཔའ་མོ་འབུམ་གྱི་ཟུངས་ཁྲག་གིས་བརླན་པའི་རང་བཙན་འཐབ་རྩོད་བློས་བཏང་ནས་གཉིས་ཕན་དབུ་མའི་ལམ་བདམས་པ་དེ་ཡང་གང་ན་ཁེ་ཕན་ཡོད་ན་དེའི་ཕྱོགས་ལ་ལོག་འགྲོ་བ་ཞིག་ཡིན་ནམ་མིན། ལྗགས་ལན་ཞིག་གནང་རོགས། མི་སྒེར་གྱི་ཁ་སྣ་རྩོད་པ་དེ་ནི་ཅོལ་ཆུང་གི་བྱ་སྤྱོད་ཡིན་པས་འདིར་གླེང་བྱ་མིན།
༄༅། སྲིད་སྐྱོང་ནས་གང་ལེགས་གནང་གི་འདུག་པ་བསྔགས་བརྗོད་ཡོད།
ཕྱིའི་རྒྱལ་ཁབ་ཁག་ནས་འབྱོར་བའི་གཞོན་སྐྱེས་རྣམས་ནས་དབྱིན་སྐད་ཐོག་དྲི་བ་གནང་
བར་བརྟེན་སྲིད་སྐྱོང་གནས་དབྱིན་སྐད་ཐོག་ལན་གནང་བ་ལས་་་སྲིད་སྐྱོང་གི་བོད་སྐད་
ཤེས་ཀྱི་མེད་པ་མ་རེད།
མི་མང་ནས་བསྐོས་པའི་སྲིད་སྐྱིང་ལ་༧གོང་ས་མཆོག་ནས་ཀྱང་གུས་བརྩི་གནང་གི་འདུག་ག་།
མི་རེ་གཉིས་ནས་་་རང་གི་བྱས་ན་མི་འཇོན་། མིས་བྱས་ན་མིག་ཚ་་བའི་དཔེ་བཞིན་ཟུར་ཟ་
བྱེད་པ་ནི་་ཨ་བོ་ཧོ་གི་ལ་ཆེན་བརྒྱབ་པ་མ་མཐོང་་་མར་པག་ཟ་བ་མཐོང་བའི་དཔེ་ལྟར་རོ།
བོད་མི་རིགས་འདི་འཛམ་གླིང་འདིའི་སྟེང་ཟུར་དུ་འཚོ་དགོས་ན་
ཕ་མེས་ནས་རྒྱུད་པའི་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་འགན་
འཁུར་ནས་འཚོ་དགོས་པ་དང་ལྔ་དང་ལྔ་བཅུའི་ཚོགས་འདུའི་ནང་སྐད་ཡིག་བེད་སྤྱོད་བྱ་རྒྱུ་ལས་གལ་ཆེ་བ་དེ་ཚོགས་འདུའི་ཚོགས་དོན་ཡིན་ན་གོང་ས་མཆོག་ནས་ཚོགས་བཅར་ཚོར་བཀའ་སློབ་ཕེབས་པ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོངས་བཀའ་ཤག་དང་ཁྲིམས་བཟོ་
སྤྱི་འཐུས་གྲོས་ཚོགས་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་
ཞིབ་ཁང་ཁྱབས་ཆེ་བའི་རྒྱ་ཆེ་མང་ཚོགས་ལྷག་པར་དུ་ལྔ་དང་ལྔ་བཅུའི་
ཚོགས་བཅར་བ་རྣམས་བཅས་ནས་གོང་ས་མཆོག་གིས་བཀའ་སློན་སྙིང་དོན་དཔལ་ན་ལན་ཌའི་མཁས་པའི་བསྟན་པའི་གཞུང་ཆེན་ཁག་ལ་སྐྱ་སེར་ཕོ་མོ་དབྱེར་མེད་དང་རྒན་གཞོན་བར་གསུམ་བཅས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་རྒྱུད་ནས་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