བདེན་རྒྱབ་བདེན་གནོན།
ད་ལྟའི་གཞུང་འཛིན་བཀའ་ཤག་གི་ཆ་གཞི་ལྡན་པའི་ལས་འགུལ་ཞིག་སྟེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རང་དབང་ལྡན་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ས་གནས་དོན་གཅོད་བརྒྱུད་དབང་འོག་ཏུ་བསྡུས་ཏེ་བཙན་ཤེད་འབུར་འཇོམས་བྱས་ཏེ་སྲིད་སྐྱོང་ལས་ཐོག་པར་བཀའ་དྲིན་རྗེས་དྲན་དང་། ཐུགས་རྗེ་ཆེ་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་འཇུག་གི་ཡོད་པ་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད། བར་ལམ་བྱང་ཨ་རིའི་དོན་གཅོད་གསར་པ་དང་ནང་སྲིད་བཀའ་བློན་གྱི་འཆར་གཞི་ལྡན་པའི་བྱུས་བཀོད་འོག་བྱང་ཨ་རིའི་བོད་རིགས་གནས་སྡོད་མང་ཤོས་ནིའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ས་རྒྱུན་ཡོངས་རྫོགས་སྲིད་སྐྱོང་ཐད་བསྐྱོད་པ་ཤ་སྟག་སླེབས་ཐབས་འབད་བརྩོན་འོག་ལེགས་གྲུབ་བྱུང་མ་ཐག་ལས་འགན་དང་པོ་སྐྱེད་བུན་ཁ་གསབ་མ་ཐུབ་གོང་ནས་སྲིད་སྐྱོང་ལ་གཟེངས་རྟགས་ཡིག་ནོར་ཅན་བྲེལ་འཚུབ་ཀྱིས་ཕུལ་བ་ལས་གསལ་པོ་ཤེས་ཐུབ།
ཨོ་སི་ཊོ་ལི་ཡའི་དོན་གཅོད་མཚོ་སྒོ་ལྷག་པས་བར་ལམ་ཨོ་གླིང་གི་བོད་ཀྱི་གནས་སྡོད་མང་ཤོས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་དབང་དུ་བསྡུ་ཐབས་སྣ་ཚོགས་བྱས་ཏེ་སྲིད་སྐྱོང་ཐད་བསྐྱོད་པ་ཉུང་ཤས་འདུ་འཛོམས་ཀྱི་རྒྱུན་ལས་གསར་འདེམས་བྱེད་བཅུག་སྟེ་རྒྱུན་ལས་སུ་སྲིད་སྐྱོང་ཐད་བསྐྱོད་པ་རྐྱང་སླེབས་པ་བྱས་པ་རེད། དེར་ཨོ་གླིང་མི་མང་ནས་དྲང་པོ་མ་བྱུང་བའི་ཞུ་འབོད་ངོ་རྒོལ་བྱས་པས་ཁོ་པ་དངངས་སྐྲག་ལངས་ཏེ་རྒྱུན་ལས་འོས་འདེམས་བསྐྱར་དུ་བྱེད་དགོས་པ་བྱུང་ཡོད། རྒྱུན་ལས་བསྐྱར་འདེམས་སྐབས་སྲིད་སྐྱོང་ཐད་བསྐྱོད་པ་ཚོར་གོ་སྐབས་རྩ་བ་ནས་མ་རག་པས་ཁོ་པ་བྱ་ཐབས་ཟད་པ་རེད། ད་རེས་སྲིད་སྐྱོང་ཕྱོགས་བསྐྱོད་ཀྱི་ཐོག་མར་སི་ཎི་མངའ་ཁུལ་དུ་ཡོང་རྒྱུའི་ལས་འཆར་མེད་ཀྱང་། བོད་རིགས་སྤྱི་མཐུན་ཚོགས་པས་༸གོང་ས་མཆོག་ལ་ནོར་ཝལ་གཟེངས་རྟགས་ཕུལ་ནས་ལོ་ཉེར་དགུ་འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་སྲུང་བརྩི་ཞུ་འཆར་ཡོད་པ་ཤེས་མ་ཐག་ཁོས་སྲིད་སྐྱོང་ལ་སྙན་སེང་གིས་མཛད་སྒོ་དེར་ཕེབས་དགོས་ཀྱི་འཆར་གཞི་བཟོས་པ་རེད། འཆར་གཞི་དེའི་ནང་སྲིད་སྐྱོང་མཛད་སྒོར་ཆེ་མཐོང་གིས་ཕེབས་ཡག་མིན་པར་མཛད་སྒོ་གཏོར་བཤིགས་གཏོང་བར་ཆེད་དུ་ཕེབས་ཡག་རེད། རྒྱུ་མཚན་གང་ཡིན་ཟེར་ན་ད་རེས་མཛད་སྒོ་དེར་སྲིད་སྐྱོང་ཕེབས་རྒྱུའི་སྦིར་སྒྲས་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་དང་། དེར་དོན་གཅོད་ནས་ཐེ་གཏོགས་འབུར་འཇོམས་བཏང་ནས་སླར་རྒྱུན