མེ་ཏོག་དཀར་པོ་ནས།
ཁ་བརྡའི་ནང་ལ་ཕེབས་པའི་གྲོགས་པོ། །
ཁ་བརྡ་གླེང་ནས་ཉིན་མ་སྐྱེལ་མཁན། །
ཁ་བརྡ་ཙམ་ལས་ལག་བརྡ་མེད་པས། །
ཁ་བརྡ་རྐྱང་པས་འཚམས་འདྲ་ཞུ་འོ། །
ཁ་བ་ལྟ་བུའི་ལྷག་བསམ་དཀར་པོ། །
ཁ་བ་བརྩེགས་པའི་གངས་རིའི་བཞིན་དུ། །
ཁ་བརྡའི་མཁན་པོ་ཁོང་ཚོར་འདུག་པས། །
ཁ་ཙམ་མིན་པར་དགའ་བསུ་ཡོད་དོ། །
ཁ་སང་མ་ཡིན་ལོ་གཅིག་གོང་དུ། །
ཁ་བརྡ་དང་པོ་མཐོང་བའི་སྐབས་སུ། །
ཁ་ཞེ་མེད་པའི་དགའ་སྤྲོ་ཞིག་གིས། །
ཁ་ནས་ཁ་མཆུ་ཟག་བྲབ་བྱས་བྱུང་། །
ཁ་སང་ཧ་ལམ་ཟླ་གཅིག་ཙམ་ནས། །
ཁ་རོག་མ་བསྡད་ཐབས་ཤེས་ཤིག་གིས། །
ཁ་བརྡར་མཆན་བུ་འགོད་སྟངས་ཤེས་པས། །
ཁ་དང་ཁོག་པ་སྤྲོ་བས་བརྟས་བྱུང་། །
ཁ་བརྡར་དང་པོ་མཆན་བུ་བཏགས་དུས། །
ཁ་བརྡས་དག་མཆན་སྒུགས་ཡོད་གསུངས་བྱུང་། །
ཁ་བརྡས་ཐུགས་ལ་བབས་པ་ཡིན་འདྲ། །
ཁ་བརྡར་མེ་ཏོག་དཀར་པོ་ཤར་སོང་། །
ཁ་ཏོན་བྱ་རྒྱུའི་དུས་ཚོད་དེ་དང། །
ཁ་ལག་བྲོད་པའི་ལས་དོན་དེ་ནས། །
ཁ་བརྡར་དུས་ཚོད་ཅུང་ཙམ་བཏང་སྟེ། །
ཁ་ལབ་ཚིག་གསུམ་བྱེད་རྒྱུ་བྱུང་སོང་། །
ཁ་བརྡར་འཛུལ་ནས་ཉིན་ཤས་ནང་ལ། །
ཁ་བརྡའི་བྲོ་བ་སྣ་ཚོགས་མྱོང་སོང་། །
ཁ་བརྡའི་ཁྲིམས་དང་སྒྲིག་གཞི་ཤེས་སོང་། །
ཁ་བརྡའི་ངོ་རིས་ཅུང་ཟད་རྟོགས་སོང་། །
ཁ་ཞེ་མེད་པའི་བསམ་དཀར་ཡིན་ཡང་། །
ཁ་འཇམ་ཚིག་འཇམ་བཤད་རང་དགོས་འདུག །
ཁ་བརྡུང་སྐྱེ་བོ་སྒེར་ལ་ཡིན་ན། །
ཁ་བརྡས་བསུབ་པ་གནང་གིན་འདུག་གོ །
ཁ་ནས་ཚིག་གསུམ་བཤད་པའི་སྐད་ཆ། །
ཁ་བ་བུ་ཡུག་ཚུབ་ཚུབ་འདྲ་དང་། །
ཁ་ཆར་དྲག་པོ་བབ་བབ་ནང་བཞིན། །
ཁ་བརྡའི་ནང་ལ་གནང་ས་མི་འདུག །
ཁ་བརྡ་མཁན་པོས་ཁ་བརྡ་བཙུགས་པ་ནི། །
ཁ་བའི་ལྗོངས་ལ་ཕན་ན་སྙམ་པ་ལས། །
ཁ་བ་ཅན་གྱི་ཕུ་ནུ་མིང་སྲིང་དབར། །
ཁ་རྩོད་གླེང་བའི་དོན་དུ་མིན་ལས་ཆེ། །
