ཨེ་མ་ཧོ།
ན་མོ་གུ་རུ་ཨོ་ཌཱི་ཡ་ན་ཡེ།།
དབེན་པའི་རི་གླིང་ཉམས་དགའི་དཔལ།།
གོང་མའི་གདན་ས་ཨོ་རྒྱན་གླིང་།།
རྫོགས་ཆེན་འོད་གསལ་སྙིང་པོའི་ཞིང་།།
རྨི་ལམ་ནང་གི་རི་ཁྲོད་དྲན།།
མཆོག་གསུམ་རྒྱལ་བ་དད་པའི་ཡུལ།།
བརྒྱུད་གསུམ་བླ་མའི་གདན་ས་ཆེ།།
སྒོ་གསུམ་རང་བྱུང་ཞི་བདེའི་གནས།།
སྐུ་གསུམ་ལྷག་མཐོང༵་ཕུ༵་ཐག་ཆོད།།
མཐོང་བ་ཆོས་ཉིད་མངོན་སུམ་དཔལ།།
གོམས་པ་ཉམས་སྣང་གོང་དུ་འཕེལ།།
སྤྱོད་ལམ་རིག་པ་ཚད་དུ་ཕེབས།།
འབྲས་བུ་ཆོས་ཉིད་ཟད་སར་ཕྱིན།།
ཀ་དག་གདོད་མའི་དབྱིངས་ཀྱི་གར།།
ལྷུན་གྲུབ་རང་བྱུང་འཕོ་ཆེན་སྐུ།།
ཨེ་ཝཾ་ཡེ་ཤེས་གྲུབ་པའི་གནས།།
མཐོང་ཕུལ་དབེན་པའི་རི་ཁྲོད་དྲན།།
དྲན་པ་ངེས་འབྱུང་སྐྱེ་བའི་བའི་དགོན།།
དགོན་པར་བྱང་ཆུབ་སེམས་དཔས་གང་།།
གང་བསམ་ལྷུན་གྲུབ་ཨེ་མ་ཧོ།།
ཞེས་པ་རབ་གནས་ས་ཁྱིའི་ཁྱི་ཟླ་ཡར་ངོའི་ཚེས་བཅུ་ལ་མཐོང༌ཕུལ་ལ་ཉམས༌མགུར༌ཞིག་དགོས་པར་འབྲུག་ཤར་ཕྱོགས་པ་སངས་རྒྱས་རྡོ་རྗེས་ངོར་ཤྲཱིཿཨེ་མ་ཧོས་ཨོ་རྒྱན་བླ་མའི་མུན་མཚམས་རི་ཁྲོད་ནས་བགྱིས་པར་དགེའོ།།
ད་ཆོག་གི།
འབྲུག་ཤར་ཕྱོགས་པ་སངས་རྒྱས་རྡོ་རྗེ་དེ་ག་རེད་དམ། ང་ཚོའི་མཐོན་ཕུག་ཟངས་མདོག་དཔལ་རིའི་བླམ་ཡིན་ནམ།
ན་མོ་གུ་རུ་ཨོ་ཌཱི་ཡ་ན་ཡེ།།
དབེན་པའི་རི་གླིང་ཉམས་དགའི་དཔལ།།
གོང་མའི་གདན་ས་ཨོ་རྒྱན་གླིང་།།
རྫོགས་ཆེན་འོད་གསལ་སྙིང་པོའི་ཞིང་།།
རྨི་ལམ་ནང་གི་རི་ཁྲོད་དྲན།།
མཆོག་གསུམ་རྒྱལ་བ་དད་པའི་ཡུལ།།
བརྒྱུད་གསུམ་བླ་མའི་གདན་ས་ཆེ།།
སྒོ་གསུམ་རང་བྱུང་ཞི་བདེའི་གནས།།
སྐུ་གསུམ་ལྷག་མཐོང༵་ཕུ༵་ཐག་ཆོད།།
མཐོང་བ་ཆོས་ཉིད་མངོན་སུམ་དཔལ།།
གོམས་པ་ཉམས་སྣང་གོང་དུ་འཕེལ།།
སྤྱོད་ལམ་རིག་པ་ཚད་དུ་ཕེབས།།
འབྲས་བུ་ཆོས་ཉིད་ཟད་སར་ཕྱིན།།
ཀ་དག་གདོད་མའི་དབྱིངས་ཀྱི་གར།།
ལྷུན་གྲུབ་རང་བྱུང་འཕོ་ཆེན་སྐུ།།
ཨེ་ཝཾ་ཡེ་ཤེས་གྲུབ་པའི་གནས།།
མཐོང་ཕུལ་དབེན་པའི་རི་ཁྲོད་དྲན།།
དྲན་པ་ངེས་འབྱུང་སྐྱེ་བའི་བའི་དགོན།།
དགོན་པར་བྱང་ཆུབ་སེམས་དཔས་གང་།།
གང་བསམ་ལྷུན་གྲུབ་ཨེ་མ་ཧོ
ན་མོ་གུ་རུ་ཤྲཱིའིཧེ་བཛྲ་ཡ།
ཨིང་ལེནཌ་གླིང་དུ་ཉམས་དགའི་དཔལ།།
ད་ལྟ་གདན་སའི་ཨོ་རྒྱན་གླིང་།།
རྫོགས་ཆེན་འོད་གསལ་རྨི་ལམ་འཁྲུགས་།།
རྨི་ལམ་ནང་གི་ཨིན་མོ་དྲན།།
དུག་གསུམ་རྒྱལ་པོའི་ཞེན་པའི་ཡུལ།།
བརྒྱུད་གསུམ་ནག་མོའི་འདོམ་ནག་་ཆེ།།
སྒོ་གསུམ་རང་དད་ཞེན་ཆགས་གནས།།
བློ་དམིག་ལུས་གསུམ་ཕུ༵་ཐག་ཆོད།།
མཐོང་བ་ཆོས་འསི་མངོན་སུམ་དཔལ།།
གོམས་པ་ཉམས་མྱོང་གོང་དུ་འཕེལ།།
སྤྱོད་ལམ་རིག་པ་མཁའ་འགྲོར་ཕེབས།།
འབྲས་བུ་རྩ་ཐིག་རླུང་གསུམ་ཟད་།།
ཀ་དག་གདོད་མའི་དབྱིངས་ཀྱི་གར།།
ལྷུན་གྲུབ་རང་བྱུང་འཕོ་ཆེན་སྐུ།།
ཨེ་ཝཾ་ཡེ་ཤེས་གྲུབ་པའི་གནས།།
མཐོང་ཐོས་སྤུ་ཙམ་མེད་པ་ཡལ།།
དྲན་པ་ངེས་འབྱུང་སྐྱེ་བའི་བའི་དགོན།།
དགོན་པར་བྱང་ཆུབ་སེམས་དཔས་གང་།།
གང་བསམ་ལྷུན་གྲུབ་ཨེ་མ་ཧོ།།
ཐམས་ཅད་ཨིན་མོའི་སྟུ་རུ་ཐིམ།།
ས་མ་ཡ། ཏད་རྒྱ་འོ། ་སྦད་རྒྱའོ།། ཨེ་མ་ཧོ།།