འཇིགས་མེད་བློ་གྲོས།
བོད་ཀྱི་གྲྭ་བ་སྲིད་དོན་པ་དང་རྒྱ་མིའི་གུང་གུང་གཉིས་ལ་འདྲ་ས་ཅིག་འདུག བོད་ཀྱི་གྲྭ་བ་སྲིད་དོན་པ་རྣམས་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་པའི་གྲྭ་བའི་སྡེ་ཅིག་ཆབ་སྲིད་ཀྱི་ལྡིང་ཆའི་ཐོག་ཞུགས་པ་དང་། རྒྱའི་གུང་གུང་རྣམས་ནི་མི་ཚེ་གང་བོར་གཉེན་སྒྲིག་བྱེད་མི་ཆོག་ཅིང་བུ་མེད་དང་མཉམ་དུ་སྡོད་མི་ཆོག་པའི་མི་རྐྱང་ཉུག་རིམ་པའི 宦官 སྡེ་ཞིག་ལ་བརྗོད།
བཙན་བྱོལ་སྤྱི་ཚོགས་ནང་གི་གྲྭ་བའི་སྲིད་དོན་པ་རྣམས་ནི་དམ་པའི་ཆོས་ལ་སློབ་གཉེར་མི་བྱེད་པའི་བཀའ་བློན་དང་། སྤྱི་འཐུས། དྲུང་ཆེ། ཕྱག་མཛོད། བླ་མའི་ཞབས་ཞུ་བའི་ལས་ཀྱི་སྣེ་མོ་བ་དེ་དག་ཡིན། རྒྱ་མིའི་གུང་གུང་རྣམས་ནི་རྒྱལ་བོའི་ཕོ་བྲང་ནང་གི་ཉུག་རིམ་པའི་ཞབས་ཞུ་བསྒྲུབ་མཁན་དེ་དག་རེད།
འཚོ་བའི་གནས་རིམ་དང་འཇིག་རྟེན་བལྟ་ཚུལ་མི་གཅིག་པའི་མི་འདི་དག་འཇིག་རྟེན་པའི་ཆབ་སྲིད་ཀྱི་ལྡིང་ཆའི་ཐོག་སླེབས་ཡོང་དུས། གཡོ་དང་ངན་ཇུས་གཞན་ལས་རྣོ་ཞིང་། འདོད་རྔམ་དང་ཞེ་སྡང་སུ་ལས་ཀྱང་ཆེ་བས་ན། སྤྱི་ཚོགས་དང་རྒྱལ་ཁབ་ལ་རང་བཞིན་གྱི་དཀའ་ངལ་དང་གནོད་སྐྱོན་ཞིག་འབྱུང་དུ་འཇུག་གིན་ཡོད་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ཐུབ།
རྒྱ་ནག་ལ་མཚོན་ན་རྒྱལ་རྒྱུད་ཁ་ཤས་ཤིག་གུང་གུང་དག་གིས་མགོ་གཏིང་སློག་པའི་ལོ་རྒྱུས་བྱུང་བ་ནས་བཟུང་ 宦官不許干政 གུང་གུང་ཆབ་སྲིད་ལ་ཐེ་ཇུས་བྱས་མི་ཆོག་པའི་ཁྲིམས་ལུགས་བཟོས་ཏེ། ཁོང་ཚོས་ཆབ་སྲིད་ལ་རྦད་དེ་ཐེ་གཏོགས་བྱས་མི་ཆོག་པ་རེད།
བོད་པའི་སྤྱི་ཚོགས་ནང་། དེ་ལས་ལྡོག་སྟེ། གྲྭ་བ་སྲིད་དོན་པ་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་གྲུབ་ཆ་གཙོ་བོར་ཟིན་ཞིང་། བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་དབང་ཤུགས་ནི་གྲྭ་བ་སྲིད་དོན་པ་འདི་ཚོས་ཡོངས་སུ་ཟིན་ཡོད་ཞེས་བཤད་ཆོག