་པའི་བླ་ན་མེད་པའི་བཀའ་སློབ་ལ་ང་ཚོའི་འགན་འཁུར་ནས་ལྔ་དང་ལྔ་བཅུའི་ཚོགས་འདུ་དེ་འཆར་སྣང་ནས་དངོས་བྱུང་ལག་ལེན་ལྟར་དགོས་པ་དེ་བོད་མི་རིགས་འདི་འཛམ་གླིང་གི་རྒྱལ་ཁབ་སྤྱིའི་མཉམ་དཔུང་པ་མཉམ་ཤིབ་ཐུབ་པའི་འགན་འཁུར་ང་ཚོའི་བླངས་མ་ཐུབ་ཚེ་ལྔ་དང་ལྔ་བཅུའི་ཚོགས་འདུ་དེ་ཁ་དམག་འགན་འཁུར་གྱི་ཚོགས་འདུ་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད་།
ཁ་བཤད་ཆུ་ཡི་སྦོ་འ་དང་། ལག་ལེན་གསེར་གྱི་ཐིག་པ་རེད།
བཤད་རྒྱུ་མང་པོ་ཡོད་འགྲོ། བཤད་ཚད་ཚང་མ་སྟོང་པ་རེད།
Open Mic with Sikyong Dr. Lobsang Sangay on Five Fifty Vision
https://www.facebook.com/CTATIBETTV/videos/681130035594067/UzpfSTE5MzE4MzMzMTcwODQ0MTU6MjA4NTAzMTc3MTc2NDU2OA/
་
ཀླུ་སྨོན་ལགས་བདེན་པ་འདུག་སྙམ་མོ།།
འོནད་ཀྱང་། མ་འོངས་པར་བོད་སྐད་གཙོ་བཟུང་དགོས་པའང་སྨོས་མ་དགོས་པ་ཞིག་རེད་དོ།།
གོང་ས་མཆོག་གི་བཀའ་སློབ་ལ་ང་ཚོའི་འགན་འཁུར་དགོས་པ་དེ་ཁ་བཤད་ཆུ་གི་སྦོ་འ་ཨ་ཡིན་ནམ་།
བློ་གྲོས་རབ་བསྟན། ཁྱེད་རང་གཤེད་མ་གྲས་རེད་འདུག་ལབ་ན་འགྲིག་འདུག་་་་ཧཧཧ། རྩེད་མོ་ཞུས། མ་གཞི་བོད་ཀྱི་དུས་བབ་དང་། ཨ་རི་བོད་སྐད་རླུང་ཕྲིན། ཝི་ཨོ་ཨེ།་བཅས་ནི་བོད་པའི་སྐད་ཡིག་གཤེད་མ་རེད་ལབ་ན་འགྲིག་ས་རེད། ག་དུས་ཡིན་ན་བོད་ཡིག་ཐ་སྙད་ཡོད་བཞིན་པ་ལ་ང་དུང་རྒྱ་དམར་གསར་འགྱུར་གྱི་བོད་ཡིག་ཉམས་ཆགས་འགྲོ་རྐྱེན་ས་བོན་བཏབ་པའི་ཡིག་འབྲུ་ལ་དཔེ་བཤུས་ཏེ་ཡིད་ཆེས་བྱེད་བཞིན་འདུག། དཔེ་མཚོན་ཙམ་ཞུས་ན། English་དབྱིན་ཇི་བྲིས། ༼English ཨིན་ཇི་བྲིས་ན་ལེགས༽། France ཧྥི་རན། འདི་ནི་བོད་ཡིག་ལ་འབྲི་དགོས་དོན་མེད་་ཕ་ཡིག་སྟེང་་ཧ་རྩེགས་ཅན་་རྒྱ་སྐད་ལ་གཞིར་བཞག་པ་ཅན་རེད། འདི་ལྟར་བྲིས་ན་བཟང་། ༼ France ཕ་རཱན་སི། ༼སྒྲ་ཚིག་གཉིས་ཀར་བོད་ཡིག་ལ་བཀོལ་ཆོག
གལ་སྲིད་ཨིན་ཡིག་ཕབ་མ་ཐུན་ནའང་ཡང་ན་་་རྒྱ་གར་ཧིནྡིའི་ཡིག་ཐོག་ནས་བོད་སྒྲ་ཚིག་ན་རྒྱ་ཡིག་ལས་དེ་ཡིད་ཆེས་འཕེལ་ངེས་ཆེ། བོད་ཡིག་འདི་ནི་ཧིནྡི་ཡིག་འདྲ་མཚུངས་ཡིན་ཞུས་མ་དགོས་རེད།
རིགས་དེའི་ཁོངས་སུ་གཏོགས་པའི་མི་ཐམས་ཅད་ཀྱིས་བསམ་པ་གཅིག་གྱུར་གྱི་སྒོ་ནས་རང་གི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱ་བའི་སྤོབས་པ་དང་བརྩོན་སེམས་བསྐྱེད་པ་འདི་གལ་ཆེ་བ་ཡིན།གལ་ཏེ་མི་རིགས་རང་ཉིད་ཀྱི་སྤོབས་པ་ཞུམ་པའམ་རང་གི་རིག་གནས་ལ་སྐྱོན་དུ་བལྟས་ཏེ་དོར་ན་ནི་གཞན་གང་གིས་ཀྱང་སྐྱོབ་ཐབས་མེད་པའི་ཕྱིར་རོ།།ལོ་རྒྱུས་ཐོག་ཏུ་མི་རིགས་འགའ་ཞིག་གིས་རང་གི་སྐད་ལ་སྐྱོན་དུ་བལྟས་ནས་དོར་བ་ཡོད།དེའི་རྒྱུ་མཚན་ནི་མི་རིགས་གཞན་ལས་རང་ཉིད་རྗེས་ལུས་ཡིན་པ་དང་རྨོངས་པ་ཡིན་པར་བལྟས་ཏེ་མི་རིགས་ཀྱི་རང་མཐོང་གི་བསམ་པ་ལ་གཏོར་བརླག་ཐེབས་པས་སྤོབས་པ་ཞུམ་ནས་བརྩོན་སེམས་མེད་པར་གྱུར་པའི་དབང་གིས་ཡིན་ཞེས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གསུངས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་རྩི་བཀུར་
བློ་གཏད་ཉམས་ལེན་ཞུ་མཁན་གྱིས་བོད་ཀྱིས་ཡུལ་མི་དཱངས་མ་
ཞིག་ཡིན་ན་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་འགན་འཁུར་ནས་
བོད་དོན་བདེན་མཐའ་གསལ་ཐུབ་པའི་འགན་འཁུར་ལེན་དགོས་པ་
དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་
མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་གལ་སྲིད་
རང་གི་སྐད་ཡིག་དང་རིག་གཞུང་ལ་མཐོང་་ཆུང་དང་རྩི་མེད་གཏོང་མཁན་ཡོད་ན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་
བོད་ཀྱིས་ཡུལ་མིའི་ལས་འགན་མ་འགྲུབ་པར་ངོས་འཛིན་བྱེད་ཆོག་།
ལྔ་དང་ལྔ་བཅུའི་ཚོགས་འདུས་སྐད་ཡིག་གང་སྤྱད་མིན་དང་། གོང་ས་མཆོག་གིས་ཚོགས་འདུར་ཞུགས་མི་ཚོར་བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་གསུང་བ་གཉིས་ལ་བར་ཁྱད་འདུག་མིན་བརྟག་དགོས། གནད་འགག་ཅིག་དེར་འདུག་སྙམ་ལ། མགོ་སྐོར་ཞིག་དེར་འདུག་སྙམ་མོ།།
