བསྟན་འཛིན།
དུས་རབས་འདིར། བོད་ལ་ཉེན་ཁ་ཆེ་ཤོས་དེ་བོད་སྐད་འཇིགས་ནས། རྒྱ་སྐད་དང་དབྱིན་སྐད་དེ་དག་བོད་པ་མང་ཆེ་བའི་བཀོལ་སྤྱོད་སྐད་ཡིག་ལ་འགྱུར་འགྲོ་བཞིན་ཡོད། དེ་ལྟར་ཕྱིའི་རྐྱེན་མང་པོ་ཞིག་གིས་སྐད་ཡིག་ཉམས་པའི་རྒྱུ་བྱེད་པ་བདེན་མོད། འོན་ཀྱང་ནང་གི་རྐྱེན་དུ་མ་ཞིག་ལ་ང་ཚོས་ནམ་ཡང་གདོང་ལེན་བྱེད་ཐུབ་མེད།
གཙོ་བོ་ཞིག་ནི་ང་ཚོར་ཀུན་གྱིས་བཀོལ་བདེ་བའི་སྤྱི་སྐད་ཅིག་མེད་པ་དང་། ད་དུང་ང་ཚོས་ཆོལ་ཁ་སོ་སོའི་ཡུལ་སྐད་བློས་གཏོང་མི་ཐུབ་པས། བོད་མི་ནང་ཁུལ་དབར་ལ་སྐད་ཡིག་གོ་བརྡ་ཡག་པོ་ཞིག་འཕྲོད་པའི་མཐུན་རྐྱེན་མེད་པར་ལུས། དེའི་གསེང་ན། རྒྱ་སྐད་དང་དབྱིན་སྐད་རང་བཞིན་གྱིས་འཛུལ་བཞིན་ཡོད། བོད་ནང་ལ། ཨ་མདོ་བ་ཞིག་དང་དབུས་གཙང་བ་ཞིག་འཕྲད་ན། རྒྱ་སྐད་ཤོད་པ་ནི་རྒྱུན་གཏན་རེད་འདུག
བོད་མིའི་ཡུལ་སྐད་རྣམས་ཤིན་དུ་ཕུན་སུམ་ཚོགས་རུང་ཡུལ་གྲུ་ནས་ཕྱི་ལ་འཐོན་མི་ཐུབ་པ་དང་། སྤྱི་སྐད་ནི་ཁྱིམ་ལ་མནའ་མ་གསར་པ་བསུས་པ་བཞིན་ད་དུང་བློས་འཁེལ་བའི་ནང་མི་ཞིག་ལ་འགྱུར་མེད་སྟབས། གལ་ཏེ་མི་ཞིག་གིས། ཁྱོད་སྐད་ཡིག་གཉིས་ལས་གཅིག་འདེམས་ཟེར་ན། མང་ཆེ་བས་རང་གི་ཡུལ་སྐད་བདམ་རྒྱུ་གཏན་འཁེལ་བ་རེད་འདུག འོན་ཀྱང་ཡུལ་སྐད་ནི་ཁྱབ་ཁོངས་ཆུང་བ་དང་། རང་གི་ཕ་ཡུལ་བཞག་རྗེས་ནུས་པ་ཆེན་པོ་ཞིག་འཐོན་མི་ཐུབ་སྟབས། དེའི་ཚབ་ལ་རྒྱ་སྐད་དང་དབྱིན་སྐད་དེ་མི་བཀོལ་ཐབས་མེད་རེད། དེ་ལྟ་བུའི་གནས་སྟངས་ཤིག་གི་འོག་ནས། ང་ཚོའི་མིག་མདུན་ལ། ཡུལ་སྐད་འཇིག་བཞིན་དུ་སྤྱི་སྐད་འཆི་བཞིན་འདུག ། ད་ལྟའི་ཕྱི་ནང་གི་དངོས་ཡོད་གནས་ཚུལ་ལ་བསམ་བློ་ཞིབ་མོ་ཞིག་བཏང་ནས། ང་ཚོར་བློ་སྒོ་གསར་པ་ཞིག་འབྱེད་པའི་ཐབསཤེས་བྱ་དགོས་འདུག རིགས་པ་ཡོད་ན་གཏོང་རན་འདུག
ངའི་དྲི་བ་ནི་འདི་ཡིན། ད་ལྟའི་འཛམ་གླིང་གི་འཁོར་ཤུགས་དེ་ང་ཚོའི་འདོད་པ་དང་བར་ཐག་ཇེ་རིང་ལ་འགྲོ་བཞིན་པའི་སྐབས་ལ། ང་ཚོས་ཇི་ལྟར་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་བམ། བོད་སྐད་ཉར་དགོས་སམ། ཉར་དགོས་པའི་རྒྱུ་མཚན་ཆེན་པོ་གང་དང་གང་ཡོད་པ་ཤོད་ཐུབ་མཁན་ཡོད་དམ།
