2010-06-09
ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་ནང་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་ཞིག་དགོས་པའི་ས་མིག་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
༡ དབུས་སྐད་ལ་བྱང་ཆ་ཡོད་པའི་ཐོག་མ་མཐར་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ། ཡང་ན་མཐོ་སློབ་གྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ།
༢ དབྱིན་ཡིག་དང༌། རྒྱ་ཡིག ཧིན་རྡི་གང་རུང་གི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༣ བོད་ཕྱི་ནང་དང༌། རྒྱ་ནག རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཤེས་ཚད་གང་ལེགས་ཡོད་པ།
༤ དྲང་བདེན་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༥ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།
ལས་འགན།
ཉིག་ཡོག་གྲོང་ཁྱེར་དང་། དེའི་ཉེ་འཁྲིས་ས་གནས་སུ་བྱུང་བའི་བོད་དང་འབྲེལ་བའི་གནས་ཚུལ་ཁག་དུས་ཐོག་གཏོང་ཐུབ་དགོས།
གོང་གསལ་ས་མིག་ཐོག་ལས་ཀ་བྱེད་འདོད་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་དོ་དག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་པའི་རྒྱུ་མཚན་དང་དམིགས་ཡུལ་མདོར་བསྡུས་ཤིག་བཅས་ཕྱི་ལོ་༢༠༡༠ ཕྱི་ཟླ ༧ཚེས ༡༠ འགྱངས་མེད་གློག་འཕྲིན་ཁ་བྱང་ Email: chhonzomd@rfa.org བརྒྱུད་ནས་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།
Why RFA need such many Utsang speaking reporters ?
ཆ་རྐྱེན་དང་པོ་དེ་། དབུས་སྐད་ལ་བྱང་ཆ་ཡོད་པའི་ཐོག་མ་མཐར་ཡང་། བོད་ཆོ་ཁ་གསུམ་གྱིས་ཁ་སྐད་ཕར་བཤད་པ་ཆ་ཚང་གོ་ཐུབ་པ་། བོད་ཡིག་་་་་ཞེས་བཀོད་ན་མི་ལེགས་སམ།
“སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།” འདི་དོན་དག་ངོ་མ་དེ་ཅི་ཞིག་རེད་།
བོད་རང་བཙན་ཚོགས་ཆུང་གིས་ཚོགས་མི་ཡིན་ན་ཆ་རྐྱེན་མ་ཚང་བ་རེད་དམ་། གཞོན་ནུ་ཚོགས་པས་ཚོགས་མི་ཡིན་ན་ཆ་རྐྱེན་དེ་མ་ཚང་བ་རེད་དམ།
Hell Director of RFA.
Do you have Kham,Amdo speaking reporters in New York? If no. Why RFA need only Utsang speaking reporting there? You got many Utsang speaking repoting in the your group.
Kalsang.
གྲོང་ཁྱེར་རེ་རེ་ནས་མི་རེ་དང་ཁ་སྐད་རེ་རེ་སྣེ་མོར་མི་རེ་བྱས་ན། ང་ཚོའི་བོད་ཀྱི་གསར་ཁང་འདི་དག་གིས་འགྲོ་སོང་དེ་ལས་དོན་ལས་ཀྱང་ཆེ་ཆེ་བར་འགྲོ་གི་རེད་བསམ། གཞན་ཡང་ད་ལྟའི་ཆར་བོད་མི་དག་རྒྱལ་ཁབ་དང་གྲོང་མང་པོར་ཁྱབ་ཡོད་པས་། ས་གནས་ནས་བཏང་བའི་གནས་ཚུལ་མཁོ་བསྒྲུབས་བྱས་ཀྱང་ཆོག་གི་བསམ།
you are fine.
བོད་ནང་ཡོན་པའི་གཞིས་ལུས་བོད་མཌྷིཌྷཌྷིའི་ཁྲོད་དུ་ཨ་ཤེ་ཡའི་རང་དབང་རླུང་འཕྲིན་གི་་གསར་འགྱུར་གྱི་རིགས་ནི་དངོས་ཡོན་བོད་དོན་ཐོག་གོ་རྟོགས་དར་ཁྱབ་གཏོང་མཁན་གྱི་བརྒྱུད་ལམ་གལ་འགངས་ཆེས་ཆེ་པོ་ཞིག་ཡིན་སྟབས་གསར་ཌྷའགོད་པ་དགོས་རྒྱུ་ནི་གནད་ཌྷའགག་ཅན་ཞིང་རེད། ཡང་དགོས་བོད་ནང་གི་གསར་འགྱུར་རིགས་རག་ཐབས་གྱིས་ཕྱི་བསྒྲགས་བྱེད་ཐུབ་པ་དེ་ནི་སྒེར་སུ་ཐུགས་ལ་བཞག་གལ་ཆེ་སྙམ།