ཁ་བརྡ་ནང་དུ་ཁ་ཚོད་མ་བཟུང་ན། །
ཁ་བྱང་མེད་པའི་ཁ་ནག་སྐོར་ཅིག་གིས། །
ཁ་ཕྱོགས་མེད་པར་ཁ་ཕོ་ཆེ་དྲགས་ནས། །
ཁ་བརྡའི་ཁ་བརྡ་ཁ་ཐོར་གཏོང་ཉེན་འདུག །
ཁ་སང་དེ་རིང་ཁ་ཞིག་ཐོགས་ཡོད་ན། །
ཁ་སྟོང་ཚིག་གི་ཁ་ཤགས་མི་འགྱེད་པར། །
ཁ་བ་རི་བའི་ཁ་གཏད་གང་ཡིན་དེར། །
ཁ་ཏ་བསླབ་བྱ་ཁ་ཚ་དགོས་གཏུགས་རེད། །
ཁ་དོག་དམར་པོའི་རྒྱལ་དར་ཁ་འོག་ནས། །
ཁ་ཁ་སོ་སོ་བྱེད་རྒྱུའི་ཁ་དམ་ཚིག །
ཁ་ཐབས་གང་ཡོད་ཁ་ཞེ་གཉིས་མེད་ཀྱིས། །
ཁ་རོག་མ་འདུག་ཁ་ལས་དགེ་རྒྱུ་ཚོ། །
ཁ་བརྡ་བཟོས་པ་ཕན་ཐོགས་ཆེའོ། །
ཁ་རོག་མ་འདུག་ཁ་བརྡ་ཀློགས་ཤིག །
ཁ་རྩོམ་ཀློག་ཞོར་སྐྱོན་ཡོན་ཚོལ་ནས། །
ཁ་རྩོད་མཆན་བུ་ཉུང་མིན་བྲིས་ཡོད། །
ཁ་རོག་བསྡད་ན་ཁ་མཆུ་མེད་པས་བཟང་། །
ཁ་མཛུམ་ཤིག་ཤིག་ཀུན་གྱི་ཡི་གར་འོངས། །
ཁ་ནག་གདིང་ནག་དེ་ཙམ་མི་སྐྱོན་མོད། །
ཁ་དཀར་ཁོག་ནག་རིགས་ལ་དོགས་ཟོན་དགོས། །
༼ཁ༽ ཁ་བརྡའི་རྩོམ་ནང་བཞག་པར་ཁ་བརྡ་ཚང་ལ་ལེགས་སོ་ཞུ།།
ཁ་ལ་སྒོ་ལྕགས་མེད་པའི་གཞོན་ནུ་ངས། །
ཁ་ལྕེ་བདེ་བའི་དྲྭ་གྲོགས་ཁྱེད་ཅག་ལ། །
ཁ་བ་རི་བའི་འགྲོ་སྟངས་ཁ་ཤས་ཤིག །
ཁ་སེམས་གཏིང་ནས་གླེང་ན་ཆོག་པར་ཞུ། །
ཁ་དོག་དམར་སེར་ཅན་གྱི་ཆོས་པ་འགས། །
ཁ་བ་རི་བའི་བསྟན་དང་འགྲོ་བ་ལ། །
ཁ་ཟུར་ཙམ་ལས་ཕན་ཐོགས་མི་མཛད་པས །
ཁ་བའི་གཞོན་ནུའི་སེམས་པ་མི་བདེ་གི །
ཁ་བ་ཅན་ན་བཞུགས་པའི་སྤུན་ཟླ་ཚོས། །
ཁ་བའི་དོན་ལ་རང་སྲོག་གཏོང་ནུས་ཀྱང་། །
ཁ་བའི་ཕྱི་ན་བཞུགས་པའི་བོད་རིགས་འགའི། །
ཁ་ཁོག་ལ་རྒྱལ་ཞེན་པས་མི་བདེ་གི །
ཁ་བ་ཅན་གྱི་༧མགོན་པོའི་བཀའ་འོག་ནས། །
ཁ་ཁོག་མི་མཚུངས་གཞུངས་ཞབས་འགའ་ཞིག་གིས། །
ཁ་བའི་བདེན་དོན་མི་རྩོད་རང་དོན་ལ། །
ཁ་ལག་གང་འགྱོག་འགྲན་འདིས་མི་བདེ་གི །
ཁ་བའི་ཡུལ་གྱར་སྤྱི་ཚོགས་འདི་ཡི་ནང་། །
