གཞུང་པ་ཚེ་དབང་བསོད་ནམས།
སྔོན་འཐོན་རྗེས་ལུས་ཀྱི་ལྟ་གྲུབ་ལ་འགན་མ་ཁུར་བའི་ཆབ་སྲིད་དང་དཔལ་འབྱོར་འཛུགས་བསྐྲུན་དང་ཤེས་ཡོན་སློབ་གསོ་འཕྲོད་བསྟེན་དང་འཁོར་ཡུག་སྲུང་སྐྱོབས་ཁྲིམས་དང་སྒྲིག་གཞི་ཆིག་སྒྲིལ་དང་དམ་གཙང་སོགས་སྤྱི་ཚོགས་འཚོ་བའི་མདུན་ལམ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་ཆུ་འཁྱེར་སྐྱལ་གྱི་ཚུལ་དུ་གནས་ཐུབ་པ་ཙམ་ལས་མང་ཚོགས་ཀྱིས་འཚོ་བ་ལ་འགན་སྲུང་ཐུབ་པའི་ལོ་རྒྱུས་ནི་ཉིིན་སྐར་ཙམ་ལས་མ་འདས།
ང་ཚོ་མི་ཡུལ་དུ་ཡོང་དགོས་པའི་དམིགས་ཡུལ་ངོ་མ་རང་ཡུལ་དུ་དཔོན་པོ་གསར་པའི་དབང་འོག་ཏུ་རང་རེའི་ཕ་མེས་ནས་རྒྱུད་པའི་བོད་མིའི་སྐད་ཡིག་རིག་གཞུང་ནང་ཆོས་དང་བཅས་པ་རྒྱུན་འཛིན་ཐུབ་པའི་རེ་བ་མ་མཐོང་ནས་མི་ཡུལ་དུ་ཆབ་སྲིད་ཀྱི་བཙན་བྱོལ་དུ་ཡོང་བ་ལས་ཟས་གོས་ཀྱི་དཀའ་ངལ་འོག་ནས་ང་ཚོ་མི་ཡུལ་དུ་སྐྱབས་བཅོལ་དུ་འབྱོར་མེད་ན་མི་ཡུལ་དུ་འཛུགས་སྐྲུན་རྒྱ་སྐྱེད་དང་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་མང་པོའི་ནང་བོད་མི་བཙན་བྱོལ་བ་རང་འགུལ་གྱིས་གནས་སྤོས་དང་དབུས་བོད་མིའི་སྒྲིག་འཛུགས་ནས་ལོ་རབས་དྲུག་བཅུའི་ནང་བོད་མི་ཉམས་ཐག་ཁག་ཅིག་སུད་སིར་གཞིས་གཏོང་དང་ཁེ་ན་ཌར་ཤིང་གཅོད་ལས་མི་ཁག་ཅིག་བཏང་བ་་དང་ལོ་རབས་དགུ་བཅུའི་ནང་བོད་མི་ཁྱིམ་ཚང་གཅིག་སྟོང་ཨ་རིར་གཞིས་གཏོང་དང་ཆབ་སྲིད་བརྩོན་པའི་མིང་འོག་ཏུ་ཨོ་སི་ཊི་ལར་གཞིས་གཏོང་དངརྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་མཐའ་མཚམས་གཞིས་ཆགས་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་གཏོང་གནང་བའི་རྒྱུད་རིམ་སོགས་ལ་ཕྱི་བལྟ་བྱ་སྐབས་རང་བཙན་འཐབ་རྩོད་བྱ་མཁན་གྱི་བོད་མི་རིགས་འདི་བྱ་སྤུ་རི་གཏོར་བཞིན་དུ་བསྡད་ནས་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་ཡུལ་མིའི་མཉམ་འཚོ་བ་སྐྱེལ་བཞིན་པའི་དུས་སྐབས་འདིར་བོད་མིའི་སྐད་ཡིག་དང་བོད་མིའི་རིག་གཞུང་སྲུང་སྐྱོབས་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་བསམ་མེད་བྱིས་པར་མངར་ཆ་སྦྱིན་པ་ཙམ་ལས་དོན་དངོས་ལག་ལེན་དུ་འཁེལ་མི་ཐུབ་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་ལས་མ་འདས།
