ཟླ་ཀླུང་།
གློག་བརྙན་དྲ་བའི་རྒྱུད་ལམ་ནས། །
ཡང་དུ་ཤར་བ་མཛེས་མའི་མཆོག །
མིག་ཡིད་དགའ་བའི་ཉམས་འགྱུར་ཅན།།
ཕྲིན་ལས་ཆོས་སྒྲོན་འདི་ལྟར་སྣང་། །
མགོ་ལུས་ཀུན་ནས་ཆ་མཚུངས་ཤིང་། །
བྱིན་གྱིས་ཕྲ་བའི་ཡན་ལག་དག །
པདྨའི་ཆུ་བ་ལྟར་མཉེན་པ། །
ས་ལ་རྒྱུ་བའི་ལྷ་མོ་ཞིག །
ཁྱོད་ཀྱི་གོས་དང་རྒྱན་གྱི་ཚོགས། །
མཛེས་སྡུག་སྒྲིབ་པའི་ཁུར་དུ་སྟེ། །
གང་ནས་གང་ཞིག་མངོན་པ་ཡང་། །
ཡིད་དུ་འོང་བ་ཁོ་ནར་ངེས། །
ཇི་ལྟར་གླང་མོའི་འགྲོས་བཞིན་དུ། །
གཡས་ལ་གཡོན་ལ་རེས་མོས་སུ། །
གོམ་པ་སྤོས་པའི་མཆོར་སྒེག་དག །
ས་གཞི་མཛེས་པའི་རྒྱན་དུ་ཁུམ། །
དཀར་བའི་འོད་ཅན་སྒོར་མོའི་བཞིན། །
མ་ཞོམ་འཚམ་པར་གང་བ་ནི། །
སྟོན་མཚན་མཁའ་ལ་འཕགས་པ་ཡི། །
ཟླ་བའི་དཀྱིལ་འཁོར་ལས་ཀྱང་མཛེས། །
ཁྱོད་ཀྱི་སྐྲ་ལོ་སིལ་མ་ཡང་། །
རླུང་གིས་སྐྱོད་ཐེངས་རེ་རེ་བཞིན། །
གར་སྟབས་སྒྱུར་བའི་ཚུལ་དག་ནི། །
ཡིད་ལ་ཤིན་ཏུ་མཛའ་བར་གྱུར། །
དཀར་ནག་ཕྱེད་པའི་ཁྲ་ཆུང་མིག །
བརྩེ་བས་བརླན་པའི་འོད་མདངས་དག།
ཟུར་དུ་འཕྲོ་བས་ཕོག་པ་ན། །
བདག་ཀྱང་དམར་བའི་གདོང་དུ་བྱས། །
སྲབ་འཇམ་དམར་བའི་མཆུ་སྒྲོས་དག །
ཡས་མས་གཡོ་བའི་ཆ་ཤས་སུ། །
སོ་བར་བཙིར་བའི་འགྱུར་བ་ཡང་། །
ཇི་འདྲའི་ཡིད་དུ་འོང་བ་ཞིག །
རྩ་གནས་འགྲིམ་པ་དབུགས་ཀྱི་རྒྱུན། །
ཁ་དང་སྣ་ནས་འོང་བ་ལ། །
ཙན་དན་ནགས་ཀྱི་རླུང་བཞིན་དུ། །
དྲི་ངད་འཐོར་བའི་ངོ་མཚར་འདུག །
དགའ་བའི་ཤུགས་ཀྱིས་སྒུལ་བ་ན། །
སྙན་པར་དགོད་པ་གད་མོའི་ལྷན། །
མཆིལ་མའི་ཆ་ཤས་འཐོར་བ་ཡང་། །
སྦྲང་རྩིའི་བྲོ་བ་ལྟ་བུར་ཞིམ། །
སྐྱོ་བའི་རླབས་རྒྱུན་རེ་རེ་བཞིན། །
ཡིད་མཚོ་སྐྱོམ་པའི་དེ་མ་ཐག །
མུ་ཏིག་མདངས་འཛིན་མཆི་མའི་ཕྲེང་། །
ཐ་རེ་འཐོར་བའང་དྲན་པའི་གསོས། །
དཀའ་སྡུག་ལས་ཀྱི་ཁུར་པོ་སོགས། །
འཁོར་བའི་རང་བཞིན་མཐོང་བས་བློ། །
ཇི་ཙམ་ཆོས་ལ་ཕྱོགས་པ་ནི། །