བོད་སྐད་ཡིག་དོར་བ་ནི་དོན་གྱིས་བོད་ཀྱི་རྩ་དོན་དོར་བ་རང་ཡིན། འདི་ལ་ཡག་ཕྱོགས་ནས་བཤད་མཁན་དག་ནི་ཕྱོགས་ཞེན་གྱིས་མྱོས་པ་འབའ་ཞིག་གོ། །
༄༅། གཞན་དབང་སྟབས་བསྟུན་དང་ཁོར་ཡུག་གི་དབང་གི་བོད་སྐད་ཡག་པོ་
མ་ཤེས་པ་མ་་གཏོགས་སོ་སོའི་སྐད་ཡིག་ལ་མི་དགའ་བ་དང་ཞེན་པ་མེད་པ་གཏན་
ནས་མ་རེད།
དཔེར་ནས་ཕྱིའི་རྒྱལ་ཁབ་ཁག་གི་ནང་བོད་བའི་ཕྲུག་གུ་ཚོ་སློབ་གྲ་སོས་སོའི་ནང་
ཡུལ་དེའི་སྐད་ཡིག་བསླབ་ཀྱི་ཡོད་པ་མ་གཏོགས་བོད་ཡིག་བསླབ་ཀྱི་མེད་པར་བརྟེན་
རང་ཤུགས་ཀྱི་བོད་སྐད་མ་ཤེས་པ་ཆགས་ཀྱི་ཡོད་པ་རེད། དེ་ཕྲུག་གུའི་ནོར་བ་མ་རེད།
ཕ་མས་ཀྱང་ནོར་བ་མ་རེད། རང་གི་རྒྱལ་ཁབ་རྒྱ་དམར་པོས་བཙན་འཕྲོག་ཧམ་ཟས་བྱས་
ནས་རང་རིགས་རྣམས་མི་ཡུལ་གང་སར་འགྱར་དགོས་བྱུང་བ་ལས་དང་བསོད་ནམས་
དབང་གི་རེད། ཕར་སྐྱོན་ཚུར་སྐྱོན་མ་བྱས་པར་དེ་ལ་ཕན་པའི་བསམ་ཚུུལ་ཡོད་ན་ཤོད།
་་་་་་་་་་་རང་རིགས་རྣམས་མི་ཡུལ་གང་སར་འགྱར་དགོས་བྱུང་བ་ལས་དང་བསོད་ནམས་
དབང་གི་རེད། ཕར་སྐྱོན་ཚུར་སྐྱོན་མ་བྱས་པར་དེ་ལ་ཕན་པའི་བསམ་ཚུུལ་ཡོད་ན་ཤོད། ་་་་་་་་་་་་་་
གང་ལྟར་ད་ལན་གྱི་ཚོགས་འདུ་འདིས་ང་ཚོར་འཕྱི་དྲགས་པའི་བརྡ་ལན་ཐ་མ་དེ་གཏོང་བཞིན་པའི་ཚོར་བ་སློང་གི་འདུག དེ་ནི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་གང་ཞིག་ཡིན་རུང་མི་ཡུལ་ནས་བརྒྱུད་འཛིན་ཚད་ལྡན་ཞིག་དཀའ་བའི་གནས་བབ་དེ་རེད། སྐད་ཡིག་གི་ལས་དབང་འདི་བློ་སེང་གཅིག་པུ་ལ་ལེ་བདའ་བྱེད་པ་ནི་ཅུང་ཐལ་དྲགས་པ་རེད།
མི་ལོ་ལྔ་བཅུ་ལྷག་གི་རིང་བཙན་བྱོལ་ནང་གི་བོད་ཡིག་གི་ལས་དབང་ནི། འཆི་མ་གསོན་དུ་གནས་པ་ཙམ་ལས། བློ་སེང་གི་སྐབས་གཅིག་པོར་ཉམས་དམས་སུ་སོང་བ་དེ་འདྲ་མ་རེད། འོན་ཀྱང་། ཚོགས་འདུ་འདི་རིགས་ལ་བོད་ཀྱི་སྐད་ཡིག་གང་ཐུབ་བཀོལ་སྤྱོད་བྱ་རྒྱུ་དེ་བཀའ་ཤག་གི་འོས་འགན་ཞིག་ཡིན་ངེས་ནའང་། ཚོགས་བཅར་བའི་གྲུབ་ཆ་ཕལ་མོ་ཆེའི་གདོང་ལ་བལྟས་ཀྱང་། འདིས་བོད་སྐད་སྤུས་དག་ཅིག་ཤོད་ཐུབ་སྙམ་པ་ནི་ཆེར་མ་མཇལ།