སྤྱིར་བོད་ཀྱི་བསྟན་པ་ལ་སུས་ཕན་ན་དེ་ལས་འཐུས་མོད་གྲྭ་བ་སྲིད་དོན་པ་འདི་ཚོ་ཆབ་སྲིད་ཀྱི་ལྡིང་ཆའི་ཐོག་འབྱོར་རྗེས། ཁོང་ཚོའང་རྒྱ་མི་གུང་གུང་ནང་བཞིན་ལུང་མཚན་གྱི་ཕྱོགས་ཞེན་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་དུག་གི་བཟི་ཏེ།བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ཆབ་སྲིད་ཀྱི་བསྟན་པ་ལ་གནོད་པ་ལས་ཕན་པའི་ལས་ཤིག་སྒྲུབ་མྱོང་ཡོད་པ་མ་རེད།
ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་ཀྱིས། རྒྱ་མིས་གུང་གུང་མཐར་སྐྲོད་བཏང་བ་ནང་བཞིན་གྲྭ་བ་སྲིད་དོན་པ་འདི་ཚོ་ཆབ་སྲིད་ཀྱི་ལྡིང་ཆ་ལས་ཕུད་རྒྱུའི་ལྟ་གོན་ད་དུང་བྱེད་གིན་ཡོད་ས་མི་འདུག
ཝོ་ཀུའུ་ཉི་པེ་ཧྥིན་ཙི་ཝུའུ་ཧྲི།
རྒྱ་མའི་གུང་ཁྲན་མཐའ་སྤྲོད་བཏང་བའི་ལོ་རྒྱུས་ཞིག་གང་ལ་འདུག རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་ཆབ་སྲིད་ཀྱི་ལྡིང་ཆ་ལས་ཕུད་རྒྱུའི་ལྟ་གོན་བྱེད་དགོས་ཟེར་བ་འདྲ་བོ་ཞིག་བྲིས་འདུག
དཔེ་དོན་ཡག་པོ་བཙལ་འདུག བཙལ་བྱོལ་བ་ཚོའི་ཆོས་རྒྱུད་སྤྱི་འཐུས་དེ་དག་མེད་པ་བཟོ་བར། ཐབས་ཤེས་སྣ་ཚོགས་བཀོལ་དགོས་འདུག དང་པོ་མི་དམངས་ལངས་ནས། མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
ཆོས་རྒྱུད་སྤྱི་འཐུས
གྲ་འཁྱམ་འདི་ཚོ
རྣམ་རྟོག་ལང་ས
སེམས་པ་སྐྱོ་གི
ཁྱེད་ཚོའི་༧གོང་ས་མཆོག་གི་བཀའ་རྩི་སྲུང་བྱེད་འདོད་ཡོད་ན། ཆོས་རྒྱུད་ཀྱི་སྤྱི་མཐུས་དགོས་གསུང་མཁན་༧གོང་ས་མཆོག་རེད། ད་མང་པོ་མི་བཤད།
ཆོས་བརྒྱུད་དམ། ཆོས་ལུགས་གང་ཡིན་ན་ཡང་། སྤྱི་འཐུས་རེ་རེར་ལས། གཉིས་རེ་དགོས་མི་འདུག དེ་ནས་ཇོ་ནང་སྤྱི་འཐུས་ཀྱང་དགོས་འདུག ད་དུང་ཁ་ཆེ་དང་ཡི་ཡེ་ཤུའི་སྤྱི་འཐུས་ཀྱང་བསམ་དགོས་པ་མང་ངོ་།།
ང་ཚོ་བཙན་བྱོལ་སྤྱི་ཚོགས་མ་གཏོགས། འོས་ཤོག་བླུག་མཁན་མེད་ཙང་། ཆོལ་གསུམ་ཚམ་མ་ཟད། ཆོས་ལུགས་དང་། ཆོས་བརྒྱུད་མིང་ཐོག་ནས་སྤྱི་འཐུས་མ་འདེམས་རང་འདེམས་རེད་སྙམ་མོ།།