འབྲི་རུ་སྐལ་ལྡན།
ཁ་སང་ནི་ཕྱི་ལོ་2018ཟླ་བ་11ཚེས་3རེས་གཟའ་སྤེ་པའི་ཉིན་རེད། ཉིན་འདིར་༼ ཀླུ་ཡི་བུ~老鹰 ༽འི་གཟེངས་བསྟོད་ཀྱི་ཉིན་མོ་དང་། བལ་ཡུལ་དྭ་ཕྲུག་མང་པོ་དགའ་དགའ་སྤྲོ་སྤྲོ་བྱེད་པའི་དུས་ཤིག་རེད། འདི་ནི་རྒྱུ་མཚན་ཅན་ཞིག་དང་གནས་ལུགས་ལྡན་པའི་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱས་ཀྱི་ཡོད། ༼ ཀླུ་ཡི་བུ~老鹰 ༽ཁོང་ནི་འཇོན་ཐང་ལྡན་པའི་བོད་ཀྱི་ན་གཞོན་ཞིག་ཡིན་པར་སྙམ།
དེ་ཡང་ཕྱི་ལོ་2015ལོར་བལ་ཡུལ་དུ་འབྱུང་བའི་གནོད་འཚེ་བྱུང་སྟེ་རྒྱལ་ཁབ་དབུལ་པོ་ལ་སྤྲང་པོའི་གོས་གཡོག་པ་ལྟར་བྱུང་ཡོད། ཕ་ཡུལ་གྱི་ཁ་དཔེ་ཞིག་ལ་(ངོ་ངན་ལས་ཁ་ལ་ཁྱིས་བཟུང་)ཞེས་པ་ལྟར་བྱུང་བ་རེད། དུས་མཚམས་དེར་ཁོང་གིས་ད་ཕྲུག་མང་པོ་ཞིག་བསྡུས་ཏེ་བལ་ཡུལ་ཡང་ལེ་ཤོད་ཀྱི་ཉེ་འགྲམ་དུ་སློབ་གྲྭ་གསར་འཛུགས་བྱས། དེ་ནས་བཟུང་ཁོང་གིས་ད་ཕྲུག་གི་འཚོ་ཐབས་དང་ཤེས་ཡོན་བཅས་ལ་ལས་ཀ་གང་ཐུབ་བྱས་པ་དང་ད་ལྟ་ཡང་བྱེད་བཞིན་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་བལ་གཞུང་གི་ཉེན་རྟོགས་པས་གཟེངས་བསྟོད་སྤྲད་མྱོང་བ་དང་། དུས་དེར་ཁོང་གིས་གཏམ་བཤད་ནང་”བལ་ཡུལ་ནང་དབུལ་པོ་མང་པོ་ཡོད་པ་དང་དེ་དག་དཀའ་ངལ་སེལ་དགོས་ན། གཙོ་བོ་ཤེས་ཡོན་ཡར་རྒྱས་དགོས་པ་དང་། དེ་ལྟར་བྱུང་ན་དབུལ་ཕོངས་ལས་ཐར་ཐུབ་པར་”བཤད་ཡོད།
ཁ་སང་ཡང་བསྐྱར་ཡང་ལེ་ཤོད་གྱི་ཡུལ་དཔོན་དག་གིས་ཁོང་དང་བལ་མོ་གཉིས་ལ་གཟེངས་བསྟོད་ཞིག་གནང་བ་མཐོང་སྐབས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སེམས་ལ་དགའ་སྤོབས་དང་སྤྲོ་བ་འཕེལ། ངས་ཀྱང་དཀོན་མཆོག་བཀྲ་ཤིས་སམ་ཀླུ་ཡི་བུ་ལ་ངས་སྙིང་དབུས་ནས་བསྟོད་པ་བྱེད་བཞིན་ཡོད།
ཕྱི་ལོ་2018ཟླ་བ་11ཚེས་4ཉིན་ལ་བྲིས།