བསྟན་འཛིན།
ཨ་རིའི་གྲོས་ཚོགས་འདེམས་སྒོའི་འབྲས་བུ་ནི། གཞུང་འཛིན་ཚོགས་པ་སྟེ། སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་མ་ཐོབ། ཕྱོགས་འགལ་ཚོགས་པ་སྟེ། དམངས་གཙོ་ཚོགས་པར་གྲོས་ཚོགས་འོག་མ་ཐོབ་སོང་། ད་དེའི་མཇུག་འབྲས་གང་ཡིན་སྙམ་ན།
༡༽ སྲིད་འཛིན་ཊོམ་གྱི་ལག་པ་གཡོན་པ་བཅད་པ་ལྟ་བུ་རེད། ཨ་རིའི་ཁྲིམས་གསར་པ་དང་བཀའ་རྒྱ་གསར་པ་བཟོ་བར།་གྲོས་ཚོགས་གཉིས་ཀའི་རྒྱབ་སྐྱོར་དགོས། ད་ཆ། གྲོས་ཚོགས་འོག་མ་ནི་ཊོམ་གྱི་ཁ་གཏད་ཡིན་པས། ཊོམ་གྱི་འོག་ལ་ཤར་སྐྱོད་བྱ་རྒྱུ་མིན། དེར་བརྟེན།་ཊོམ་གྱི་འདོད་པ་བསྒྲུབ་ཐུབ་ཀྱི་མ་རེད།
༢༽ རྒྱ་ནག་ལ་འཛིན་པའི་དཔལ་འབྱོར་སྲིད་བྱུས་ཐད། ཚོགས་པ་གཉིས་ཀས་རྒྱ་ནག་གཞུང་ལ་མཁྲེགས་འཛིན་བྱེད་པར་རྟེན། གྲོས་ཚོགས་འོག་མ་ཤོར་བ་དེས། ཊོམ་གྱི་སྲིད་བྱུས་ལ་འགལ་རྐྱེན་ཡོང་གི་མ་རེད་ཟེར། དེ་ད་དུང་བལྟ་རྒྱུ་རེད།
༣༽ ཊོམ་གྱིས་རུ་སུ་དང་ངལ་འབྲེལ་བྱས་ནས་སྔོན་མ་སྲིད་འཛིན་གྱི་འདེམས་སྒོར་ས་འོག་དར་ཐག་བྱས་སོང་ཟེར་ནས། དམིགས་བསལ་ཞིབ་དཔྱོད་པས་རྩད་གཅོད་གཏོང་བཞིན་ཡོད་པ་དང་། ཊོམ་གྱིས་ཚོགས་ཆུང་དེ་མེད་པ་བཟོ་འདོད་ཆེ་རུང་། ད་ཆ་དེ་བསྒྲུབ་ཐབས་མེད། གྲོས་ཚོགས་འོག་མས་དེ་སྒོ་བརྒྱབ་པར་རྒྱབ་སྐྱོར་ལྟ་ཅི། ད་དུང་དེའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་པའི་འདུན་པ་འདོན་བཞིན་འདུག
༤༽ ད་རེས་གྲོས་ཚོགས་འོག་མའི་འཐུས་མིའི་ཁོངས་སུ།་གཙོ་བོ་བུད་མེད་གསར་པ་འགའ་ཤས་ཐོན་ཡོད་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་དང་ཁ་ཆེའི་ཆོས་ལུགས་པ། དེ་བཞིན་ཨ་རིའི་གདོད་མའི་མི་རིགས་ཀྱི་འཐུས་མི་བཅས་གསར་པ་བསླེབས་པ་དེས། ཨ་རིའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འཕོ་སྒྱུར་འགྲོ་བཞིན་པ་མངོན་གསལ་འདོད་དུ་ཕྱིན།
བོད་པས་རེ་བ་དང་རྒྱ་མིའི་དཱོགས་པ་མཐའ་མི་འདུག་ན་རེ་དཱོགས་
གཉིས་ཀྱི་ས་མཚམས་ནས་བོད་རྒྱའི་རེ་དཱོགས་ག་དུས་སེལ་ཐུབ་བམ་།