ཁ་ལ་སྐད་རིགས་འདྲེས་མ་མ་བྱང་ན། །
ཁ་དང་ཁོག་པ་བོད་ལ་དཀར་ན་ཡང་། །
ཁ་བརྡ་གནང་མཁན་ཉུང་བས་མི་བདེ་གི །
ཁ་བརྡའི་དྲྭ་རྒྱ་བཟང་པོ་འདི་བརྒྱུད་ནས། །
ཁ་བ་ཅན་ལ་ཕན་པའི་གལ་ཆེའི་ལས། །
ཁ་བ་རི་བའི་རིགས་སུ་གྱུར་ཚད་ཀུན། །
ཁ་ཤ་བཙུམ་ནས་མ་འདུག་ཁ་བརྡ་བྱོས།
ཁ་བ་ཅན་གྱི་བུ་རྒྱུད་ཡིན་ན་ཡང། །
ཁ་བའི་ལྗོངས་དེ་མིག་གིས་མ་མཐོང་ཞིང་། །
ཁ་ཙམ་ཞིག་ལས་དོན་གྱིས་དབུལ་བའི་བུ། །
ཁ་རྩོམ་འབྲི་མཁན་ང་ཡིས་འདི་ལྟར་བསམ། །
ཁ་བའི་ལྗོངས་སུ་བཞུགས་པའི་བོད་རིགས་སྤུན། །
ཁ་བའི་ལ་རྒྱ་ཁོག་ནས་རབ་འབར་བས། །
ཁ་དོག་དམར་པོར་དངོས་སུ་རྒོལ་ནུས་དེར། །
ཁ་བ་རི་པ་ཀུན་ཀྱིས་བསྔགས་པར་འོས། །
ཁ་བའི་ལྗོངས་ལས་རིང་དུ་འདས་པའི་སར། །
ཁ་བའི་ཡུལ་གྱར་སྤུན་ཟླ་རྣམ་པས་ཀྱང་། །
ཁ་བའི་ལས་དབང་མ་བརྗེད་སྙིང་བཅང་གིས། །
ཁ་ཞེ་མེད་པའི་ལས་དོན་འགྲུབ་བཞིན་ཡོད། །
ཁ་དོག་ནང་ན་དཀར་སེར་དམར་ལྗང་དང་། །
ཁ་བའི་རྡུལ་བརྩེགས་ཆེ་ཆུང་སྣ་ཚོགས་བཞིན། །
ཁ་ལག་ཅན་གྱི་མི་ཡང་གཅིག་མཚུངས་ཕྱིར། །
ཁ་བའི་ཡུལ་གྱར་ནང་ལའང་དགེ་སྐྱོན་ཡོད། །
ཁ་ཡོད་ལག་ཡོད་ཡོན་ཏན་མི་བརྗོད་པར། །
ཁ་ན་མཐོང་བའི་སྐྱོན་གྱི་སྣེ་ཞིག་ལ། །
ཁ་ན་མ་ཐོའི་ཉེས་པ་བརྗོད་འདི་ཡང་། །
ཁ་ཞིག་ཐོགས་པའི་དགོས་དོན་ཆུང་མིན་ནམ། །
ཁ་དོག་དམར་སེར་གྱོན་པ་འགའ་རེ་དང། །
ཁ་ཁོག་མི་མཚུངས་གཞུང་ཞབས་འགའ་ཞིག་འདི། །
ཁ་བའི་ཡུལ་གྱར་ངོ་ཚབ་མི་རུང་པས། །
ཁ་ལ་སྒོ་ལྕགས་མེད་ཁྱོད་བློ་མ་ཆུང་། །
ཁ་བའི་ཡུལ་གྱར་སྤྱི་ཚོགས་འདི་ཡི་ནང། །
ཁ་སྐད་འདྲེས་མ་སྣ་ཚོགས་སྨྲ་་བའི་ནང། །
ཁ་བའི་བུ་ཆུང་ཁྱོད་ཀྱང་ཚུད་འདུག་པས། །
ཁ་ནང་བསྐོར་ནས་དང་པོ་རང་རྩོམ་གཟིགས། །
ཁ་བའི་མགོན་པོ་སྐུ་ཚེ་བརྟན་འདིའི་སྐབས། །
ཁ་བ་རི་པ་ཆིག་སྒྲིལ་དཔུང་སྒྲིག་ནས། །
