དགའ་བ་མཇེ་ཕྲུག་ནས།
དཀར་པོ་ཁ་བ་དགུན་གཞུང་གོས་སུ་བཀླུབས།།
མཛེས་པའི་མེ་ཏོག་དབྱར་དུས་རྒྱན་དུ་སྤྲས།།
རང་བྱུང་ལྟ་ན་སྡུག་པའི་ཞིང་ཁམས་ན།།
ཡིད་འཕྲོག་འབྲོག་མོ་སྙིང་ལ་རྗེ་མོ་མཛེས།།
སྣག་སྨུག་སྐྲ་ལོ་སྟོན་གཞུང་ལྷགས་པས་རྩེན།།
རྐང་ཆུང་ཕྲ་མོར་དཔྱིད་ཀར་དྲོད་ཁོལ་རྒྱས།།
ནམ་ཟླའི་འགྱུར་ཁུགས་ངོགས་ཀྱི་སྨན་ཤར་མའི།།
འཇོ་སྒེག་ལང་ཚོ་རང་བྱུང་ཁམས་དང་འདྲེས།།
མེ་ཏོག་མིག་ལ་མཚར་བ་དབྱར་གྱི་དཔལ།།
ཁ་བ་སྙིང་ལ་འཇམ་པ་དགུན་ཁའི་གཤིས།།
ནམ་དུས་རེ་རེའི་མཛེས་ཚུལ་མི་འདྲ་བ།།
ལྟད་མོར་རོལ་མཁན་འབྲོག་པའི་བུ་མོ་ཡིན།།
འདབ་ལོ་སེར་པོ་སྟོན་དུས་ས་ལ་ལྷུང་།།
སྔོ་གསེབ་ཚང་ཚིང་དཔྱིད་དུས་བཞད་ཁ་ཕྱེས།།
དུས་ཀུན་འབྲོག་ལས་ལ་གཞོལ་སྨིན་ལེགས་མའི།།
ལང་ཚོ་མཛེས་པའི་ཁམས་དང་འགྲོགས་ནས་སོན།།
འཇའ་རིས་གུར་ཁང་རི་ནས་རི་ལ་མཐུད།།
སྤྲིན་མ་སྨུག་གིས་ཞབས་ཀྱི་ནགས་གསེབ་གཡོགས།།
དབྱར་གཞུང་རི་ནགས་ཐང་གསུམ་མཛེས་པའི་ངོགས།།
སྙན་པའི་དབྱངས་ཀྱི་བདག་པོ་འབྲོག་མོ་ཡིན།།
ཁྲི་གདུགས་ཉི་མ་རི་བོའི་ཕག་ལ་གཞའ།།
སྐར་མ་ཚོམ་ཚོམ་མུ་མེད་མཁའ་ལ་འཚེར།།
དབེན་གནས་ལྷིང་ལ་འཇགས་པའི་མཚན་མོ་འདིར།།
འབྲོག་མོའི་ངང་རྒྱུད་འཇམ་པའི་གཏམ་རྒྱུད་ཡོད།།
དགུན་གསུམ་རི་ལ་ཆས་ཏེ་བུད་ཤིང་བཏུས།།
དཔྱིད་གསུམ་རྫི་བོར་ཉུལ་ཏེ་སྒོ་ཟོག་བསྐྱངས།།
དབྱར་གསུམ་ལྷས་རའི་ནང་ལ་འོ་མ་བཞོས།།
སྟོན་གསུམ་ས་ལ་བསྡད་དེ་གྲོ་མ་བརྐོས།།
ད་འབྲྲོག་མོ་འདི་འདྲྲ་རྡྫྫོགས་ཟིན་པ་རེད། མེ་ཀོ། ཅང་མེད་ཀོ།
འབྲོག་མོའི་ལས་དབང་ར་ལུག་འབྲི་གཡག་རྗེས་།
འབྲོག་མོའི་ལས་དབང་འོ་ཞོ་མར་ཕྱུར་འོག་།
འབྲོག་མོའི་ལས་དབང་ཤ་མར་ཐུད་གསུམ་འོག་།
འབྲོག་མོའི་ལས་དབང་རི་ལུང་དུད་འགྲོའི་རྗེས་།
འབྲོག་མོའི་ལས་དབང་བུ་ཕྲུག་གསོ་སྐྱོང་འོག་།
འབྲོག་མོའི་ལས་དབང་ཐབ་ལས་ལྟོ་བཟོའི་འོག་།
འབྲོག་མོའི་ལས་དབང་རྒྱལ་ཁམས་མཐོང་སྐལ་མེད་།
འབྲོག་མོའི་དཀའ་སྡུག་ཤེས་མཁན་གླིང་འདིར་དཀོན་།
འབྲོག་མོ་བདེ་བའི་སྨོན་ལམ་རྟགས་ཏུ་འདེབས་།
འབྲོག་མོ་སྙིང་རྗེ་ཡང་། །
རྒྱན་གོས་དྲི་མ་འཚུབ་འཚུབ། །
འབྲོག་མོ་སེམས་པ་དཀར་ཡང་། །
གྲོགས་པོ་སེམས་པ་ནག་སོང་། །
༄༅། ཇི་ཙམ་བསྟོད་ཀྱང་མི་རྟག་འགྱུར་མི་སྲིད། ཇི་ལྟར་སྨད་ཀྱང་མི་རྟག་ཡལ་མི་སྲིད།
ཡར་བསྟོད་མར་སྨད་མ་བྱེད་ཤེས་ལྡན་ཚོ། མི་རྟག་པ་ལ་དབུལ་ཕྱུག་དབྱེ་བ་མེད།
འདུས་བྱས་པ་ལ་མཐོ་དམའ་འབྲིང་གསུམ་མེད།
འབྲོག་མོ་མེད་ན་འོ་ཞོ་མར་ཆུར་དར་ར་གང་ནས་ཐོབ་།
འབྲོག་མོ་མེད་ན་དུད་འགྲོ་སེམས་ཅན་གང་ནས་ཐོབ་།
འབྲོག་མོ་མེད་ན་ར་ལུག་འབྲི་གཡག་ཙ་ཆུ་བཟང་སར་སུ་ཡིས་འཚོ་།
འབྲོག་མོའི་ལུས་ལ་དྲི་ངན་ཚུབ་ཀྱང་སེམས་ལ་དྲི་ངན་གང་ནས་ཡོད་།
འབྲོག་མོ་འདྲ་བའི་སེམས་བཟང་བུད་མེད་ས་སྟེང་འདི་རུ་དཀོན་།
འབྲོག་མོར་མི་བསྟོད་སུ་ལ་བསྟོད་།
འབྲོག་མོའི་དཀའ་སྡུག་སུ་གི་་ལྟ་།
འབྲོག་མོ་བདེ་བའི་སྨོན་ལམ་འདེབས་