་ལས་ལས་ཐོག་པ་རྣམས་གནས་དབྱུང་ཐོག་འོས་བསྡུ་བསྐྱར་དུ་བྱས་ཏེ་སྲིད་སྐྱོང་ཐད་སྐྱོད་པ་སླེབས་ཐབས་ཀྱི་འབད་བརྩོན་ཐེངས་གཉིས་པ་བྱེད་ཡག་རེད། དེ་སྔ་ནེའུ་ཡོག་ཏུ་འཁྲུངས་སྐར་མཛད་སྒོར་བསྟན་པ་ཡར་འཕེལ་ཆེད་དུ་བཏང་ནས་ཟང་ཟིང་བཟོས་རྗེས་འོས་བསྡུ་བྱས་པ་དེ་ལས་སྲིད་སྐྱོང་ཐད་བསྐྱོད་པར་གྲུབ་འབྲས་ཐོབ་ཡོད་པས་ད་རེས་ཨོ་གླིང་ལ་ཡང་དེ་འདྲ་བྱེད་རྩིས་ཡོད་པ་རེད།
ལས་འགུལ་འདིའི་ཁྲོད་དུ་མཚོ་སྒོ་ལྷག་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དོན་གཅོད་ཁང་གི་ལས་ཤོག་དང་ལས་ཐམ་དངོས་སུ་བེད་སྤྱོད་བཏང་ནས་ཚིག་བརྗོད་ངན་པ་སྣ་ཚོགས་བེད་སྤྱོད་བཏང་ཏེ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཁ་ཤས་ཀྱི་མིང་སྨོས་ནས་ཁོ་པ་སྲིད་སྐྱོང་ལ་མ་དགའ་བ་དང་སྡང་ཟུག་བྱེད་མཁན་ཡིན་སྐོར་སོགས་གཞུང་འབྲེལ་སྤྱི་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དོན་ཁང་ཞིག་གི་ལས་ཤོག་དང་ལས་ཐམ་ཐོག་འཁོད་མི་འོས་པ་ཡིག་འཁྱམས་ལྟ་བུ་མང་ཚོགས་འབུར་འཇོམས་ཀྱི་ཡི་གེ་གང་བྱུང་བྲིས་ཏེ་སྤྱི་ཚོགས་དྲ་བའི་ཐོག་འགོད་པར་ཞེད་སྣང་མཚེར་སྣང་གུས་ཞབས་སོགས་གང་ཡང་མེད་པའི་ཡ་མེད་སྒལ་རལ་འདི་འདྲ་བྱེད་དོན་གང་ཡིན་ནམ། ད་དུང་ཁོ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཡིན་པ་ཡིག་ཐོག་ལ་དངོས་སུ་བཀོད་དེ་༸གོང་ས་མཆོག་གི་མཚན་གནས་མི་མང་འབུར་འཇོམས་ལ་བེད་སྤྱོད་བཏང་བར་མ་ཟད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ཡོད་པའི་དོན་ཁང་གི་ལས་ཤོག་དང་ལས་ཐམ་བེེད་སྤྱོད་གང་བྱུང་བཏང་བ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སེམས་གཏིང་ནས་གུས་ཞབས་དང་ཆེ་མཐོང་གོང་བཀུར་གང་ཡང་མེད་པ་གསལ་པོ་རེད། དེ་སྔ་ཨ་རིའི་དོན་གཅོད་སྐལ་རྡོར་ནས་འདི་འདྲའི་བྱ་སྤྱོད་ཀྱིས་༸གོང་ས་མཆོག་གི་མཚན་གནས་བེད་སྤྱོད་བཏང་རྐྱེན་ཁོ་པ་དོན་གཅོད་ནས་ཕྱིར་འཐེན་མ་བྱེད་ཐབས་མེད་བྱུང་བ་རེད། དེས་ན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ངོ་དྲུང་ཆེ་ཚོས་ལྷ་ཁང་མེས་ཚིག་ཀྱང་འཛུམ་དམུལ་དམུལ་གྱི་དཔེར་མ་སོང་བ་བྱས་ཏེ་དོན་གནས་འདི་ཚོར་ཞིབ་གཟིགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་བེད་སྤྱོད་གང་བྱུང་བྱེད་མཁན་དོན་གཅོད་ཡ་མེད་སྒལ་རལ་དེ་ཚོར་གང་འོས་སྒྲིག་དོན་བཞིན་གནང་དགོས་ཁག་དམ་དོན་གནང་དགོས་ཀྱི་འདུག གལ་ཏེ་ད་དུང་འདི་རིགས་ལ་སྣང་མེད་བཏང་ཚེ་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཕྱག་ཏུ་ཐད་ཀར་ཞུ་ཡིག་འབུལ་ཐབས་བྱེད་ངེས་ཡིན་པས་དེ་དོན་དགོངས་པ་བཞེས་རོགས།།