་བོད་རེ་བས་ཕུངས། རྒྱ་དོགས་པས་ཕུངས་ཟེར་བ་བདེན་པ་རེད།
སྐུ་ཞབས་བསྟན་འཛིན་ལགས། ཁྱོད་ཀྱིས་རྩོམ་ཡིག་སྤེལ་སྐབས་རྩོམ་མཁན་གཞན་གྱི་རྩོམ་ཡིག་ལྟར་ཚད་གཞི་རན་པ་ལྟར་སྤེལ་གནང་ཡོང་བ་ཞུ།
སྐུ་ཞབས་ཁ་བརྡ་ལགས།
དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ལེགས་བཅོས་གཏོང་གི་ཡིན།
ཞར་ལ། སྐུ་ཉིད་ཀྱི་མཚན་ལ་ཁ་བརྡ་ཞེས་བཀོད་འདུག་པས། སྐུ་ཉིད་ཁ་བརྡའི་རྩོམ་སྒྲིག་པ་གཅིག་ཡིན་ནམ། ལན་ཞིག་ཡོད་པ་ཞུ།
བསྟན་འཛིན་ལགས་ཀྱིས་ཡག་པོ་སྤེལ་འདུག དོན་དངོས་རང་བཤད་འདུག
ཁ་བརྡ་ལགས། ཅི་ཞིག་མ་འགྲིག་པ་མཐོང་སོང་། ངེད་ལའང་ཤེས་འདོད་འདུག །
ང་སྡོད་སའི་གྲོང་ཁྱེར་ནང་དུ་མི་ཕལ་མོ་ཆེས་ད་ལྟའི་སྲིད་ལ་གཏན་ནས་དགའ་བོ་མེད་པར་མ་ཟད་ཕ་གསོད་པའི་ལག་དམར་ནང་བཞིན་མཐོང་གི་འདུག ངེད་ཀྱི་གྲོགས་པོ་ཡོད་ཚད་དེ་ཀ་རང་རེད་འདུག ངས་བརྟགས་དཔྱད་ག་ཚད་བྱས་ཀྱང་སྲིད་འཛིན་འདིའི་ཕྱག་ལས་གནང་བ་སྲིད་འཛིན་གཞན་དང་བསྡུར་ན་ཡག་པོ་འདུག་བསམ་གྱི་འདུག ངས་སྲིད་འཛིན་འདི་ལ་སྐྱོན་ཆ་གཏན་ནས་མི་འདུག་ཟེར་གྱི་མེད། འོན་ཀྱང་ཁོང་གིས་བྱས་པ་ཕལ་ཆེར་ཨ་རི་རང་ལ་ཁེ་ཕན་ཆེན་པོ་ཡོད་པ་མཐོང་གི་འདུག དྲྭ་གྲོགས་ཚོས། དགོངས་ཚུལ་གསུང་རོགས། ངེད་ཀྱི་བསམ་བློ་མི་གཞན་དང་མ་འདྲ་བ་འདི། ང་ལ་སྐྱོན་ཞིག་ཡོད་པ་ཡིན་ནམ། ཡང་ན་ང་མི་གཞན་ལ་མི་བརྟེན་མཁན་ཞིག་ཡིན། ངས་བལྟས་ན། ཁྱི་ངན་ཀུ་ཅོ་འདོན་པ་ལ། རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཅེས་པ་བཞིན་རེད་འདུག་སྙམ། །
ཆབ་སྲིད་རིག་པས་ཆབ་སྲིད་ལྐོག་ཇུས་འོག་།
ཆབ་སྲིད་རིག་པས་ཆབ་སྲིད་ཕྱོགས་གཏོགས་འོག་།
ཆབ་སྲིད་རིག་པས་ཆབ་སྲིད་འགོ་འདྲེན་འོག་།
ཆབ་སྲིད་རིག་པས་ཆབ་སྲིད་འཁོར་ལོ་སྐོར་།
སྐུ་ཞབས་བསྟན་འཛིན་ལགས། འདི་ནས་སྐུ་ཉིད་ཀྱི་རྩོམ་ཡིག་ལ་ཚད་གཞི་རན་མ་རན་ཞུ་གི་མེད་ལགས། ཁ་གསལ་མ་བྱུང་བར་དགོངས་དག་ཞུ། དྲ་བའི་མདུན་ངོས་སུ་ཤར་བའི་སྐབས་སུ་ཐིག་ཕྲེང་བཅུ་གཅིག་གི་ཚད་ཤར་དུ་འཇུག་རོགས་ཞུ་བཞིན་ཡོད།