ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་པུནྱེ་ཛྙཱ་ན་ཡེ།།
ཚེ་དཔག་མེད་མགོན་འཆི་མེད་པདྨ་འབྱུང་།།
གཙུག་ཏོར་རྣམ་རྒྱལ་སྒྲོལ་མ་དཀར་མོ་སོགས།།
རིག་འཛིན་ཚེ་ཡི་ལྷ་ཚོགས་བྱིན་རླབས་ཀྱིས།།
དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངས་གྱུར་ཅིག།
གངས་རིའི་མགོན་ལ་ཤེས་བྱའི་སྒྱུ་རྩལ་བསྟན།།
སྙིགས་ལྔའི་འགྲོ་ལ་རྫོགས་ཆེན་ཁྱབ་པར་བརྡལ།།
འཛམ་གླིང་ཡོངས་ལ་ཕན་བདེའི་ཕྲིན་ལས་ཅན།།
ཆོས་རྒྱལ་ནམ་མཁའི་ནོར་བུ་ཞབས་བརྟན་གསོལ།།
སྔ་འགྱུར་རྫོགས་པ་ཆེན་པོའི་རྒྱུད་པར་འཛིན།།
ཕྱི་འགྱུར་ཕྱག་རྒྱ་ཆེན་པོའི་སྲོལ་རྒྱུན་སྐྱོང་།།
ཡང་འགྱུར་ལུས་སྦྱོང་འཕྲུལ་འཁོར་རྩལ་འདོན་སྤེལ།།
ཟློས་གར་རིག་པའི་དཔའ་བོ་བརྟན་བཞུགས་གསོལ།།
སློབ་ཚོགས་དམ་ཚིག་དད་པས་རྟེན་ཅིང་འབྲེལ།།
བདག་གིས་ལྷག་བསམ་དག་པས་སྨོན་ཚིག་མཐུས།།
བསྟན་འགྲོའི་དོན་དུ་གསུང་ཚེ་བསྐལ་བརྒྱར་བརྟན།།
ཕན་བདེའི་ཕྲིན་ལས་ས་གསུམ་ཁྱབ་གྱུར་ཅིག།
ཅེས་རབ་གནས་ས་ཁྱིའི་སྨན་ཆར་དགེ་བའི་དུས་བཟང་སངས་རྒྱས་སྨན་བླའི་དུས་ཆེན་ཉིན་འཛམ་གླིང་རྒྱལ་ཡོངས་ཞི་བདེའི་དེད་དཔོན་ཆེན་པོ་༧ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་གི་ཞབས་བརྟན་སྨོན་ལམ་དགོས་པར་མཁའ་འགྲོ་དཔལ་ལྡན་ལྷ་མོ་སྒྲོལ་མ་སོགས་༧མགོན་པོ་མཆོག་གི་སློབ་དུ་མས་ངོར་གང་དྲན་དུ་རྩ་གསུམ་རབ་འབྱམས་རྒྱལ་བ་སྲས་བཅས་ལ་གསོལ་སྨོན་དང་མགོན་པོ་གང་ཉིད་བརྟན་གསོལ་དུ་དབྱིན་ཡུལ་གངས་ལྡན་རི་བོའི་མགུལ་ནས་སྙིགས་དུས་ཀྱི་ཆོས་སྨྲ་བ་ཤཱཀྱའི་དགེ་སྦྱོང་བ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲཱིཿཨེ་མ་ཧོས་དེ་ཉིད་དུ་སྨོན་པར་དགེའོ།། །།
༄༅།།སེ་ཁྱུང་དབྲ་རིགས་ཡོངས་ལ་གདམས་ངག་ཡིད་བཞིན་ནོར་བུ།
ན་མོ་གུ་རུ་དྷེ་ཝ་རཱ་ཛ་ག་རུ་ཌ་ཡེ།།