༧གོང་ས་མཆོག་གི་མཚན་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་པ་དང་། གཞན་ལ་དབང་ཡོད་མི་ཤོད་མཁན་གྱི་བོད་མི་ཡོད་ན་མཚན་གཞི་ཞོག་དང་། ཁྱེད་རང་ཡང་དེ་དེ་བཞིན་ཡིན་པཱ་་་་་་་་་་་་་
ད་ཡང་ཕྱི་རྒྱལ་དོན་གཅོད་སྐོར་ལ་ན་ཚ་གསར་པ་ཞིག་ལང་བ་འདྲ་
ཅ་མ་སིང་བོད་པ་འདི་ཚོ་སྐྱིད་དྲག་ན་རྐུབ་ལ་འཚེར་མ་ཟུག་ཟེར་བའི་
གཏམ་དཔེ་དེ་མ་རེད་དམ་།
ཨོ་སི་ཊོ་ལི་ཡ ་ཟེར་བའིལུང་བ་ཡག་པོ་དེ་ཡང་བོད་པ་ཚོས་བཙོག་པ་བཟོས་སོང་གདའ།
བདེན་་རྒྱབ་བདེན་གནོན་་ནས་ཡག་པོ་གསུང་འདུག་་ད
དོན་་གཅོད་་གཞི་་ཡིན་པའི་ཆ་ནས་རྨང་གཞིའི་ཤེ་བྱ་ཡ་རབས་སྤྱོད་བཟང་ལྡན་པ་དང་མང་ཚོངས་ཀྱི་འགན་ཁུར་ཡོད་པ་ཞིག་དགོས་པ་ལས་མ་རབས་ཐ་ཤལ་་ཀྱི་ཙིགས་ཙུབས་དང་ལྷགས་པར་དུ་་རྒྱ་བའི་མཚན་་གནས་རྒྱབ་མཁུར་གི་སི་ཊོ་ལི་ཡི་་བོད་རིགས་སྤྱི་དོན་ཚོགས་པ་དོན་གཅོད་དང་སྲིད་སྐྱོང་གི་དགྲ་བོ་འདྲ་བོ་་ཡིན་་པའི་གསལ་གྲགས་་དེས་བོད་པ་སྤྱིའི་ཙ་དོན་ལ་ནམ་ཡང་ཕན་ཐོག་མེད་དེ་ལས་འདོག་ཏེ་་བོད་མིའི་ཅིག་ལ་སྒྲིལ་གནོད་པ་དང་རྒྱ་དཔོན་ཚོད་དུས་དང་རྣམས་པ་ཀུན་དུ་བཤད་་ ཞིན་པའི་བོད་མིའི་འགོན་སྐྱབས་དང་འགྲན་ཚབ་པ་ཁོ་པ་ཚོ་་ཡིན་་ཞེས་པ་དེ་ལ་དཔང་རྟགས་རྒྱབ་གནོན་དང་༧གོང་ས་མཆོག་ནས་དུ་ནསདུ་སུ་གསུང་པའི་ང་ཚོའི་དབུས་གཞུང་མ་ལགས་་དེ་་་་་་གཞི་བྱེད་བོད་མི་ཡོང་གི་འགྲན་ཚབ་ཞིག་ཡིན་གསུང་པ་དང་རྒྱབ་་འགལ་་དེ་ན་ཞབས་སྟིགས་ཟུང་བའི་ནག་་ཚོང་བ་རང་རེད་འདུག་ད་
སྟག་གི་མཐོངས་ནས་མི་འཇུ་དགོས། འཇུས་ན་གློད་མི་ཉན། དབང་ཆ་ལོག་སྤྱོད་པ་ཚོ་རྩ་མེད་མ་བཟོས་ཚེ། དཔྱ་ཁྲལ་འཇལ་མཁན་གྱི་མི་མང་རྣམས་བྲན་གཡོག་ཏུ་བསྒྱུར་ནས་སྐེ་ལ་བཞོན་གི་རེད། ག་བ་གཏུག་ན་གཏུག་དགོས་རེད། བྱང་ཀོ་རི་ཡས་རྡུལ་མཚོན་ཆ་གཡུག་གི་ཡིན་གཡུག་གི་ཡིན་ལབ་པ་ནང་བཞིན། གཏུག་གི་ཡིན་གཏུག་གི་ཡིན་ལབ་ནས་མི་སྡོད་པར་གཏུག་ས་ག་བ་ཡོད་ན་དེ་ལ་གཏུག་དགོས་པ་རེད། མ་གཞི་ནས་བཙན་བྱོལ་བོད་པ་འདི་ཚོ་འགྲིག་མེད། བོད་ནང་གི་སྤུན་ཟླ་ཕོ་མོ་རེས་རང་ལུས་མེ་སྲེག་བཏང་བ་དང་འདི་ཚོ་དགའ་ནས་སྒོར་མོ་སློང་མོ་བྱས་ཏེ་རང་གི་དངུལ་བྱང་རྒྱོང་གི་འདུག ལས་རྒྱུ་འབྲས། ཁྲེལ་ངོ་ཚོ་ཟེར་བ་དེ་འདི་ཚོའི་ཀླད་པའི་ནང་ལ་མེད་ཀི
ལས་རྒྱུ་འབྲས་སྣོག་ར་ཁྱོད་ཚོའི་མགོ་ལ་ཐོག་གིས་བརྒྱབ་ནས་གསད་ཀི་རེད། ཁྱོད་ཚོའི་བུ་རབས་ཚ་རྒྱུད་དང་བཅས་པ་གཟའ་བརྒྱབ་ནས་ཤི་གི་རེད་དཱ། ལོ་༢༠ལྷག་བཙན་བྱོལ་དུ་བསྡད་ནས་ཉམས་བྱུང་བ་ནི་གངས་སྐྱིད་ཀྱི་ཤིང་སྡོང་འདིའི་རྩ་བ་དང་རྩེ་མོ་ཡལ་ག་དང་བཅས་པར་སྦྱར་བསྡད་ཡོད་པའི་སྐུ་ངོ་འདི་ཚོའི་རྒྱ་མིའི་འགོ་བ་ལས་སྡུག་ག་འདུག བོད་མི་རྣམས་སྙིང་མ་རྗེ།