ལྔ་དང་ལྔ་བཅུའི་འཆར་སྣང་ལ་ང་ཚོའི་འགན་འཁུར་ནས་རོ་མགོ་མེད་ལ་འཕོ་བ་རྒྱབ་པ་ལྟབུ་མ་ཡིན་པ་སྔོན་འཐོན་རྗེས་ལུས་ཀྱི་ལྟ་སྒྲུབ་ལ་འགན་ཁུར་ནས་སྔོན་འཐོན་བྱེད་དགོས་པ་ནི་བོད་མིའི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་ལྔ་དང་ལྔ་བཅུའི་འཆར་སྣང་ལས་ལྔ་བཅུའི་ལས་འཆར་ལ་ང་ཚོའི་འགན་འཁུར་ནས་བོད་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེན་དོན་ཆེན་ལ་ངོས་འཛིན་གནང་ནས་སྔོན་འཐོན་་བྱ་དགོས་པ་དང་བོད་མི་རིགས་འདི་ཐོག་མ་ཉིད་ནས་གྲངས་ཉུང་ཡིན་པ་དང་རྒྱ་མིའི་བོད་ལ་བཙན་འཛུལ་གྱིས་བོད་མི་ས་ཡ་གཅིག་ལྷག་ཙམ་བསད་པ་དང་འཕྲོས་ལྷག་དེ་ཡང་གཞིས་བྱེས་གཉིས་སུ་གནས་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་ནང་ཆོས་སོགས་ལ་རང་དབང་གི་ཐོག་ནས་འགན་ཁུར་ཐུབ་པའི་འཁོར་ཡུག་མེད་པ་བཅས་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་བོད་མི་འབུམ་གཅིག་ལྷག་ཙམ་དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ཁ་འཐོར་ནས་བྱ་སྤུ་རི་འཐོར་དུ་གནས་ནས་བསྡད་ཡོད་ན་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་བྱེད་མཁན་གྱི་བོད་མི་རིགས་ལ་སྲུང་སྐྱོབས་མ་ཐུབ་ན་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཟེར་བའི་གཏམ་དེ་བྱིས་སྒྲུང་ཙམ་དུ་ལྷག་སྲིད་པ་དང་ང་ཚོ་བོད་མི་རིགས་ལ་སྒལ་ཚིག་དང་ཁྲག་རྩ་ཡོད་ན་རང་གི་ཕ་མེས་ཀྱིས་ལས་དབང་དུ་སྨིན་པའི་ཕ་ཡུལ་བོད་གངས་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་ཞིང་ས་དེ་དག་ཆོས་མེད་ཀླ་ཀློའི་བཙན་འོག་ནས་དུས་ཚོད་ལ་རྒྱས་ཅད་མེད་པའི་ཐོག་ནས་མི་ལོ་སྟོང་ཕྲག་འགོར་ཡང་སྔོན་འགྱེལ་རྗེས་ལངས་དང་ཕ་ས་བུ་འཛིན་རྒྱུད་ནས་རང་ས་རང་སྲུང་དང་རང་ཡུལ་རང་བདག་ལ་འགན་ཁུར་མ་ཐུབ་ཚེ་ང་ཚོ་ནི་རྗེས་ལུས་ནས་ཡང་ལུས་དུ་ལྷག་པའི་ཁ་དམག་འགན་ཁུར་གྱི་མི་རབས་་ཞིག་ཡིན་པའི་ངོ་སྤྲོད་མ་འོངས་བོད་ཀྱིས་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱིས་ནག་ཐིག་ཆེན་པོའི་ཉེས་པ་དེ་ད་ལྟའི་ང་ཚོ་མི་ཐོག་འདིའི་མགོ་སྟེང་ལྷག་རྒྱུ་ཡིན་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ་ལ་ད་ཆ་ང་ཚོ་སྨྲ་ཤེས་དོན་གོ་བ་མི་ཞིག་ཡིན་པའི་ཆ་ནས་ལུས་རྙིང་པ་ལ་སེམས་གསར་པ་བཅུག་ནས་སྒེར་དོན་རྒྱབ་ཏུ་དཀྱུར་ནས་སྤྱི་དོན་མདུན་དུ་བླངས་ཐུབ་པའི་འགན་ཁུར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་ད་ལྟའི་དུས་ཚོད་འདིར་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་ལྔ་དང་ལྔ་བཅུའི་འཆར་སྣང་ལས་ལྔ་ལ་འགན་ཁུར་ནས་ད་ཡོད་སོ་ནམས་གཞིས་ཆགས་ཁག་གི་ས་ཁང་བདག་ཉར་དང་ས་ཞིང་འདེབས་ལས་དེ་དག་ས་ཁང་གི་སྒྲིག་གཞི་ཇི་བཞིན་ལག་ལྟར་བྱུང་ཡོད་མེད་ཐོག་དབུས་ས་གཉིས་ནས་ཐུགས་སྣང་དགོས་པ་ནི་ནམ་ཞིག་གཞིས་མིའི་ས་ཞིང་ཡུལ་མིའི་ལག་ནས་ཚུར་ལེན་མ་ཐུབ་པའི་དུས་ཚོད་མ་ཤར་པའི་ངེས་པ་མེད་ན་མེ་ཆུང་དུས་ལ་སོད་དགོས་པ་དང་ཆུ་ཆུང་དུས་ལ་བགྲོད་དགོས་པའི་དཔེ་ལྟར་བཅས་ལྔ་དང་ལྔ་བཅུའི་འཆར་སྣང་འོག་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལས་ཆར་ཇི་ཡོད་མ་ཤེས་ཀྱང་གཞིས་ཆགས་ཁག་ནང་ས་ཞིང་འདེབས་ལས་བྱེད་མཁན་དང་བ་ཕྱུགས་གསོ་ཉར་བྱེད་མཁན་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པ་དང་ཉིན་སློབ་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་དང་གཞིས་མིའི་གྲངས་ཚད་ཉུང་དུ་འགྲོ་བཞིན་པ་སོགས་ལ་དཔྱད་སྐབས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་གཏམ་དེ་དོན་ལ་གནས་མིན་ཇི་ལྟར་ཡང་སྔོན་འཐོན་རྗེས་ལུས་ཀྱི་ལྟ་གྲུབ་ལ་འགན་ཁུར་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལས་འཆར་ངོ་མ་གཞིས་ཆགས་ནང་ཁྱིམ་ཚང་སོ་སོར་ཡོང་འབབས་ལས་གཞི་ས་གནས་ས་ཐོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ནས་དངུལ་བུན་སྐྱེད་ཆུང་འོག་ནས་སྤེལ་དགོས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་གཞིས་ཆགས་བསྲ་བརྟན་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་འདིར་གཞིས་ཆགས་ཆེ་ཁག་གཉིས་ཀྱི་ནང་བཅའ་ཁྲིམས་དོན་ཚན་དོན་བརྒྱད་འོག་བཀོད་སྒྲིག་ཞུས་པའི་ས་གནས་འཐུས་མིའི་སྒྲིག་འཛུགས་དང་བཅའ་ཁྲིམས་དོན་ཚན་དྲུག་བཅུ་ནང་བཀོད་སྒྲིག་ཞུས་པའི་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་བཅས་ད་ལྟ་ཡང་བཅའ་ཁྲིམས་དགོང་དོན་ལག་ལྟར་མ་ཐུབ་པ་ནི་ཁྲིམས་བཟོའི་གཏན་འབེབས་གནང་བའི་ཁྲིམས་སྒྲིག་ལ་འཛིན་སྐྱོངས་ནས་ལག་ལྟར་མ་ཐུབ་པ་དེ་ནི་བཅའ་ཁྲིམས་ལ་འགན་ཁུར་མ་ཐུབ་པར་ངོས་འཛིན་ཞུ་གི་ཡོད་ལ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་ནས་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཡུལ་མིའི་རྒྱལ་ཁབ་་(Republic )ཟེར་བའི་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་དེ་དག་ནག་སུབ་དུ་བཏང་ནས་གོ་རྟོགས་མ་ཐུབ་པའི་ཐ་སྙད་གསར་པ་༼ཡུལ་མིའི་སྲིད་སྐྱོངས་༽་ཟེར་བའི་མང་གཙོའི་རིག་པའི་གཞུང་ལུགས་༼DEMOCRACY THOERY༽ནང་རྩལ་ནས་བརྙེད་རྒྱུ་མེད་པའི་ཐ་སྙད་གསར་པ་འདིའི་གོ་དོན་དུས་ད་ལྟ་ཡང་ཤེས་ཐུབ་མ་སོང་ན་༼ ཡུལ་མིའི་རྒྱལ་ཁབ་ ༽ REPUBLIC means Head of Nation and Head of State is elected by people ༽རྒྱལ་ཁབ་ཀྱི་དབུ་འཁྲིད་དང་སྲིད་གཞུང་གི་འགོ་འཁྲིད་དེ་མི་མང་གི་འདམས་པའི་མི་ཞིག་དགོས་པ་ལ་ཡུལ་མིའི་རྒྱལ་ཁབ་ (REPUBLIC ) ཟེར་བ་བཅས་གོང་ས་མཆོག་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་རྒྱུའི་གསུང་འཕྲིན་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་ཕེབས་པའི་ནང་དུ་ཡང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་ལྟར་དེ་དང་ཕྱོགས་མཐུན་དགོས་སྐོར་གསལ་བ་བཅས་མང་གཙོ་དང་དམངས་གཙོ་དོན་གཅིག་ལ་ངོས་འཛིན་གནང་མཁན་ཡང་འདུག་ལ་རང་བཙན་དང་རང་དབང་གང་བསམ་བརྗོད་མཁན་ཡང་འདུག་ལ་ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་བ་ཡིན་ཚེ་་དོན་དངོས་ཐོག་མང་གཙོ་ཡིན་ལ་རང་དབང་ཡིན་འདྲ་མཉམ་ཡིན་ལ་ཐ་དད་ཡིན་ཟེར་བའི་ཐ་སྙད་ལ་འགན་ཁུར་ནས་་ཁྲིམས་འགལ་དང་སྒྲིག་འགལ་རྒྱུད་ནས་སྤྱི་ཚོགས་འཚོ་བ་ལ་འགན་སྲུང་བྱེད་པ་ནི་ལོང་བས་ལོང་འཁྲིད་ཙམ་ལས་མ་འདས་ཤིང་དུས་རབས་དང་བསྟུན་ནས་ང་ཚོའི་སྔོན་འཐོན་རྗེས་ལུས་ཀྱི་ལྟ་སྒྲུབ་ལ་འགན་ཁུར་ནས་གོམ་གང་མདུན་སྤོས་མ་ཐུབ་ཚེ་ང་ཚོ་སླར་ཡང་རྗེས་ལུས་ནས་ཁ་བྲལ་མ་ཐུབ་པའི་སྤྱི་ཚོགས་ཞིག་འཛམ་གླིང་མི་མང་གི་མིག་མདུན་དུ་ལྷག་སྲིད་པ་མ་རེད་དམ་།
ཀོ་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༨ཕྱི་ཟླ་༡༠ཚེས་༣་ཉིན་ཟིན་བྲིས་སུ་བཏབ་།
༄༅། ལྔ་དང་ལྔ་བཅུའི་འཆར་སྣང་ཇི་ལས་གཞི་འདི།
རང་ནུས་ཇི་ཡོད་མང་པོའི་ཆེད་དུ་འབད།
མ་མང་མ་སྨད་གཞན་གྱི་ཇི་བྱས་ལ།
མ་བསྟོད་ནའང་སྨད་པ་ག་ལ་སྲིད།
རང་དབང་མང་གཙོའི་སྤྱི་ཚོག་ཆེན་པོའི་ནང་།
རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང་།
བསྟོད་སྨད་འགན་ཁུར་མང་གཙོའི་ལས་འགན་མིན་།
མིང་རྫུན་འོག་ཏུ་དྲ་ནང་འཛུལ་མཁན་དང་།
མིང་རྫུན་འོག་ཏུན་མཆན་བཀོད་འདེབས་མཁན་སོགས་།
ཕྱོགས་ལྷུང་མང་གཙོ་བོད་མིའི་མངོན་འདོད་མིན་།
ཨལ་གཞུང་པ་ཚེ་བསོད་ལ། །བདེན་པ་སྨྲ་བའི་བློ་སྤོབས་ལྡན། །ཕྱོགས་ཞེན་གདོན་གྱིས་མྱོས་པའི་རོ་སྦྱོར་དང་། །རང་མིང་གབ་པའི་དྲ་འབུ་ཚོགས་རྣམས་ལ། །སྨྲ་བའི་ལྗགས་མདུད་ཡོད་ན་ཕེབས་ཤོག་ཨང་། །
དྲང་པོའི་གཏམ་དང་འགྲོང་པོའི་མདའ་།
བཤོད་་མཁན་འཕེན་མཁན་རེ་རེ་ཙམ་།
ཕྱོགས་གཏོགས་འགན་ཁུར་མང་གཙོའི་དགྲ་།
མིང་རྫུན་འོག་ཏུ་སྤྱི་ཚོགས་དཀྲུགས་་།
སྲིད་སྐྱོང་བློ་སེང་གི