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
ཁ་བ་གངས་དཀར་བདག་པོ་འཇམ་དཔལ་དབྱངས།།
ག་དུས་ཡིན་ཡང་བསླུ་མེད་པདྨ་འབྱུང་།།
ང་ཚོར་སྐྱོབ་པའི་སངས་རྒྱས་ཀུན་ལ་འདུད།།
ཅ་ཅོའི་སྨྲ་བ་མ་མང་བདེན་པར་ཤོད།།
ཆ་ལུགས་ཁྱད་མེད་བསམ་པ་དགེ་སྦྱོར་འབོད།།
ཇ་ཆང་ཤྭོ་རྩེད་ཁོ་ནར་གཡེང་བར།།
ཉ་མོ་ཆུ་ལ་དགྱེས་བཞིན་ཆོས་ལ་བརྩོན།།
ཏ་ཐཱ་ག་ཏའི་བསྟན་པར་དད་གུས་དང་།།
ཐ་མ་ཁ་སོགས་དུག་རིགས་སྤོང་བ་དང་།།
ད་ལྟ་མ་འོང་དལ་འབྱོར་དོན་ཡོད་ཕྱིར།།
ན་གཞོན་རྒན་དར་ཚང་མས་བག་ཡོད་མཛོད།།
པ་བ་སངས་ལྟར་ལྷག་བསམ་དཀར་པོའི་ངང་།།
ཕ་མ་རྒན་རིགས་ཀུན་ལ་རོགས་དན་གྱིས།།
བ་གླང་ཕག་གི་རྗེས་སུ་མི་སྤྱོད་པར།།
མ་ལུས་གཙང་སྦྲ་བྱེད་པར་གལ་ཆེན་ཡིན།།
ཙྭ་རི་གནས་ཆེན་རིགས་ལ་ལྷ་དར་སྒྲོན།།
ཚ་གྲང་ནད་རིགས་ཡོངས་ལ་དོག་ཟོན་གྱིས།།
ཛ་དྲག་ནད་པ་ཀུན་ལ་བྱམས་སྐྱོང་དང་།།
ཝ་ལེར་ཀུན་ལ་ཕན་བདེས་བྱ་བ་སོམས།།
ཞྭ་འདོག་ཁྱད་མེད་དག་སྣང་ཀུན་ལ་སྦྱོངས།།
ཟ་འདོད་མ་ཆེ་འདོད་ཆུང་ཆོག་ཤེས་ངང་།།
འ་ཅག་གྲུབ་མཐའ་ཀུན་ལ་བརྩི་བཀུར་དང་།།
ཡ་རབས་ཕ་མེས་ཆོས་ལ་ངེས་ཤེས་དགོས།།
ར་བ་གངས་རིའི་ཡུལ་ལ་བདག་གཅེས་གནང་།།
ལ་རྒྱའི་བསྟན་སྲིད་ཕན་བདེའི་རྒྱལ་མཚན་བསྒྲེངས།།
ཤ་ཁྲག་རུས་པ་གཅིག་ཀུན་མཐུན་སྒྲིལ་ངང་།།
ས་སྟེང་མི་ལུས་ཐོབ་པར་དོན་ཡོད་ཀྱིས།།
ཨི་ལྡན་དབྱངས་གསལ་མཁྱེན་པའི་མཁས་པ་དང་།།
ཨུ་ཚུགས་རང་འདོད་མེད་པའི་བཙུན་པའི་སེམས།།
ཨེ་མ་གཞན་ཕན་སྒྲུབ་པའི་ཀུན་བཟང་པོ།།
ཨོ་ཟོབ་མིན་པར་དྲན་ཤེས་བག་ཡོད་མཛོད།།
བློ་ལྡོག་རྣམ་བཞིས་ངེས་འབྱུང་རྣལ་མ་སྐྱེས།།
ཚད་མེད་རྣམ་བཞིས་བྱང་སེམས་རྒྱུད་ལ་འཁྲུངས།།
སྲོག་སྡོམ་གཟེར་བཞིས་བསྐྱེད་རྫོགས་རྒྱུད་ལ་འབྱོར།།
རིག་འཛིན་རྣམ་བཞིས་ས་ལམ་མཐར་ཕྱིན་སྨོན།།
དབྲ་ཆེན་བཀྲ་ཤིས་ཆོས་དར་སྐུལ་བའི་ངོར།།
གཉེན་ཚོགས་བདེ་ལེགས་བཞད་པའི་དོ་ར་རུ།།