ཁ་དོག་དམར་པོ་ཁ་བའི་ལྗོངས་དེ་ནས། །
ཁ་བ་ཉི་མས་བཞུ་བཞིན་མཐར་སྤྲོད་དགོས། །
སྤྱིར་ཁ་བ་ནི་གངས་ཀྱི་མིང་དང་། ཁ་བའི་ལྗོངས་ནི་བོད་ཡུལ་ལ་གོ་ཞིང་། ཁ་བ་ཅན་ནི་ལྗོངས་དེ་གནས་བའི་སྐྱེ་ཕོ་མོ་ཀུན་ལ་ཟེར། འོན་ཀྱང་། གྲང་ངར་ཆེ་བའི་ས་ཕྱོགས་རྣམས་་སུ་དགུན་དུས་གངས་འབབ་བཞིན་ཡོད།
ཁ་བའི་མགོན་པོ་ཟེར་ན་གངས་ཀྱི་མགོན་པོ་ཞེས་ཟེར་བ་ཡིན། དེ་བཞིན་དུ་ཁ་བའི་ལ་རྒྱ་ཟེར་བའང་དེ་དང་མཚུངས། ང་ནི་དུས་རྒྱུན་ཚིག་དོན་འདི་འདྲ་ལ་གོ་བ་ལེན་སྟངས་ནོར་འགྲོ་བས་དགོངས་འགལ་མེད་པ་ཞུ།
སྐབས་ཐོབ་ཀྱི་གོ་བ་ལེན་དགོས།
ཚིག་རེ་རེ་རྗེས་དེད་བྱེད་ཐལ་ན་རྙེད་དོན་སྟོར་འོང།
ཁ་བ་ཅན་་དང་ཁ་བའི་ལྗོངས་གཉིས་ཀ་སྤྱི་མིང་བྱེ་བྲག་གིས་བོད་ལ་གོ ཁ་བ་ཅན་གྱི་མགོན་པོ་བསྡུས་ནས་ཁ་བའི་མགོན་པོ་ཞེས་བྱའོ།། རྩོམ་གྱི་སྔ་ཕྱི་ལྟོས་ནས་ཁ་བའི་མགོན་པོ་༧གོང་ས་མཆོག་ལ་གོ་ཐུབ།
དེ་ལྟར་རེད་དམ།
འཕགས་ཡུལ་ཟེར་དུས་རྒྱ་གར་ལ་གོ །འཕགས་པ་བཞུགས་ཚད་ཀྱི་ཡུལ་ལ་ག་ལ་གོ །
ཅན་ནི་བདག་སྒྲ་དང་། ལྗོངས་ནི་ས་ཆའམ་ཡུལ་ལ་ཟེར། མ་མཐར་ཡང་དེ་གཉིས་ཀྱི་ཁྱད་པར་ཙམ་དཔོག་དགོས།
རེད་ལགས། བདག་པོ་ཡིན་ན་སེམས་ལྡན་གྱི་གང་ཟག་རང་ཡིན་ཨ་དགོས།
དེ་བསམ་བློ་གཏོང་སའི་གཞི་གཅིག་རེད་ལགས།
གང་ལྟར་ཉིད་ཀྱི་གོང་གི་ཁ་རྩོམ་ལ་བསྔགས་བརྗོད་ཡོད།
ཁ་བཤད་ལེགས་པར་བྱེད་འདོད་ཆེ་ན།།
ཁ་ཤས་མ་ཡིན་ཚིག་མང་ཤེས་དགོས།།
ཁ་ཁུམ་སིམ་པོར་འདུག་འདོད་བྱུང་ན།།
ཁ་ལག་ཙམ་གྱི་ཆོག་པར་གནང་རོགས།།
སྙན་ཞུ།
བོད་ཀྱི་སྐད་ཡིག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ཁ་བརྡ་ཚང་ལ་
ཞུ་གསོལ་འདེབས་དོན།།
ཁྱེད་རྣམ་པས་ཁ་བརྡའི་ཡིག་རིགས་ཀྱི་པར་གཞི་ཤོག་བུ་འདི་ཉིད་དཀར་པོ་མིན་པར་སྔོན་པོ་ཞིག་ཏུ་བསྒྱུར་ཐུབ་ན་ངེད་ཁ་བརྡ་བྱེད་པ་པོ་རྣམས་ཀྱི་མིག་ལ་གནོད་ཆུང་བ་འདུག་པས་དེ་ལུགས་བཞིན་དགོངས་མངའ་ཡོང་བ་ཞུ་ཞུ།།
