རླུང་དམར།
མཚན་རླུང་ཇེ་ལྷོད སྤྲིན་རླུང་ཇེ་འཐིབས
མེ་འོད་ནང་ནས་སྐྱེས་འཆི་ལ་རོལ་བའི་མེ་ཏོག
རང་དབང་ལ་ཚེར་ཤིང་དཀྲིས་པའི་མནར་གཅོད
དེའང བསམ་མི་ཕོད་པའི་ལྷ་མིའི་བདེ་སྡུག
མཚན་རླུང་གིས་གཉའ་ལྟག་ལ་བཟུང་བའི་ལྷ་སྒྲུང
སྨྲ་ལྕེ་འབྲེག་པའི་གསང་བ་དམར་པོ
ཚག་སྒྲའི་ཧྲག་བར་གྱི་རྨི་ལམ་ཐར་ཐོར
ཡ་ཐོད་ཀྱི་ནང་སྙིང་ན་རྩེད་མཚར་མང་པོ་ཞིག
མཚན་རླུང ནག་རོག་གེར་རྒྱུ་ཞིང་གཡོ་བཞིན་གདའ
དེ་ལྟ་ནའང བྲང་སྟོད་ལ་བཏེགས་པའི་འཆར་ཡན་སྨུག་པོ
མཚན་རླུང་ནག་པོའི་རྫ་རི་ལ་གཏམས
༢༠༡༨-༠༨-༢༥
མཚན་རླུང་ནག་པོ། བོད་ཡིག་ལ་འཐིབས།
མང་ཆེ་བའི་བོད་ཡིག །མཚན་རླུང་གིས་ཁྱེར་ནས་མེད།
མ་ཁྱེར་ཙམ་ཡོད་པ་རྣམས་ཀྱང་། མཚན་རླུང་ནག་པོས་ཁྱེར་ལ་ཁད།