ཡུལ་དུས་ཀྱི་གནས་བབ་ལ་དཔགས་ན། སྐུ་ཞབས་ཀླུ་སྨྱོན་གྱིས་སྐད་ཆ་དེར་གཟུ་བོའི་གསུང་དུ་གོ ང་ཚོས་ནམ་ཡིན་རུང་ཆོལ་ཁའི་ན་ཚ་བཟུང་སྟེ་འདྲ་མིན་བཤད་ན། དེས་ན་ང་ཚོ་བརླགས་ཉེན་ཡོད། དེ་བས་རང་ངོས་ནས་ཅི་ཐུབ་ཀྱིས་རང་གི་ཁོར་ཡུག་དེར་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་ཅིག་བཟོ་ཨེ་ཐུབ་བལྟ་རྒྱུ་ནི། རང་ཉིད་བོད་རིགས་སུ་སྐྱེས་པའི་ལྷན་སྐྱེས་ཀྱི་འགན་འཁྲིར་སེམས་སོ།།
མི་རིགས་ཞིག་གིས་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་
དགོས་ན་མི་རིགས་དེ་ས་ཆ་གཅིག་ཏུ་གནས་དགོས་པ་དེ་གལ་ཆེན་
ཡིན་པ་ལས་མི་རིགས་དེ་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་
སྤུ་རི་ལ་འཐོར་བ་བཞིན་
དུ་བསྡད་ནས་མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་སྲུངས་སྐྱོབས་ཟེར་བའི་གཏམ་དེ་དོན་ལ་གནས་མིན་ལོང་བས་བལྟས་ཀྱང་ཁམས་གྱི་
དཔེ་ལྟར་ལས་མ་འདས་ན་སྐད་ཡིག་དང་རིག་གཞུང་སྲུངས་སྐྱོབས་ཀྱིས་སྔོན་དུ་མི་རིགས་སྲུངས་སྐྱོབས་ཐུབ་པའི་ལས་འགུལ་དེ་སྔོན་འཐོན་བྱ་རྒྱུ་བརྒྱ་འགྱུར་སྟོང་འགྱུར་གྱིས་གལ་ཆེན་དོན་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོང་དོ་།
༄༄། བོད་སྐད་ལྔ་དང དབྱིན་སྐད་ལྔ་བཅུའི་སྐོར་ལ་བོད་སྐད་ཡིག་ལ་བོད་མིའི་སྒྲིགས་འཚུགས་ནས་ཐུགས་འཁུར་གནང་གི་ཡོད་པ་དང ལྷགཔར་དུ་ལྔ་དང་ལྔ་བཅུའི་ཚོགས་ཆེན་དེ་བོད་མིའི་རིག་གཞུང་ལའང་གལ་གནས་ཆེན་པོ་ཞིག་གཟིགས་ཀྱིས་ཡོད་ན་ཐོག་མ་ནས་ཚོགས་མི་འདུ་སྐོངས་གནང་སྐབས་ཚོགས་འདུའི་ཐོག་འགྲོ་གླེང་བོད་ཀྱི་སྐད་ཡིག་ཁོ་ནའི་ཐོག་ནས་གནང་རྒྱུ་ཡིན་ན་དེ་དོན་ཡིད་འཇག་དགོས་པའི་བཀའ་ཡིག་གནང་ཡོད་ན་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