རྒྱལ་བོའི་རྒྱལ་ས་མ་བརྟན་ན་སྤྲག་པོས་ཉལ་ས་མི་བདེ་ཟེར། ད་ནི་གནས་ཚུལ་མང་པོ་ཞིག་ལ་ཕྱི་མདངས་རེ་རྒྱབ་དུས་སེམས་ངལ་རེ་འདུག གཉིས་སྟོང་བཅོ་བརྒྱད་ལོའི་ནིག་ཡོག་དང་ནིག་ལྗར་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་པ་དེ་ཡང་དམིགས་ཡུལ་ལྡན་པའི་ཐོག་ནས་འདམ་སྒྲུག་བྱུང་བ་རེད།
ཚོགས་གཙོ་གསར་པ་དེ་ཡང་སྲིད་སྐྱོང་ལ་ཧ་ཅང་དགའ་མཁན་ཞིག་ལ་ཤུགས་རྒྱབ་ནས་ཐོབ་པ་རེད།
དབུས་བོད་མི་སྒྲིག་ཁོངས་ཀྱི་ཆ་ཤས་ཞིག་ཡིན་ན། ཟ་སྤུ་གནོན་ཟེར་བ་འདི་ངེས་པར་དགོས་ངེས་རེད།
ཨོ་གླིང་གི་བོད་རིགས་ཁག་ཅིག་གི་རྒྱབ་ཕྱོགས་སུ་རྒྱ་གཞུང་གི་ལས་བྱེད་མི་སྣ་ཡོད་པ་དོགས་པ་ཆེན་པོ་ཡོད། ཡང་ན་ཁོང་ཚོའི་ལས་ཀ་བྱེད་སྟངས་མང་པོ་ཞིག་རྒྱ་གཞུང་གི་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཏན་ཏན་ཞིག་ཡོད་ས་རེད། རྐང་འདྲེན་པ
དག་་་
བདེན་རྒྱབ་ལ་བདེན་གནོན།
ཧཧཧཧ། ཁྱེད་རང་གོ་སྐབས་མ་རག་ན་སྡུག་གྱོང་རེད། ཁྱེད་རང་སྔོན་མ་རྒྱ་མའི་གཞུང་ཚབ་་ལོ་གསར་སྐབས་ལས་ཀ་རག་ཐབས་བྱས་རེད་ཟེར་བའི་གོ་ཐོས་བྱུང་བས་ལས་ཀ་རག་སོང་བས། ཧཧཧཧ། ད་ཁ་དང་རྐུབ་བཙུམ་ནས་བསྡད་ན་དགའ། མཚོ་སྒོ་ལ་ཕྱག་ལས་གནང་བ་དེར་བསྔགས་བརྗོད་ཡོད།
༄༅། བདེན་རྒྱབ་བདེན་གནོན། ཞེས་པ་དེས་་་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་
འཛིན་སྐྱོང་བཀའ་ཤག་ལ་མི་འདོད་ཟུར་ཟའི་སྐད་ཆ་མགོ་འཚོས་ལ་མ་འཚོས་ལ་བཤད་དོན་གང་རེད།
ཁ་བཤད་ཆུ་ཡི་ལྦུ་བ་དང། ལག་ལེན་གསེར་གྱི་ཐིགས་པ་རེད་སྙམ། མ་གཞི་ནས་འཛིན་སྐྱོང་བཀའ་
ཤག་ལ་སྐྱོན་བརྗོད་བྱེད་རྒྱུའི་དབང་ཚད་ཁྱོད་རང་ལ་ཡོད་པ་མ་རེད།
ཨ་ཁ་་་་་་་་་་་་་་བློ་སངས་འདི་སྲིད་སྐྱོང་གི་རྐུབ་སྟེགས་ལ་བཞུགས་པ་ནས་བཟུང་བོད་པའི་སྤྱི་ཚོགས་འཁྲུགས་སོང་།
བྱ་འདི་་་་་་་་་་་་་་་ད་ཅི་ཞིག་བྱ།
བློ་སངས་ཁོས་ད་དུང་གང་ཡང་ཚོར་གྱིན་མེད་པ་འདྲ།
ཁོས་ད་དུང་ཤར་གླིང་ཟླ་སྒྲོན་ཡང་རྐུབ་ཀྱག་བརྟན་པོ་ཅིག་གི་སྒང་ལ་འཇོག་ཐུབ་མ་སོང་། མོས་ཕྱི་དྲིལ་ལས་ཁོང་ནང་ལ་འཚང་ག་བརྒྱབ་ཡོད་གི་་་་་
མཚོ་སྒོག་ལགས། དོན་གཅོད་ལས་དོན་སྐོར་ལ་མཛད་རྗེས་ཡག་པོ་བཞག་འངུག་པ་གསལ་པོ་རེད་ཞག། ཨོད་ཀྲི་ལ་ཡའི་ནང་བོད་ོ་ཉུང་ཤས་ལས་མེད་ཀྱང་དེ་ཚོ་ལུང་པ་དེར་མཚོ་ནང་དུ་རྡེའུ་ཟག་པ་ལྟ་བུ་མ་ཡིན་པ། བོད་ཀྱི་གོམ་རུག་གཞུང་དང་སྐད་ཡིག་ཡར་རྒྱས་ཡོང་ཐབས་འབད་བརྩོན་གནང་བ་དེར་བཀྲིན་ཆེ་ཞུ་ཡག་ཡིན། དེར་ཕྱོགས་ཀྱི་བོད་པ་ཚང་མ་ཨོ་གླིང་གི་མུ་སེར། ཁྲིམས་ལྔན་རྒྱལ་ཁབ་ཡིན་དབང་དུ་བསྡུ་ཟེར་བའི་ཚིག་ཡིད་མུ་ཆེས་པའི་སྐད་ཆ་རེང་འདུག་ཧཧཧཧཇ། དོན་དག་ངོ་ཐོག་ཕྲག་དོག་བསམ་ཁོག་ལ་བཙུད་ནས་གཏམ་འཆལ་རང་རེང་འདུག་་་དབང་དུ་སྡུད་ཟེར་ཧ་མ་གོ་ན་་ནརྒྱ་དམར་བོད་པར་དབང་དུ་སྡུད་ོ་ལ་གོ