དྲི་བ་དེ་ལེགས། ནང་ཆོས་སྦྱོང་མཁན་ཚོར་མཚོན་ན་བོད་སྐད་ཉར་ཐུབ་ན་ཕན་ཐོགས་ཆེ། ནང་ཆོས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་བོད་སྐད་ནང་ལ་བཞུགས་ཡོད། དེ་མིན་འཇིག་རྟེན་གྱི་ལྟོ་གོས་དང་རིག་གནས་གཞན་རྣམས་ལ་བོད་སྐད་དགོས་པ་མེད་པ་ལྟ་བུ་རེད། དེའི་ཕྱིར་ན་གཞོན་ཚོས་བོད་སྐད་འདོར་བཞིན་པའོ། ངས་བལྟས་ན་འདི་ནས་བརྩིས་པའི་ལོ་ལྔ་བཅུའི་ནང་ཧ་ལམ་བོད་སྐད་ལྷག་གི་མ་རེད་སྙམ།
་་་་་་་་་་ གཙོ་བོ་ཞིག་ནི་ང་ཚོར་ཀུན་གྱིས་བཀོལ་བདེ་བའི་སྤྱི་སྐད་ཅིག་མེད་པ་དང་། ད་དུང་ང་ཚོས་ཆོལ་ཁ་སོ་སོའི་ཡུལ་སྐད་བློས་གཏོང་མི་ཐུབ་པས། ་་་་་་་་་་་་་ འདི་ནི། ཤིན་ཏུ་ནས་བདེན་པ་རེད། ངས་ལོ་མང་ནས་ངུ་འབོད་ཞུས་ཟིན་པ་དེའོ།། །།
བོད་མིའི་སྐད་ཡིག་འཚོ་གནས་ཐུབ་དགོས་ན་དང་པོ་བོད་མིའི་
སྐད་ཡིག་བེད་སྤྱོད་བྱེད་མཁན་གྱི་བོད་མི་རིགས་འདི་ས་ཕྱོགས་
གཅིག་ཏུ་འཚོ་གནས་ཐུབ་པའི་འགན་ཁུར་དགོས་པ་ལས་བོད་མི་
རིགས་འདི་དང་པོ་ཉིད་ནས་གྲངས་ཉུང་ཡིན་པ་དང་རྒྱ་མིའི་བོད་
མི་ས་ཡ་གཅིག་ལྷག་ཙམ་བསད་པ་དང་འཕྲོས་བོད་མི་ཚོ་གཞིས་
བྱེས་གཉིས་སུ་གནས་པ་ནས་མང་པོ་ཞིག་རང་གི་འཚོ་གོས་ཆེད་
འཛམ་གླིང་གི་ས་ཁུག་ལུང་ཁུག་མང་པོའི་ནང་བོད་མི་ཁྱིམ་
ཚང་རེ་ཙམ་གཉིས་ཙམ་བྱས་ནས་ཡུལ་མིའི་མཉམ་འཚོ་བ་སྐྱེལ་
བཞིན་པ་ནས་སོ་སོའི་སྐད་ཡིག་བསྐོལ་སྤྱོད་བྱེད་སའི་འཁོར་
ཡུག་མེད་པ་བཅས་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་
གསོན་ཉམས་དོད་དགོས་ན་བོད་མི་རིགས་འདི་ས་ཕྱོགས་
གཅིག་ཏུ་འཚོ་ཐུབ་པའི་ལས་འཆར་དེ་སྔོན་འཐོན་བྱ་དགོས་
པ་དེ་བོད་མིའི་སྐད་ཡིག་རིག་གཞུང་འཚོ་གནས་ཐུབ་པའི་
མར་རྩ་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།