དམར་སེར་གོས་ཅན་ལ་ཡང་དཀོན། །
དོན་གྱི་གནད་རྣམས་གསལ་སྟོན་ཅིང་། །
སྙན་འགྱུར་ལྡན་པའི་གཏམ་དག་ནི། །
དལ་གྱིས་འཇོ་བ་རེ་རེ་ཡང་། །
ཡིད་ཀྱི་འཁྲི་ཤིང་ཉིད་དུ་གྱུར། །
ཆོས་དང་འཇིག་རྟེན་ཁ་མཚར་སོགས། །
མོལ་བས་རིང་བར་འདས་ན་ཡང་། །
ཁྱོད་ཀྱི་གཟུགས་བྱད་སྒྱུ་རྩལ་གྱིས། །
ཤིན་ཏུ་ཐུང་བའི་སྣང་བ་བྱུང་། །
ལྷན་སྐྱེས་མངའ་བ་མཛེས་པའི་ཆོས། །
མ་བཅོས་ལྷུག་པར་བརྗོད་པ་ལས། །
སྒྲོ་བཏགས་མིན་པའི་ཚུལ་དག་ནི། །
མངོན་སུམ་མཐོང་ན་ཤེས་པར་འགྱུར། །
རི་དྭགས་མིག་ཅན་ཕྲིན་ལས་ཆོས་སྒྲོན་ཞེས།།
ཕོ་བརྒྱ་སེམས་པ་ཤོར་སའི་འཛུམ་ལྡན་མ།།
མོ་བརྒྱ་སྙིང་རླུང་སློང་བའི་སྨན་ཆུང་མོ།།
མཛངས་མའི་མཛངས་ཆོས་ཚང་བའི་བཞིན་བཟང་མ།།
སྐུ་གཟུགས་ཙ་རིའི་སྙུག་མ་ལས་ཀྱང་ལྡེམས།།
གསུང་སྐད་འཇོལ་མོའི་དབྱངས་ལས་རབ་ཏུ་སྙན།།
ཐུགས་སེམས་དཀར་བ་ཁྱོད་ལ་དཀར་ནས་འདུག །
མགོ་ལ་གཡུ་ཆུང་རྒྱག་ན་རྒྱག་རན་རེད།།
གདོང་ལ་དཀར་དམར་མིག་ལ་ནག་པོ་དང་།།
སྐྲ་ལ་ཚོན་གྱིས་ཁ་སྒྱུར་མ་བྱས་པར།།
རང་བཞིན་མཛེས་སྡུག་ལྡན་པའི་ཕྲིན་ཆོས་ལ།།
ཁྱོད་ཉིད་དགའ་ན་མཛུབ་རྒྱན་ལ་འུར་རྒྱུས།།
གཡུ་དང་བྱུ་རུ་གཟི་དང་མུ་ཏིག་དང་།།
གསེར་དང་དངུལ་དང་རྡོ་རྗེ་ཕ་ལམ་སོགས།།
རྒྱན་ཀུན་ཟིལ་གནོན་འཛུམ་ལྡན་ཡིད་འོང་མ།།
ད་ལྟ་སྟོབས་ལྡན་ཨ་རིའི་རྒྱལ་སར་འདུག །
དོན་ལ་གནས་འདུག
ང་ཡང་མོ་ལ་སེམས་པ་ཤོར་ཡོད།
ང་རང་གཅིག་པུ་ཡིན་དུས། །
འཕྲིན་ལས་ཆོས་སྒྲོན་དྲན་བྱུང་། །
ང་ཡིས་གཞན་མོ་མཐོང་དུས། །
འཕྲིན་ལས་ཆོས་སྒྲོན་དྲན་བྱུང་། །
གཡུ་དང་བྱུ་རུ་མུ་ཏིག །
གསེར་དངུལ་རྡོ་རྗེ་ཕ་ལམ། །
དེ་ཚོ་སྔ་མའི་ལུགས་སྲོལ། །
དེང་སང་རྒྱན་སྲོལ་མི་འདུག །
་
འཕྲིན་ལས་ཆོས་སྒྲོན་ཁྱོད་ཀྱང་། །
གཡུ་བྱུར་གསེར་དངུལ་ཚབ་ལ། །
ལག་ཐོག་ཁ་པར་བཟང་ལ། །
དེ་ནང་བོད་ཡིག་བཀོལ་དགོས། །
སེམས་བཟང་ཅན་གྱི་འཕྲིན་ཆོས། །
ཡོན་ཏན་ཅན་གྱི་འཕྲིན་ཆོས། །