དངོས་གནས་བཤད་ན། ལག་ན་ཧར་བ་སྒྲི་གཙུག་ལག་སློབ་གྲྭའི་ལག་འཁྱེར་ཤོག་བུ་ཙམ་མ་གཏོགས། ཁོག་ན་གཟུགས་གཞུག་མེད་པའི་སྲིད་སྐྱོང་ཁོག་སྟོང་འདིས༸གོང་ས་ཐམས་ཅད་མཁྱེན་པའི་གཙོས་བཙན་བྱོལ་བྱོལ་ནང་གི་མི་རབས་རྒན་པ་དག་གིས་དཀའ་བ་བརྒྱ་ཕྲག་གིས་བསྐྲུན་པའི་སྒྲིག་འཛུགས་འདིའི་ཕྱི་གཙབ་ནང་གཙབ་བཟོས་སོང་ལ། ཀླད་པའི་ནང་དུ་རྩྭ་མ་གཏོགས་མེད་པའི་ཁོའི་ཕ་ཡུལ་གཅིག་པ་ཡིན་སྐད་ཀྱི་སྐད་སྟོང་ཚོ་ཞེན་ཁོག་རྐྱང་པའི་མྱོས་ཏེ་སྲིད་སྐྱོང་ཁོག་སྟོང་འདིས་ཧ་ལས་པ་ཞིག་འཇོན་སོང་མདོག་དང་། ཐ་ན་༸གོང་ས་མཆོག་ལས་ཀྱང་སྲིད་སྐྱོང་ཁོག་སྟོང་འདི་འུར་སྒྲོག་བྱེད་ཀྱིན་ཡོད་དེ། དཔེར་ན། སྲིད་སྐྱོང་ཁོག་སྟོང་འདིའི་བསྟོད་གླུ་བླངས་པའི་གཞས་ཚིག་ཅིག་ཏུ་་གོང་མ་ལྷ་ཡི་སྲས་པོ།། མི་འཇིགས་ཁྲི་ལས་ཕབ་མཁན།། དཔའ་བོ་བློ་བཟང་སེང་གེ་་ཟེར་བ་ལྟ་བུ། བསམ་ཤེས་ཤིག་གིས་བལྟས་ན་དབང་མེད་དུ་གད་མོ་ཤོར་དགོས་ཤིང་། སྲིད་སྐྱོང་ཁོག་སྟོང་གཙོས་ཀླད་སྟོང་དག་གིས་གོ་ན་དགའ་ནས་གནམ་ལ་འཕུར་གྲབས་བྱེད་ཀྱིན་པ་ལྟ་བ་རེད། མདོར་དྲིལ་ན། འདས་པའི་ལོ་ངོ་བདུན་དང་ཕྱེད་ཀའི་རིང་གི་སྲིད་སྐྱོང་ཁོག་སྟོང་འདིའི་རྐང་རྗེས་ལ་ཕྱིར་ལྟ་ཞིག་བྱས་ན། བཙན་བྱོལ་སྒྲིག་འཛུགས་ཁ་འཐོར་ཡ་འཐོར་དང་། བོད་སྐད་ཡིག་གི་ལས་དབང་རྒྱ་གཞུང་ལྟར་ཕྱོགས་དང་ཟུར་སྣ་ཚོགས་ནས་ཉམས་རྒུད་དང་ནུས་མེད་དུ་བཏང་། བཙན་བྱོལ་སྒྲིག་འཛུགས་ཀྱིས་ལོ་མང་རིང་གསོག་སྒྲུབ་བྱས་པའི་གཞུང་དངུལ་རྣམས་བག་མེད་ལོངས་སྤྱོད་ཀྱིས་ཕངས་མེད་དུ་སྤྱད། རྫུན་བཤད། ཕྲ་མ་བརྒྱབ། མགོ་སྐོར། མཁས་པ་ཡིན་ཟེར་གྱིན་མང་ཚོགས་ཀྱི་དྲི་བར་ལན་མ་ཐེབས་པར་གབ་བྲོས་ཡིབ་བྲོས་བྱེད། དཔའ་བོ་ཡིན་པར་བསྒྲགས་ཀྱང་ཉེ་སྔོན་ཕྱིའི་ལུང་ནས་རྒྱ་ནག་གི་སློབ་མ་དག་གི་མདུན་ལ་འབུད་མ་ཕོད་པར་སྡར་མ་ཝ་ཡི་རྟུལ་ཞུགས་བཟུང་། ཧུ་ཧུ་་་་སྲིད་སྐྱོང་ཁོག་སྟོང་གི་ངོ་བོ་དངོས་གླེང་ན་འདི་འདྲ་ཞིག་རེད་འདུག་གོ
སྲིད་སྐྱོང་སློབ་བཟང་སངས་རྒྱས་ནས་ད་བོད་པ་ནང་ཁུལ་ཁ་འཐོར་དགུ་འཐོར་གཏོང་བའི་ལས་གཞི་དེ་མཚམས་འཇོག་རོགས་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་དུས་ལ་བབས་འདུག
བློ་སེང་འདི་མི་རྙོག་དྲ་ཅན་ཞིག་རེད།ཉ ཁོ་སྲིད་སྐྱོངསླེབས་་ནས་བཟུང་བཙན་བྱོལ་བོད་པ་དུམ་བུ་བཏང་སོང་།
བློ་བཟང་སངས་རྒྱས་ཟེར་པ་འདི་ངོ་མ་སྙོག་དྲ་ཅན་ཞིག་རེད། ས་གང་ལ་སོང་ནའང་བོད་མིའི་སྤྱི་ཚོགས་ཆུང་འདི་མདའ་དཀྲུགས་ཕུ་དཀྲུགས་བྱེད་བཞིན་འདུག གླང་དར་མ་ཁྲི་ལ་བསྡད་པ་དང་། ཨ་རིའི་ཁྲོན་རྒན་སྲིད་འཛིན་ལ་ཁེལ་བ། འདི་ཚོ་ནི་སྨྱོན་པའི་ལག་པར་རལ་གྲི་ཤོར་བ་ནང་བཞིན་རེད་འདུག ཨ་ལ་ལ་བོད་པ་ཚང་གི་ལས་འདི་སྡུག་པ་ལ། ༸གོང་ས་མཆོག་གིས་བྱམས་བརྩེས་བསྐྱངས་པའི་སྒྲིག་འཛུགས་འདི་ལ་མི་མང་ཡིད་ཆེས་མེད་པ་བཟོས་སོང་། ད་རེས་ཀྱི་དོན་རྐྱེན་འདིའི་འབྱུང་རྩ་གཙོ་བོ་ནི་བློ་བཟང་སངས་རྒྱས་རང་ལ་ཐུག་འདུག