་མ་འོང་པར་ཡང་དེ་ལྟར་གཞུང་འབྲེལ་གྱི་ཚོགས་སྐྱོང་གནང་དགོས་བྱུང་སྐབས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་ལ་དོ་གནང་དང་སེམས་ཤུགས་ཆེ་སྐྱེས་ཡོང་བར་ཐུགས་ཕན་གསོད་རེ་ཆེ་བ་མཐོང་བསྟན་ལེགས་ཀྱིས་།།
བཙན་བྱོལ་དུ་བོད་ཡིག་གི་གནས་བབ་སྐྱོ་ཐག་གཅོད་ཡིན་པ་དེ་བློ་སེང་གཅིག་བུའི་སྒང་ལ་བཞག་པ་མ་རེད། སྐད་ཡིག་ཅིག་གི་ཉམས་ཆགས་ལོ་བདུན་བརྒྱད་རིང་ཡོང་བ་ཞིག་མིན་པ་ལོས་ཤེས། བློ་སེང་རིང་ལ་བོད་རིགས་ཚོགས་འདུ་ལ་བོད་སྐད་མ་བཤད་པ་དེ་གནད་འགག་ཅིག་གི་ས་ནས་སྐད་རྒྱག་གི་ཡོད་པ་རེད། དེ་སྔར་དེ་འདྲ་བྱུང་མེད་པའི་ཚོད་རེད། བོད་པའི་སྐད་ཡིག་བོད་པའི་ཚོགས་འདུ་ལ་ངེས་པར་སྤྱོད་དགོས་པའི་གནས་བབ་ལ་འགྱུར་བ་འགྲོ་འགོ་ཚུགས་པ་རེད། དེ་ལྟར་འགྱུར་བ་འགྲོ་པའི་མཐུན་རྐྱེན་འཛོམས་ཡོད་པ་ད་ཐེངས་ཀྱི་ཚོགས་འདུས་ར་སྤྲོད་བྱས་ཡོད། རེད་དེ། བོད་ཀྱི་སྐད་ཡིག་མི་ཤེས་པའི་བོད་པ་ཚོར་བོད་ཡིག་གི་ཁོར་ཡུག་ཏུ་ཚུར་འཁྲིད་རྒྱུའི་ཚབ་ལ་ཕར་དབྱིན་ཡིག་ལ་ཁོར་ཡུག་ཏུ་འཁྲིད་དེ་འགྲོ་བཅུག་ན་ནོར་བ་རེད། ནོར་འཁྲུལ་དེ་ད་ལྟའི་བཀའ་ཤག་གིས་བཟོ་བཞིན་འདུག དེར་བརྟེན་སྐད་རྒྱག་དགོས་པ་དེར་རྒྱུ་མཚན་མེད་པ་གང་ནས་ཡིན། ཚང་མས་དེ་ཤེས་རྒྱུ་གལ་ཆེ་སྙམ།
སངས་རྒྱས་ཤ་ཀྱ་ཐུབ་པས་གཟིགས་པ་ལྔ་ལ་གཟིགས་ནས་འཛམ་གླིང་
དུ་ཕེབས་པ་ནས་ཁོང་གིས་བསྟན་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་
ཡང་བོད་ཀྱིས་སྐད་ཡིག་ཐོག་ཡོད་པ་དེ་དག་བོད་མི་རིགས་འཚོ་ཐུབ་པའི་རྒྱབ་བསྟེན་ངོ་མ་དེ་ཡིན་པ་གོང་ས་མཆོག་ནས་ལྔ་དང་ལྔ་
བཅུའི་ཚོགས་བཅར་ཚོར་བཀའ་སློབ་ཕེབས་པ་ནས་ང་ཚོའི་བོད་ཀྱིས་སྐད་ཡིག་གལ་ཆེ་ཆུང་དབང་པོ་ནུས་ལྡན་ཚང་མས་ཁོང་གིས་བཀའ་སློབ་ནས་མཁྱེན་ཐུབ་པ་ཞིག་མ་རེད་དམ་།
རིན་བྲལ་བཀའ་སློབ་ལྔ་དང་ལྔ་བཅུའི་ཚོགས་བཅར་ཡོངས་ལ་ཕེབས་།
ཉམས་ལེན་ཐུབ་པའི་འགན་འཁུར་ལས་འཆར་གྲོས་ཆོད་མ་མཐོང་ཡང་།
གལ་ཆེན་ཚོགས་འདུ་ལྔ་དང་ལྔ་བཅུ་ཆབ་སྲིད་རག་པ་གང་ནས་ཡིན་།
མི་རིགས་གསོན་གནས་ཐུབ་པའི་རྩ་བ་སྐད་ཡིག་རིག་གཞུང་ལས་ལྷག་མེད་།
བོད་ཀྱི་དུས་་བབ་དྲ་ཚིགས་ན་ཤར་གླིང་ཟླ་སྒྲོན་ལ་བཅར་འདྲི་ཞུས་འདུག དེར་ཡིག་ནོར་དེ་ཚོ་ཡོང་རྐྱེན་བཤད་འདུག དེ་འདྲ་ནི་ཡོང་སྲིད་པ་རེད། བྱ་བ་ཞིག་གི་བརྒྱུད་རིམ་གསལ་པོ་ཆགས་པ་ཡིན་ན། གྲུབ་འབྲས་ལེགས་ཉེས་ལ་ལྟ་སྟངས་སྣ་ཚོགས་པར་རང་བཞིན་གྱིས་ལན་འདེབས་ཤིག་བྱེད་ཀྱི་ཡོད་པ་ཡིན་སྟབས། རྒྱུས་ལོན་བྱེད་དགོས་པ་གལ་ཆེན་པོ་རེད། རྒྱུས་ལོན་དང་གནས་ལུགས་གང་ལའང་མ་ལྟོས་པ་ཡིན་ན། དེ་ཅུང་ཁྱད་མཚར་འདྲ་ཞིག་རེད།
སྐད་མང་སྨྲ་བ་དེ་ཡག་པའི་འོས་མ་བྱས་པ་འདི་གང་རེད། བློ་གྲོས་རབ་བརྟན་་ཁྱོད་ལྟ་བུ་ཡི་མ་རང་ལ་ཁྱེད་རང་བློ་གྲོས་ཞན་པའི་སྐྱོན་རེད། ང་ཚོའ྄ི་སྲིད་སྐྱོང་འདི་མཁས་དབང་རེད། སྐབས་སྐབས་སུ་གོང་ས་མཆོག་ནས་ཀྱང་བོད་སྐད་གསུངབཞིན་པར་དབྱིན་ཇིའི་ཚིག་བེད་སྤྱོད་གནང་བ་མང་པོ་མཇལ་མྱོང་། ་ལྔ་དང་ལྔ་བཅུ་ཟེར་བའི་འཆར་སྣང་འདི་དངོས་གནས་དངོས་ཡོད་དགོངས་པ་མང་པོ་བཞེས་ནས་དབུ་འཁྲིད་གནང་བ་ཞིག་ལ་ངོས་འཛིན་ཡོད། བོད་ཡིག་གཙང་མ་བྲིས་པའི་སྙན་ངག་བཀླགས་ན་ཚིག་ཁྲ་ཟིང་ཟིང་མ་གཏོགས་དོན་དུ་གང་ཡངམི་འདུག དེས་ན་བོད་སྐད་རྩ་ཆེ་ནའང་དབྱིན་ཇིའི་སྐད་བེད་སྤྱོད་བྱས་པ་སྐྱོན་མ་རེད། ལོ་གཞོན་མངཔོ་་རྡ་སར་བཅར་ནས་མིག་མཐོང་ལག་ཟིན་བྱུང་བ་འདི་ཧ་ཅང་གི་གཟིབརྗིད་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
སྐད་མང་སྨྲ་བ་དེ་ཡག་པའི་འོས་མ་བྱས་པ་འདི་གང་རེད། བློ་གྲོས་རབ་བརྟན་ཁྱོད་ལྟ་བུ་ཡི་མ་རང་ན་ཁྱེད་རང་བློ་གྲོས་ཞན་པའི་སྐྱོན་རེད། ང་ཚོའ྄ི་སྲིད་སྐྱོང་འདི་མཁས་དབང་རེད། སྐབས་སྐབས་སུ་གོང་ས་མཆོག་ནས་ཀྱང་བོད་སྐད་གསུངབཞིན་པར་དབྱིན་ཇིའི་ཚིག་བེད་སྤྱོད་གནང་བ་མང་པོ་མཇལ་མྱོང་། ལྔ་དང་ལྔ་བཅུ་ཟེར་བའི་འཆར་སྣང་འདི་དངོས་གནས་དངོས་ཡོད་དགོངས་པ་མང་པོ་བཞེས་ནས་དབུ་འཁྲིད་གནང་བ་ཞིག་ལ་ངོས་འཛིན་ཡོད། བོད་ཡིག་གཙང་མ་བྲིས་པའི་སྙན་ངག་བཀླགས་ན་ཚིག་ཁྲ་ཟིང་ཟིང་མ་གཏོགས་དོན་དུ་གང་ཡང་མི་འདུག