གླིང་གཟི་མིག
ཚེ་སྲོག་འདིའི་གྲུབ་ཆ་མཛེས་ཤོས
ལྟོ་དང་འདོད་སྲེད་ཀྱིས་བསྐྱལ
ད་ནི་ལང་ཚོ་ཡལ་བའི་ང
དུང་སོ་སུམ་ཅུར་རྒས་བའི་གས་ཁ་ཤོར་ཚེ
ཤུལ་དུ་ལྷག་པ་ནི
དུས་ཀྱིས་བཅིང་བས་ཤ་ལྤགས་བགྲེས་པོ་དེ་རེད
དུས་དེར
ལག་པ་འདར་འདར
ཅི་ཞིག་འབྲི་རྩིས་ཡང་ཡང་བྱས་མོད
གཞོན་པའི་སྐར་ཆ་རེ་རེ
འུར་ལ་བསྐུར་ཞིང་གཉིད་ལ་བརྗེས
ལྟོ་ལ་རྔམ་ཞིང་འདོད་ཆགས་ཀྱི་བཟི་བས
ད་ནི
འགྱོད་གདུང་དང་མིག་ཆུ་ལས་གཞན་ཞིག
ངས་འབྲི་རྒྱུ་མ་བྱུང
༢༠༡༨ ༡༡ ༦ ཉིན།
ངའི་སེམས་པ།
རང་སྣང་སྐྱིད་པོ་དགུང་ལ་མཉམ་པའི་བྱིས་དུས་ཞིག་ལ།།
ང་ཡི་ལང་ཚོ་དབྱར་ཁའི་མེ་ཏོག་མཉམ་དུ་སྨིན་སོང་།།
ལོ་ཟླའི་གྲངས་ཀ་རྡོ་བཙག་རྩེ་རའི་ཁྲོད་ནས་ལྷག་སོང་།།
འདས་པའི་བྱིས་ལོ་ཐུན་གཅིག་རྨི་ལམ་འདྲ་བ་སྐྱིད་སོང་།།
རིག་པ་སྦྱང་ལ་རན་པའི་སྣབས་བླུག་བྱིས་པ་ང་རང་།།
སྤང་ཁའི་མེ་ཏོག་འཐུ་བཞིན་སློབ་གྲྭའི་སྒོ་ནང་འཛུལ་ཚ ེ།།
ཀ་ཁ་ངོས་འཛིན་ལུས་སུ་བྲེལ་བའི་ན་མཉམ་བྱིས་པ།།
རེ་བའི་ལང་ཚོ་རིག་པའི་རྩལ་དང་མཉམ་དུ་སྨིན་སོང་།།
མ་ཁོག་ཆུ་མོས་འགྲོས་དང་འགྲོག་པའི་ལོ་ཟླའི་བར་ནས།།
གཞོན་ནུ་བྱ་རྒོད་འདྲ་ཞིག་གཤོག་པ་བྲག་ལ་མ་ཐོགས།།
རྒྱང་རིང་ས་མཐའི་ཡུལ་ལ་འཕུར་ནས་ལོ་འགའ་འགོར་སོང་།།
ཕུགས་བསམ་གསར་བ་ཞིག་གི་འོད་སྣང་འཚོལ་བཞིན་བསྡད།།