ལ་རྒྱ་ཅན་གྱི་འཕྲིན་ཆོས། །
ཆོས་དད་ཅན་གྱི་འཕྲིན་ཆོས། །
དེ་བཞི་ཚང་བའི་འཕྲིན་ཆོས། །
འཕྲིན་ལས་ཆོས་སྒྲོན་དྲན་བྱུང་། །
སེམས་པ་ཤོར་སའི་འཕྲིན་ཆོས། །
འཕྲིན་ལས་ཆོས་སྒྲོན་དྲན་བྱུང་། །
༄༅། ཉི་མ་རེ་ལ་ཐེངས་རེ་མཇལ་བ་མཛེས་མ་འཕྲིན་ལས་ཆོས་སྒྲོན་ལགས།
རང་བཞིན་ཨ་མས་གནང་བའི་ཞལ་གདོང་དབུ་སྐྲ་སྐུ་ལུས་མ་བཅོས་པ།
རང་ལོའི་བབ་ཀྱི་མ་གཏོགས་རང་ལོ་མཉམ་འདྲ་ཡིན་ན་ཅི་མ་རུང།
ང་སེམས་མ་བཅོས་ཁྱོད་ལ་ཐད་པས་ངེས་པར་འཕྲིན་གཅིག་གཏོང་ཡང་འདོད།
ད་ལེན་འདི་ནས་མ་མཇལ་ན་ཡང་མ་འོངས་མཇལ་བའི་རེ་སྨོན་ཞུ།
ད་དུང་མཛེས་པ་གཅིག་འདུག་ཚེ་རིང་སྐྱིད་ཀྱང་དེ་ལྟར་མཚུངས།
མུ་མཐུད་དེ་འབྲི་གནང་དང་དྲ་གྲོགས་ཚོ།
འཇའ་ཁ་མདོག་ལེགས་ཀྱང་སྙིང་པོ་མེད་།
འབྲུག་སྐད་གྲགས་ཆེ་ཡང་སྟོང་པ་རེད་།
དྲྭ་ནང་གི་སྦུར་གོག་ཀརྡོ་དང་འཇིགས་་དབང་སྤོར་ཏོ་གཉིས་རང་ལ་ཆུང་མ་རྒད་མོ་ཡོད་བཞིན་དུ་སྨན་ཆུང་བུ་མོར་སེམས་པ་ཤོར་སོང་ཟེར་ཕོད་པ་ཧམ་པ་ཆེ།
མཛངས་མ་འཕྲིན་ལས་ཆོས་སྒྲོན།།
སྣང་བཟོས་བདེ་བའི་ངང་ནས།།
མི་ཚེ་སྐྱེལ་བ་མ་གཏོགས།།
སྤོར་ཏོ་ཁྱེད་ཚོའི་གྲས་ལ།།
ཁ་ཡ་བྱེད་ལོང་མི་འདུག།
བོད་ཀྱི་སྨན་ཆུང་བུ་མོའི།།
ཨང་དང་ཚེ་རིང་སྐྱིད་ལགས།།
སྟག་ཤར་གཞོན་པ་བཞག་ནས།།
སྤོར་ཏོར་དགའ་ལོང་མི་འདུག།
བཙན་བྱོལ་སྤྱི་ཚོགས་ནང་། miss Tibet འགྲན་བསྡུར་ལ་བོད་ཀྱི་མཛངས་མའི་འགྲན་བསྡུར་དང་། དེ་ལ་ལྟོས་ནས་བོད་ཀྱི་མཛངས་ཕོའི་འགྲན་བསྡུར་ཞེས་བརྗོད་མ་བདེ། གོ་མ་ཆོད་དེའི་ཚབ་ཏུ། བོད་ཀྱི་སྨན་ཆུང་བུ་མོའི་འགྲན་བསྡུར་དང་། བོད་ཀྱི་སྟག་ཤར་གཞོན་པའི་འགྲན་བསྡུར་ཞེས་ཐ་སྙད་ཆགས་ན་སྙམ་སྟེ་ཞོར་འཕྲོས་སུ་ཐལ།
༄༅། ལག་ཆ་ཉམས་མྱོང་ཆེན་པོ་སྤོར་ཏོ་ཚོ་ལ་ཡོད་རེེད།
སྐྱིད་སྡུག་སྣ་མང་དྲ་ཞན་སྤོར་ཏོ་ཚོ་ལ་ཡོད་རེད།
ཕོ་གསར་ཕོ་གསར་རྣམས་ནི་བྱེད་སྟངས་སྤྱོད་ཤེས་དཀའ།
དམར་ནག་རིང་འབོམ་རྒྱག་ཚ་སོ་ཧ།