བོད་པ་སྨྱོན་པ་དེ་ཚོས། རང་གི་སྲིད་འཛིན་ལ་རྒྱལ་བ་རིན་པོ་ཆེའི་དུས་དྲན་གསོ་མི་ཆུག རྒྱ་མི་རྣམས་ནི་ཁའི་ནང་ལ་མཛུབ་མོ་བཅུག་ནས། ག་ཡིན་འདི་ཡིན་མེད་པ་བཟོས་སོང་།
ད་དེང་སང་རྒྱ་མིའི་ཆབ་སྲིད་ཀྱི་ལས་ཀ་མང་པོ་ཞིག་བོད་པས་བྱས།་རྒྱ་མི་ཕྱིར་སྡོད་པ་རྣམས་ལས་ཀ་མེད་པ་བཟོས་ནས། གཏན་གཏན་ཁོང་ཚོར་དངང་སྐྲག་སླེབས་ཡོད་ཚོད།
བློ་སེང་གར་སོང་ས་ན་ནང་དཀྲུག་ཤ་ར་ར། སྤྱང་ཁུ་གར་སོང་ས་ན་བྱ་རྒོད་ཉི་ལི་ལི། ད་ཐང་ཡང་ཨོ་གླིང་གི་བོད་མི་རྣམས་དུམ་བུ་གཉིས་བྱས་ནས་འགྲོ་ཚར་འདུག། བློ་སེང་ཨོ་གླིང་ལ་ཡོང་དགོས་དོན་ཡོད་བ་མ་རེད་གང་ཡིན་ཟེར་ན་ཨོ་གླིང་
གཞུང་དམངས་ལ་ཐུགས་རྗེ་ཆེ་བདེ་སྲུང་བཀའ་བློན་དང་དྲུང་ཆེ་གཉིས་ཀྱི་ཟླ་བདུན་པའི་ནང་ཞུས་ཚར་བ་རེད། བསམ་བཞིན་དུ་ནང་དཀྲུག་བྱེད་སར་སོང་བ་རེད།
ད་སྔ་ཡན་གྱི་དོན་གཅོད་ཚོས་བྱ་མ་འདྲོག་སྒོ་ང་ལེན་་ཐབས་རྐྱང་གནང་གིན་ཡོང་རེད། མཚོ་སྒོ་ལྷག་པས་གཞུ་མོ་གཅོག་འདོད་རང་བྱེད་ཀྱིན་ཡོད་རེད། གཞུང་གི་ལས་བྱེད་ཡིན་ཀྱང་གཞུང་འབྲེལ་མིན་པའི་ཚོགསཔའི་ལས་སྒོ་རྣམ་གསུམ་ལ་གནས་ལུགས་དང་མི་མཐུན་པར་རང་སྣང་གང་དྲན་གྱིས་ཇུས་གཏོག་བྱེད་པ། ཁོ་རང་གི་ལས་འཆར་ལ་འདོད་པ་མེད་ན་༧གོང་ས་མཚོག་དང་དབུས་བོད་མའི་སྒྲིག་འཛུག་ལ་རྒྱབ་སྟོན་གྱི་ཡོད་པར་བསྒྲུབ་པ་ནི། ཅི་འདྲའི་བློ་ཡུལ་ལ་མི་ཤོང་བའི་ཧམ་པ་ཞིག་མ་ཡིན་ནམ།
གནའ་སྔ་མོ་ཞིག་ལ་དགྱ་ནག་གི་ནང་ཁུལ་ཚགས་པར་ཞིག་གི་ཐོག་[རྒྱ་གར་འཕགས་པའི་ཡུལ་ན་རྒྱ་བ་རིན་པོ་ཆེ་བཞུགས་སར་བོད་མི་ཉུང་ཤས་ཞིག་ཡོད་སར་བོད་དབྱིན་དེང་རབས་རིག་གཞུང་ཕྱུག་པོ་ཞིག་ཡོད་]མཐོང་། སྐབས་ཧ་ཅང་ཡིད་སྨོན་སྐྱེས་སོང་། ཡུལ་དེར་ངེས་པར་སླེབས་ཐུབ་པའི་རེ་བ་བཅིངས།
ཡུལ་གྱར་ལ་སླེབས་རྗེས་སྔོན་གྱི་རེ་བ་ལས་ལྡོག
གསལ་བཤད་ཡག་པོ་གནང་འདུག་ དེང་སང་མི་ངན་རེ་ཟུང་ནས་རང་གིཁེ་ཕན་ཁོ་ནའི་ཆེད་སྤྱི་ཚོགས་ལྷིང་འཇག་མེད་པ་བཟོ་ཡི་འདུག་ དཔེར་ན་དོན་གཅོད་ལྷག་པ་སྒོ་ཚོ་དང་སྲིད་སྐྱོང་ངན་པ་ལག་འབྲེལ་བྱས་ནས་སིནིཌིའི་བོད་རིགས་སྤྱི་མཐུན་ཚོགས་པར་གཙན་དཀའ་ལན་མངགཏང་ནས་མི་མང་ལྷིང་འཇག་མེད་པ་བཟོ་ཐབས་དང་མི་མང་དང་སྤྱི་མཐུན་ཚོགས་པའི་བར་རྙོག་ཁྲ་བཟོ་་ཐབས་སོགས་ངན་ཇུས་སྣ་ཚོགས་བྱས་པ་ནི་མི་མང་ནས་ངེས་དུ་མཁྱེན་དགོས་པ་ཡིན་