དེས་ན་བོད་སྐད་རྩ་ཆེ་ནའང་དབྱིན་ཇིའི་སྐད་བེད་སྤྱོད་བྱས་པ་སྐྱོན་མ་རེད། ལོ་གཞོན་མང་པོ་རྡ་སར་བཅར་ནས་མིག་མཐོང་ལག་ཟིན་བྱུང་བ་འདི་ཧ་ཅང་གི་གཟིབརྗིད་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ། སྲིད་སྐྱོང་ལ་གུས་བརྩ྄ི་ཞན་དྲག་ན་རང་མགོ་ཕུང་ལ་སྦྱོར་ཉེན་ཆེ་བས་བག་ཡོད་གནང་རོགས།
༄༅། སྲིད་སྐྱོང་དང་བཀའ་བློན་ཚོར་ཐུགས་རྗེ་ཆེ་། བཀའ་དྲིན་ཆེ།
གཟེངས་སུ་ཐོན་པའི་མཛད་པ་གསུམ་ལ་བསྟོད་བསྔགས་ཞུ།
༡། རྒྱ་གར་གཞུང་མང་གཙོས་པའི་བོད་མི་སྐྱབས་བཅོལ་ལ་གནས་སྡོད་བྱེད་སའི་
ེ྆ རྒྱལ་ཁབ་མང་པོར་ཐུགས་རྗེ་ཞུའི་མཛད་སྒོ་དངོས་སུ་གནང་བ་་་ཐུགས་རྗེ།
༢) བོད་མི་ཚོང་ལས་གཉེར་མཁན་རྣམས་ལ་མ་དངུལ་རོགས་ཕན་
ཅི་ཐུབ་གནཅ་བ་། ་་ཐུགས་རྗེ་ཆེ་།
༣) ཕྱིའི་རྒྱལ་ཁབ་མང་པོའི་ནང་དུ་གནས་བཞུགས་པ་མ་འོངས་བོད་ཀྱི་སོན་རྩ་གཞོན་
སྐྱེས་གང་མང་བསྡུ་འཚོགས་གནང་ནས་ཕན་ཚུན་བསམ་ཚུལ་བགྲོ་གླེང་གནང་བ་ཧ་ཅང་
ལེགས་ཤིང་ཕན་ཐོགས་ཅི་ཆེ་བྱུང་བ་མ་ཚད་༧གོང་སྐྱབས་མགོན་ཆེན་པོ་མཆོག་ནས་རྩ་ཆེའི་
བཀའ་སློབ་བཀའ་དྲིན་གནང་བ་བཅས་ལ་་བཀའ་དྲིན་ཆེ་ཞུ་གི་ཡོད།
དགྲ་ལ་ངོམས་རྒྱུ་དང་གཉེན་ལ་ཕྱར་རྒྱུ་བཟོས་པ་ཁྱེད་ཚོ་ཚེ་རིང་ནད་མེད་ཡོང་བའི་
མཆོག་གསུམ་ལ་སྨོན་འདུན་ཞུ།
ལྔ་དང་ལྔ་བཅུ་ཞེས་པ་ནི་མགོ་རྙོག་བྱེད་མ་གཏོགས་གཞན་པ་ཅི་ཡང་མི་འདུག
བློ་སངས་རྐུབ་སྟེགས་ལ་བསླེབས་ནས་ཆིག་སྒྲིལ་གྱི་ཁ་གཡང་རྗོད་དེ་ཆོལ་་ཁ་ཁྲག་བཞིན་དཀྲུགས་ཤིང་། བོད་ཡིག་འཁྱོང་ལ་མི་འཁྱོང་ལ་ཞིག་བཤད་ནས་བོད་རང་གི་ཚོགས་འདུའི་དབྱེན་སྐད་བཤད་པ་ནི་སྐད་ཡིག་གཤེད་མ་དངོས་གནས་རེད། དྲང་མོ་བཤད་ན་སྟོབས་ཤུགས་ཀྱི་རྩ་བ་མཐུན་སྒྲིལ་གཏོར་སོང་། བོད་རིགས་འདི་དངོས་གནས་ཚར་སོང་།ཚར་སོང་།ཚར་སོང་། ཚར་སོང་།