གུས་རྩམ་གཟན་པས་ སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༩ ་ལཕུལ།།
སླྲར་མུ་མཐུད་ནས་ཁ་རྩོམ་ལ་འཇུག་པར་གྱིས་ཤིག
ཁ་བ་རི་པའི་སྤྱི་དོན་ཞིག་ལ། །
ཁ་ཤགས་ཕན་ཚུན་བྱེད་ཀྱང་རུང་གི །
ཁ་ལག་ལྟོ་གོས་ཙམ་གྱི་ཆེད་དུ། །
ཁ་བརྡས་ཉིན་མ་སྐྱེལ་འདི་དོན་ཆུང་། །
ཁ་བ་ཅན་གྱི་མི་ངན་འཐེན་བལྟས་་ལ། །
ཁ་བསྟོད་ངོ་བསྟོད་བྱེད་པའི་གོམས་སྲོལ་ཞིག །
ཁ་དོག་བཙོག་པའི་རྩམ་དགའ་ཁོ་བོ་ལ། །
ཁ་བཙིར་ངོ་བཙིར་བྱས་ཀྱང་ཡོད་མ་ཡིན། །
ཁ་བ་ཅན་ལ་བློ་སེམས་དཀར་འདོད་ཀྱིས། །
ཁ་བའི་ངན་འཚང་ཐེར་འདོན་མི་གནང་བར། །
ཁ་ནས་བཟང་རབས་མཇོན་རབས་གླེང་བ་ཡིས། །
ཁ་བ་ཅན་ལ་ཕན་ན་སྐྱིད་པ་ལ། །
ཁ་ལེ་ཀླུང་རྟ་དར་བའི་དྲྭ་གྲོགས་འགའ། །
ཁ་བའི་དགེ་མཚན་གླེང་བའི་ལྕེ་བདེ་ཡང་། །
ཁ་ལྗོངས་སྨད་ནས་ཡོང་བའི་བུ་ཆུང་གི །
ཁ་ལྕེ་བདེ་མོར་བསྒྱུར་བ་དཀའ་མོ་ཉིད། །
ཁ་དོག་བཙོག་པའི་རྩམ་དགའ་ཁྱོད་ཉོན་དང་། །
ཁ་བ་ཅན་གྱི་མི་ངན་འཐེན་བལྟས་ལ། །
ཁ་བསྟོད་ངོ་བསྟོད་བྱེད་རང་དགོས་སོ་ཞེས། །
ཁ་བཙིར་ངོ་བཙིར་བྱེད་མཁན་སུ་ཡིན་ཤོད།
ཁ་བ་ཅན་ལ་བློ་སེམས་དཀར་འདོད་ཀྱིས། །
ཁ་ནས་བཟང་རབས་གཏན་ནས་མི་གླེང་བར། །
ཁ་བའི་ངན་འཚང་ཁོ་ན་ཐེར་འདོན་གྱིས། །
ཁ་བ་ཅན་ལ་ཕན་ན་ལོས་ཀྱང་སྐྱིད། །
ཁ་ལེ་ཀླུང་རྟ་དར་བའི་དྲྭ་གྲོགས་ཚོས། །
ཁ་བའི་དགེ་མཚན་གླེང་ནས་སྡོད་པ་ལས། །
ཁ་ལྗོངས་སྨད་ནས་ཡོང་བའི་བུ་ཁྱོད་ཀྱི། །
ཁ་ལྕེ་བདེ་མིན་ལྟ་དགོས་དོན་ཆུང་ཉིད། །
ཁ་བ་གངས་ཅན་བོད་ཀྱི་བུ་བརྒྱུད་ཚོ། །
ཁ་བརྡའི་དྲྭ་ལམ་བརྒྱུད་ནས་གཞི་བྱེས་གཉིས། །
ཁ་བའི་ལྗོངས་སུ་འཛོམས་པའི་སྐལ་བཟང་དཔལ། །