ཕན་བདེ་ཕུན་ཚོགས་སྤེལ་བའི་གདམས་བཟང་འདི།།
སེ་ཁྱུང་དཔལ་དགྱེས་རྡོ་རྗེས་ཤར་མར་བྲིས།།
སྤྱི་ལོ༢༠༡༨ ཟླ ༩ ཚེས་༡༣ལ་ཤྲཱིཿཨེ་མ་ཧོས་ཡོར་ཀི་སྐར་ལྔའི་སྒོམ་ཁང་ནས་བགྱིས་པར་དགེའོ།། །། ཤུ་བྷཾ།། །།
བདག་གིས་ལྷག་བསམ་དག་པས་སྨོན་ཚིག་མཐུས།།
བསྟན་འགྲོའི་དོན་དུ་གསུང་ཚེ་བསྐལ་བརྒྱར་བརྟན།།
ཅེས་འདིས་རིན་ཆེན་དང་པོའི་ཕྲེང་བ་ལ།།
སྔོ་ལོའི་རྒྱན་ཆ་ཆེད་དུ་མ་བཏགས་སམ།།
ཇ་ཆང་ཤྭོ་རྩེད་ཁོ་ནར་གཡེང་བར།།
འདི།
ཇ་ཆང་ཤྭོ་རྩེད་ཁོ་ནར་མ་གཡེང་བར།།
ཡིན་དགོས།
ཁ་བརྡའི་ནམ་ནོར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
་
ཀ་དག་རྫོགས་ཆེན་འགྲེལ་ལ་མཁས་ཉམས་ལྡན། །
ཁ་བའི་ལྗོངས་ཀྱི་མཁས་དབང་ནམ་ནོར་མཆོག །
ག་དུས་ག་སར་ཕེབས་ཀྱང་རྫོགས་ཆེན་སྒྲོགས། །
ང་ཡང་ཁྱེད་ཀྱིས་རྫོགས་ཆེན་སློབ་མར་གྱུར། །
་
ཅ་ཅོ་ཐ་སྙད་རིག་དང་ཆབ་སྲིད་གཡོལ། །
ཆ་ལུགས་བོད་ལུགས་ཉུང་ལ་ཕྱི་ལུགས་མང་། །
ཇ་ཆང་མཆོད་ཞོར་གསུང་ཚད་རྫོགས་ཆེན་དང་། །
ཉ་གང་མཁྱེན་པས་རྫོགས་ཆེན་དུས་སུ་གདོམས། །
་
ཏ་ཐྰ་ག་ཏའི་བསྟན་ལ་བྱ་བ་མཛད། །
ཐ་ན་གོ་སེར་ཡན་ཆད་རྫོགས་ཆེན་གསུངས། །
ད་ལྟ་དགུང་གྲངས་མཐོ་ཡང་གདུལ་བྱའི་ངོར། །
ན་ཚོད་གཞོན་རྫུས་༸སྐུ་ཚེ་ཡུན་བརྔན་ཤོག །
ཀརྡོས།
ཆེ་གེ་མོ་སི་རུང་གིས། ་མུ་མཐུད་ནས་འབྲི་རོགས་མཛོད་ཅིག
ན་ཚོད་གཞོན་རྫུས་༸སྐུ་ཚེ་ཡུན་བརྟན་ཤོག །
ཀརྡོས།
“སྙིགས་དུས་ཀྱི་ཆོས་སྨྲ་བ་ཤཱཀྱའི་དགེ་སྦྱོང་བ་མཁན་ཆེན་བླ་མ་དཔལ་”
“སེ་ཁྱུང་དཔལ་དགྱེས་རྡོ་རྗེས་ཤར་མར་བྲིས།།
སྤྱི་ལོ༢༠༡༨ ཟླ ༩ ཚེས་༡༣ལ་ཤྲཱིཿཨེ་མ་ཧོས་ཡོར་ཀི་སྐར་ལྔའི་སྒོམ་ཁང་ནས་བགྱིས་པར་དགེའོ།། །། ཤུ་བྷཾ།། །།”
“༧ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་གི་ཞབས་བརྟན་སྨོན་ལམ་དགོས་པར་མཁའ་འགྲོ་དཔལ་ལྡན་ལྷ་མོ་སྒྲོལ་མ་སོགས་༧མགོན་པོ་མཆོག་གི་སློབ་དུ་མས་ངོར་གང་དྲན་དུ”