ཉི་སྟོང་བཅུ་གཅིག་ལྔ་དང་ལྔ་བཅུ། ཉི་སྟོང་བཅུ་གཉིས་ཀྱི་ལྔ་དང་ལྔ་བཅུ། ནས། ཉི་སྟོང་བཅོ་བརྒྱད་ཀྱི་ལྔ་དང་ལྔ་བཅུ། ཉི་སྟོང་བཅུ་དགུའི་ལྔ་དང་ལྔ་བཅུ། ཧ་ཧ་ལྔ་དང་ལྔ་བཅུ། ཧུ་ཧུ་ལྔ་དང་ལྔ་བཅུ།། །།
ལྔ་དང་ལྔ་བཅུ།
ལྔ་དེ་རང་དོན་སྒྲུབ་དུས།
ལྔ་བཅུ་གཞན་ལས་འཇོག་ཕྱིར།
ལྔ་དེ་བོད་དོན་བསམ་དུས།
བཅུ་དེ་རྗེས་མར་ལས་རྒྱུ།
ཨང་། ཞེས་པ་དེ། དང་གི་ཟུར་ཆག་ཏུ་མངོན་ཏེ།
་
དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞབས་ཀྱིས།
་
དང་ནི་སྡུད་འབྱེད་རྒྱུ་མཚན་དང་།
ཚེ་སྐབས་གདམས་ངག་ལྔ་ལ་འཇུག
ཅེས་སོགས་སྤྱི་ལོ་ལྔ་བཅུའི་ནང་།
བོད་དུ་སྦྱངས་པ་སླར་དྲན་ཕྱིར།
་
ཡིག་ནོར་དག་ལ་ཞུས་དག་མཛོད།
བརྗེད་ངས་ཅན་ལ་ཕན་པར་སེམས།
ལྔ་དང་ལྔ་བཅུ།
ལྔ་དེ་རང་དོན་སྒྲུབ་དུས།
ལྔ་བཅུ་གཞན་ལས་འཇོག་ཕྱིར།
ལྔ་དེ་བོད་དོན་བསམ་དུས།
བཅུ་དེ་རྗེས་མར་ལས་རྒྱུ།
འདི།
ལྔ་དང་ལྔ་བཅུ།
ལྔ་དེ་རང་དོན་སྒྲུབ་དུས།
ལྔ་བཅུ་གཞན་ལས་འཇོག་ཕྱིར།
ལྔ་དེ་བོད་དོན་བསམ་དུས།
ལྔ་བཅུ་རྗེས་མར་ལས་རྒྱུ།
ལ་བཅོས།
དུས་ཡུན་ཐུང་ཐུང་ནང་། རྒྱ་ནག་ལ་འགྱུར་བ་དང་བོད་ལ་རེ་བ་ཡོད་དམ།
བོད་ཀྱི་དུས་བབ། ཆུ་ཚོད་ ༨ སྔོན་ལ། རིག་པ། (༠)
ཟླ་བ་ཚེ་རིང་། (ཧྥ་རན་སི)
http://tibettimes.net/2018/10/07/172582/
ད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་བཀག་ཉར་བྱས་འདུག་ཟེར།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་བཀག་ཉར་བྱས་འདུག་ཟེར།
http://tibettimes.net/2018/10/06/172571/
གནས་ཚུལ་འདི་ནི། རྒྱ་ནག་གཞུང་འདི་འབོ་ལུགས་གྲབས་ཡོད་པའི་རྟགས་མཚན་བཟང་པོ་ཞིག་ཀྱང་ཡིན་མི་སྲིད་པ་མིན།
བོད་མིའི་བླ་སྤྲུལ་ཞིག་གིས།
https://www.facebook.com/dolma.choezom.984/videos/1866436353435289/UzpfSTEwMDAwMjA2ODI3MzcyNzoxODY2NDU5MDYzNDMzMDE4/
༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་གིས།
https://www.facebook.com/dhotoecholkha/videos/1431166593683566/
༸སྐུ་ཡི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས།
https://www.facebook.com/nigan.gotsang/videos/pcb.10156722389354196/10156722371834196/?type=3&theater
སྲིད་སྐྱོང་བློ་སེང་གི་ནོར་འཁྲུལ་འཐེར་འདོན་སྐོར་ལ་སྤྱི་འཐུས་ཞིག་གིས།
https://www.facebook.com/119306658803462/videos/412253772642211/UzpfSTExOTMwNjY1ODgwMzQ2MjpWSzo0MTIyNTM3NzI2NDIyMTE/