ཁ་བརྡའི་ལམ་ནས་ཐབས་ཤེས་གང་ཡོད་སྟོན། །
མེ་ཏོག་དཀར་བོ་ལགས་་་དེ་ཨེ་རེད།
ཁ་བའི་ལས་སྣེ་དང་ནི་གྲྭ་བཙུན་འགའ་ཞིག་གི །
ཁ་དང་ཁོག་པ་རྒྱབ་འགལ་ཡིན་ཚུལ་གླེང་བ་ན། །
ཁ་ལྕེ་བདེ་བའི་དྲྭ་གྲོགས་ཁྱེད་རང་མི་དགའ་གི །
ཁ་ནས་བཟང་རབས་གླེང་རྒྱུ་ཁོ་བོས་མི་འདོད་གི །
ཁ་ལ་ཆང་དཀར་སྒམ་ཆུང་ཁ་ཤས་འཐུང་བྱས་ཏེ། །
ཁ་དོག་གཙང་མའི་མཛེས་མ་ཞིག་དང་མཉམ་དུ། །
ཁ་རྩེད་ལག་རྩེད་བྱེད་ཞོར་འདོད་པའི་གར་ལ། །
ཁ་རོག་རོལ་ན་དེ་ལས་སྐྱིད་ཅིག་མེད་པར་འདྲ། །
ཁ་ཚོད་མ་བཟུང་གྲོགས་པོ་རྩམ་དགའ་ལ། །
ཁ་འུར་བྱས་ཏེ་དོན་མེད་ཚིག་འཆལ་འགའ། །
ཁ་ནས་ཐལ་བ་ཙམ་ལས་ཞེ་གནག་མིན། །
ཁ་བརྡ་མུ་མཐུད་སྤེལ་ཅིག་ཕ་བཟང་བུ། །
ཁ་ལ་ཆང་དཀར་འཐུང་བཞིན་དུ། །
ཁ་འབྲས་ལེགས་པའི་མཛེས་མ་ལྷན། །
ཁ་རྩེད་ལག་རྩེད་འདོད་པའི་གར། །
ཁ་ཅིག་མ་གཏོགས་ཀུན་གྱིས་འདོད། །
ཁ་རོག་མ་སྡོད་ཁ་བརྡ་ལྟོས། །
ཁ་བརྡ་སྤྱི་པའི་དོན་དུ་བྱོས། །
ཁ་ཐག་རིང་ཡང་སེམས་ཁམས་མཐུན་པའི། །
ཁ་སེམས་གཙང་བའི་བློ་མཐུན་ཁྱེད་ཀྱིས། །
ཁ་གདོང་བཙོག་པའི་གཞོན་ནུ་ང་ལ། །
ཁ་རོག་མ་འདུག་ཕེབས་ཤོག་གསུངས་པར། །
ཁ་སེམས་མཐུན་པའི་སྙིང་གཏམ་ལེགས་པས། །
ཁ་ཁོག་གཏིང་ནས་བཀའ་དྲིན་ཆེ་ཞེས། །
ཁ་ཐག་རིང་བའི་ཡུལ་གྲུ་ཞིག་ནས། །
ཁ་བའི་སྨད་ཀྱི་ལྡོམ་པོས་ཞུའོ། །
ཁ་སྔོན་ཞིག་ལ་བེ་རི་ངེད་གཉིས། །
ཁ་ནས་ཚིག་རྩོད་འགའ་ཞིག་བྱས་པར། །
ཁ་བརྡ་ཚང་གི་ཁྲིམས་ཀྱི་འོག་ནས། །
ཁ་རོག་མ་བཞག་རྩོམ་རྣམས་བསུབས་སོང་། །
ཁ་ལྕེ་བདེ་བའི་བེ་རི་ཁོང་གིས། །
ཁ་བའི་བུ་ང་གཞོན་ཟླར་ནོར་ནས། །
ཁ་སེམས་དཀར་བའི་གཞོན་ཟླ་ཁོང་ལ། །
ཁ་ནས་གང་བྱུང་བྲིས་པར་འགྱོད་བྱུང་། །
དེ་རིང་དེ་ཙམ་ཡིན་་་་་བདེ་མོ།
ཁ་བརྡས་མཆན་བུ་བསུབ་གིན་བསུབ་གིན། །
ཁ་བརྡའི་མཆན་བུ་ཉུང་དུ་ཉུང་དུ། །