སྐུ་ཚབ་བམ་དོན་གཅོད་ཁ་ཤས་དང་དགའ་ལྡན་ཕོ་བྲང་ནང་གི་དྲུང་ཆེ་ཁ་ཤས་ཚང་མ་སྤུན་མཆེད་སྐུབ་འགྲིག་རྒྱག་མཁན་ཤ་སྟག་རེད་ཟེར། ཨོ་གླིང་དོན་གཅོད་ལྷག་པའི་སྐྱེས་དམན་དེ་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་གྱི་སྲིང་མོ་རེད། འདི་ཚོ་དེང་དུས་ཀྱི་ཁྲིམས་སྲོལ་དང་འགལ་ཞིང་དབྱིན་སྐད་དུ་ nepotism ཟེར་ཞིང་ཚང་མ་ལས་འགན་ནས་གནས་དབྱུང་བཏང་དགོས་བཟོ་རེད། འོན་ཀྱང་བོད་རྣམས་ཀྱི་བཤད་སྲོལ་ལ་མ་ཁ་ཆེ་མ་ལ་སྤྲུལ་སྐུ་འཁྲུངས་ཟེར་བ་ལྟར་གཉེན་གོ་ས་ཅན་གྱི་ལྕགས་ཀྱུ་རྒྱབས་པའི་ལུགས་ལ་གཡེང་ནས་ཕ་ཡུལ་དགྲ་ལ་ཤོར་བ་རེད།
#21 རྡོ་རྒོད ་ལགས་ཀྱིས་སྤེལ་དོན།:
December 8th, 2018 at 7:34 pm
སྐུ་ཚབ་བམ་དོན་གཅོད་ཁ་ཤས་དང་དགའ་ལྡན་ཕོ་བྲང་ནང་གི་དྲུང་ཆེ་ཁ་ཤས་ཚང་མ་སྤུན་མཆེད་སྐུབ་འགྲིག་རྒྱག་མཁན་ཤ་སྟག་རེད་ཟེར།
ཨོ་གླིང་དོན་གཅོད་ལྷག་པའི་སྐྱེས་དམན་དེ་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་གྱི་སྲིང་མོ་རེད།
༄། སྤུན་ཟླ་ཚོ་རང་བློ་བཅུན་ཏོ་ རང་མི་དགའ་བའི་མི་དེའི་རིགས་རྒྱུད་ཐ་དག་ལ་ཉེས་པ་བཙུགས་ན་རང་ཉིད་དྲང་པོ་མེད་པའི་རྟགས་རེད་ངོ་མ་བློ་ནང་དུ་བཀུག་དོ་ གཅིག་བཤད་གཉིས་ཀྱིས་ཕུང་དཀྲུག་བྱེད་མཁན་ངོ་མ་དེ་རང་ཉིད་ཆགས་པ་རེད་པའ་་་་དྲང་པོ་བཤད་ན་ང་རང་མཚོ་སྒོ་བའི་གདུང་བརྒྱུད་ཡིན་མ་ཟད་ལས་སྣེ་་བློ་སེང་ལགས་ཀྱིས་གནང་སྟངས་ཏོག་ཙམ་འུར་སྒྲོག་མ་ཟད་༸གོང་ས་མཆོག་དང་ཁོང་གི་ལས་སྣེས་ལོ་མང་སྐུ་ངལ་འབྲས་བུ་ད་ལྟ་གློ་བུར་བྱུང་བ་ལྟ་བུའི་བཀའ་མོལ་ཅུང་བཟོད་དཀའ་འོན་ཀྱང་བསྐྱོན་གཅིག་པུས་ཆ་ནས་བལྟས་ན་ཕྱོཊ་ལྷུང་ཡིན་ནམ། ང་རང་བཤོད་འདོད་པ་ནི་ཇོ་ཇོ་ལྷག་པའི་བསྐོར་ཡིན་དེ་སྔ་ཁོང་དྲང་ཚུགས་དང་ལྷགས་བསམ་ལྡན་པ་བཅས་བརྗོད་མྱོང་པའི་ཁུངས་ལུང་ཡོད་པ་ལས་རང་ཕྱོཊ་མིན་སྙམས་འོན་ཀྱང་བཤད་ཁག་པས་དཔྱད་འཚལ་ང་རང་ཇོ་དང་གཤིབ་མྱོང་དེ་ཙམ་མེད་ཀྱང་ཉིན་གཅིག་༼བཀྲས་ལྷུན་གསུངས་ཆོས་སྐབས་༽བཀའ་བློན་དང་འཇལ་འཕྲད་ཁྱུག་ཙམ་གནང་སོང་བ་ནི་ཁོང་དོན་གཅོད་གཅིག་ཡིན་པའི་ཆ་ནས་ཡིན་ད་ཡིན་དེའི་དགོང་འཕྲོར་༸སྐྱབས་རྗེ་ཟམ་གདོང་༸རིན་པོ་ཆེ་འཇལ་ཁར་སེ་རར་བཞུགས་པར་ཁ་དག་ཨ་ཤེས་དང་མཎྜལ་རྟེན་དོད་ཀྱིས་དད་གུས་གཡོ་མེད་བཅར་སོང་ལ་དུས་ཚོད་ཀྱང་བཀའ་བློན་མཇལ་བ་ལྟར་ཡུད་ཙམ་མ་ཡིན་པར་གང་མཚམས་ཡིན་འོ་ན་ང་ཚོ་ལྟ་བུ་གཏམ་འཆལ་ངང་འགོར་བ་ཡིན་ནམ་གཏན་ནས་མིན་གུས་བརྩི་ཞུ་སྟངས་ལ་ཞིག་ན་མ་འོངས་ལམ་སྟོན་བཞུས་པར་ཐེ་འཚོམ་མེད་འོ་ན་འདི་འདྲ་གང་ཡིན་ཟེར་ངེས་ དེ་ནི་སྤྱི་དམངས་དང་ཐབས་མཁས་ཞིག་ཡིན་ལ་དེ་ནི་༸གོང་ས་མཆོག་གི་གནང་སྟངས་ཞིག་ཀྱང་ཡིན་ངང་རྒྱུད་རིང་ན་གཞན་ཐུལ་ལ། ངང་འཚབ་བྱས་པས་ཕུང་སྲིད་ ང་ཚོས་སོ་སོས་ལངས་ཕྱོགས་དང་སྤྱི་བའི་ལས་སྟངས་མི་འདྲ་བ་ཏོག་ཙམ་གནང་དགོས་མ་ཟད་ང་ཚོས་ངོ་མ་སྤྱི་སེམས་ཡོད་ན་གྱོང་ཏོག་ཙམ་ཁུར་བ་ལས་བཤད་བཤད་མང་ན་༸གཞན་ཕྱོཊ་ལ་༼རྒྱ་ལ་༽དགོས་ངེས་བྱུང་བས་དེ་ལས་ཐབས་སྡུག་བཀའ་བློན་ལའང་མེད་པས་དོན་རང་ཉིད་ཐབས་སྡུག་ཆགས་སོང་ང་་་་་ལས་སྣེ་བའི་མིང་གཅིག་ཡོད་ཚེ་བརྩི་འཇོག་དང་བཟོད་སྲན་ཆུང་ཆུང་ཅི་གནང་ན་ཁེ་ཕན་ཆེ་སྙམས་ ཡར་བལྟས་ན་ཁེ་ཕན་ཞེ་པོ་ཡོད་པའི་འཚོར་སྣང་དེ་ནོར་པ་ཡིན་སྲིད་ རྒྱ་ལམ་འགྲུལ་པས་བལྟས་ན་ཆོ་ལོ་ཉི་མ་དྲོ་བ་ཆོ་ལོས་བལྟས་ན་རྒྱ་མལ་བདེ་བའི་མཐོང་ཚུལ་དེ་བཞིན་རང་ཉིད་ལའང་གཅིག་བྱས་ན་རང་ཉིད་ལ་ཉེས་པ་དེ་བས་ཆེ་བ་ཡོད་སྲིད་ གང་ལྟར་ཐུག་ས་རང་ལ་ཐུག་ཡོད་གང་ཡིན་ཟེར་ན་བསྐྱོན་ཚང་མ་རང་གི་འདོད་པ་མ་མཐུན་པས་བྱུང་བ་ཕལ་ཆེར་གཏན་འཁེལ་འོན་ཀྱང་གོམས་པའི་དབང་གི་རང་བསྐྱོན་གཞན་དུ་འཆར་བས་མིན་ནམ་་་་དཀོན་མཆོག་མཁྱེན་ཟེར་རམ་རང་བློར་དཔྱད་པ་ཅུང་ཟད་བྱེད་དམ་ རང་བསྐྱོན་མཐོང་བའི་ཉིན་དེ་ནས་སྐྱིད་མགོ་ཚུགས་པ་དང་རྙོག་དྲ་རང་ཞི་ལས་༼་གལ་ཏེ་གནོད་པ་བྱས་པས་དེར་བཀོན་ན་། དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི་༽གཅིག་བཤད་གཉིས་བཤད་ཚེ་འདིར་རྫོགས་རྒྱུ་མེད་ལ་ཕྱི་མར་དེའི་འབྲས་བུ་དེ་བས་ལྕི་ གུས་པས་བསམ་ཚུལ་རང་ཡིན་པ་ལས་དམིགས་བཀར་བའི་མི་མེད་ལ་སུ་ལའང་ཕོག་ཐུག་མེད་པའི་རེ་བ་དང་བཤད་མི་ཤེས་པས་དགོངས་འགལ་མེད་པ་ཞུ། མཚོ་སྒོ་ལྷག་པའི་དགོངས་ཚུལ་མིན་ཡང་དཔྱད་པ་མང་ཙམ་བརྗོད་པ་ལགས།།
དོན་གཅོད་མཚོ་སྒོ་ལྷག་མི་ཞེ་ཁོག་སྐམ་པོ་རེ་རེ་རེད་འདུག། གང་ཡིན་ཟེར་ན་ཨོ་གློང་བོད་མི་ཞིག་དྲ་ཐོག་ན་༧གོང་ས་མཆོག་སྐུ་ཚེ་ལ་ཞབས་བརྟན་གྱི་ཚོགས་པ་མི་གྲངས་༥༠༠ ལྷ་འདུག།
ཚོགས་མི་མང་ཤོས་བོད་ནང་ནས་རེད། ཁོ་ཚོའི་རེ་བ་དེ་ཡར་ཡིད་བཞིན་ནོར་བུ་ཞུ་འདོད་ཧ་ཅང་འདུག། ཁོང་ཚོའི་ཚོགས་གཙོ་ཡིས་དོན་གཅོད་མཚོ་སྒོ་ལྷག་ལ་ཞུ་འདུག། ཁོས་སྐད་ཆ་དེ ཚོ་ཡ་མེད་དུ་བཏང་བ་མ་ཟད་ད་དུང་ཕྱོགས་རེ་དང་ཞེན་ཁོག་སྐད་ཆ་བཤད་འདུག། ཁོ་ནི་༧ གོང་ས་མཆོག་གི་མཚན་སྙན་ལོག་སྤྱོད་བྱས་མཁན་གྱི་བྱ་དེ་ཞིག་རེད་འདུག།
༄༅། སྲིད་སྐྱོང་ཁོག་སྟོང་ཞེས་བརྗོད་པར་་་་སོ་སོ་རང་ཉིད་ལ་ཆོས་སྲིད་ཀྱི་ཤེས་ཡོན་ག་རེ་ཡོད།
བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་ལ་ལས་དོན་གང་བྱེད་ཡོད་།
རྒྱ་དམར་པོའི་བཙན་གནོན་྄དྲག་སྤྱོད་ལ་་མི་འདོད་པའི་སྐད་འབོད་ཚིག་རེ་གཉིས་ཙམ་བཤད་
མྱོང་ངམ། སྙིང་རྗེ། ཀླད་སྟོང་རང་ཉིད་མིན་ན་སུ་ཡིན།
གཞན་ལ་ལྟ་བའི་མིག་ཡོད་ཀྱང། རང་ལ་ལྟ་བའི་ཤེལ་སྒོ་དགོས་ཟེར་བ་ཅི་མི་བདེན།
ལྷག་པ་མཚོ་སྒོ་ལས་བྱེད་རྙིང་པ་དང་ཉམས་མྱོང་ཅན་རེད། ཡིན་ནའང་ད་ཐེངས་བློ་སེང་ལ་སྤྲེད་ལད་འཁྲབ་ནས་རང་ཉིད་ས་ལ་བརྡབ་སོང་བསམ།