གཞུང་པ་ཚེ་དབང་བསོད་ནམས་ནས།
མང་གཙོ་ ( DEMOCRACY ) ཟེར་བའི་ནུབ་ཕྱོགས་ལུང་པའི་ནང་དར་བའི་ཆབ་སྲིད་ཀྱི་ལམ་ལུགས་ངོ་ཚར་ཅན་རྒྱལ་ཁབ་དང་སྲིད་་གཞུང་གི་འགན་དབང་ཡོངས་རྫོགས་ཡུལ་མིའི་ལག་ཏུ་ཡོད་པ་ནས་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་སྲིད་གཞུང་གི་འགོ་འཁྲིད་དེ་དག་ཡུལ་མི་རང་ལོ་བཅོ་བརྒྱད་ཡན་གྱི་འོས་བསྡུའི་ལམ་ནས་འོས་འདེམས་དགོས་པ་ལྟར་ཡུལ་མིའི་རྒྱལ་ཁབ་ ( REPUBLIC ) ཟེར་བའི་ཐ་སྙད་དེ་ནས་ཐོག་པ་དང་མང་གཙོའི་ལམ་ལུགས་ལ་ཆ་མཚོན་ན་སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་བཅས་ལམ་ལུགས་གཉིས་ཡོད་པ་ནས་ཨ་རི་ལྟབུ་སྲིད་འཛིན་ལམ་ལུགས་ (Presidential system )ཡིན་པ་ནས་ཨ་རིའི་སྲིད་འཛིན་དེ་མི་མང་ནས་ཐད་ཀར་འོས་འདེམས་དགོས་པ་དང་རྒྱ་གར་ལྟབུ་གྲོས་ཚོགས་ལམ་ལུགས་ ( Parliamentary system ) ཡིན་པ་ནས་སྲིད་འཛིན་དེ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ནས་འོས་འདེམས་དགོས་པ་བཅས་སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་གཉིས་ཡོད་པ་ནས་་སྲིད་དོན་ཚོགས་པ་ཁག་ནས་འགན་ཁུར་འོག་སྲིད་འཛིན་དང་སྲིད་བློན་གྲོས་ཚོགས་ཀྱི་འཐུས་མི་སོགས་རྒྱལ་ཁབ་སོ་སོའི་འོས་བསྡུའི་སྒྲིག་གཞིའི་ལམ་སྟོན་ལྟར་མི་མང་ནས་འོས་བསྡུའི་ལམ་ནས་འདེམས་བསྐོ་དགོས་པ་དང་མང་གཙོ་གཅིག་བསྒྲིལ་( Unitary དང་མང་གཙོ་མཉམ་འབྲེལ་ Federation )བཅས་ཨ་རི་ལྟབུ་མང་གཙོ་གཅིག་བསྒྲིལ་གྱི་རྒྱལ་ཁབ་དང་རྒྱ་གར་ལྟབུ་མང་གཙོ་མཉམ་འབྲེལ་གྱི་རྒྱལ་ཁབ་བཅས་མང་གཙོའི་ལམ་ལུགས་འདི་དག་བརྒྱུད་ནས་གཞུང་འཛིན་ཚོགས་པ་ (Ruling Party ) དང་ཁ་གཏད་ཚོགས་པ་ (Opposition Party )བཅས་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་གཉིས་ནས་རྒྱལ་ཁབ་དང་སྲིད་གཞུང་གི་ལས་དོན་ཡོངས་རྫོགས་ལ་འགན་ཁུར་དགོས་པ་དང་མང་གཙོའི་སྒྲིགས་འཛུགས་ནང་གལ་ཆེ་ཤོས་གཅིག་གསར་འགྱུར་བརྒྱུད་ལམ་ཡིན་པ་ནས་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ ( media ) དེ་དག་མེད་དུ་མི་རུང་བ་ཡིན་པ་དང་དེའི་ཐོག་མང་གཙོའི་སྲིད་གཞུང་གི་ལས་དོན་ལ་ཡོ་སེང་བྱེད་ཐུབ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་འམ་སྒྲིག་འཛུགས་དཔེ་མཚོན་ཙམ་ཞུས་ན་སློབ་ཕྲུག་གི་ཚོགས་པ་ ( Students union ) དང་དགེ་རྒན་གྱི་ཚོགས་པ་ ( Teachers association) དང་ངལ་རྩོལ་རུ་ཁག་གི་ཚོགས་པ་ ( Labour’s union ) སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་སྲིད་གཞུང་གི་ལས་དོན་ལ་ཡོ་སེང་ཐུབ་པའི་བྱ་ར་ ( Watch dog ) གནང་དགོས་པ་དང་བྱ་ར་ ( watch dog ) མ་ཐུབ་ཚེ་དེ་འདྲའི་མང་གཙོ་དེ་གཉིད་ཤོར་མང་གཙོ་ ( Sleeping Democracy ) ལ་ངོས་འཛིན་བྱེད་ཆོག་པ་ནི་གཞུང་འཛིན་མི་སྣས་ལམ་སྟོན་འོག་གཞུང་མང་གཉིས་མིག་རྩུམ་ནས་འཚོ་དགོས་པ་དང་ང་ཚོ་ནི་མི་ཡུལ་དུ་བཙན་བྱོལ་གྱི་སྒྲིག་འཛུགས་འོག་ཏུ་མང་གཙོ་ལག་ལྟར་བྱེད་བཞིན་པའི་སྒྲིག་འཛུགས་ཞིག་ལ་སོང་རང་བཙན་ཡོད་པའི་ལུང་པའི་བྱེད་སྟངས་དང་ལས་སྟངས་དེ་ང་ཚོར་འཁོར་ཡུག་གི་ཆ་ནས་ནམ་ཡང་ཐོབ་རྒྱུ་མེད་ན་ཡང་ང་ཚོའི་མང་གཙིའི་ལམ་ལུགས་འདི་ཆོལ་ཁ་དང་ཆོས་ལུགས་ལ་འགན་བཀུར་བའི་མི་མང་ནས་འོས་བསྡུའི་ལམ་ནས་སྲིད་སྐྱོང་དང་སྤྱི་འཐུས་བསྐོ་དགོས་པ་ནས་ང་ཚོའི་མང་གཙོ་འདི་ཡུལ་མིའི་རྒྱལ་ཁབ་ ( REPUBLIC ) ཟེར་བའི་ཐ་སྙད་འདི་ལ་ང་ཚོའི་འགན་ཁུར་དགོས་པ་ནི་མང་གཙོའི་རིག་པའི་གཞུང་ལུགས་སམ་མང་གཙོའི་ལྟ་སྒྲུབ་ནང་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་སྲིད་གཞུང་གི་འགོ་འཁྲིད་དེ་དག་མི་མང་ནས་འདམས་པའི་མི་ཞིག་དགོས་པ་ལྟར་ ( Head of Nation and Head of state is elected by people is called ( REPUBLIC ) ཡུལ་མིའི་རྒྱལ་ཁབ་ཟེར་བའི་གོ་དོན་འདི་ལྟར་ཡིན་པ་དང་ང་ཚོའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཐ་སྙད་བཀོད་ཡོད་པ་ནས་ཕྱི་ལོ་ ༢༠༡༡ ལོར་གོང་ས་མཆོག་ནས་སྲིད་དབང་མི་ལ་རྩིས་སྤྲོད་གནང་རྒྱུའི་གསུང་འཕྲིན་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་ཕེབས་པའི་ནང་འདི་ལྟར་ང་ཚོའི་བཅའ་ཁྲིམས་ནང་༼ ཡུལ་མིའི་རྒྱལ་ཁབ་ ༽་ཟེར་བའི་ཚིག་འཁོད་ཡོད་པ་བལྟར་དེ་དང་ཕྱོགས་མཐུན་དགོས་ཕེབས་གསལ་བ་ནས་ ༽ ་སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་ནས་གོང་ས་མཆོག་གི་སྐུ་དབང་མི་མང་ལ་གནང་ཚར་བའི་རྗེས་བཅའ་ཁྲིམས་ལ་སྤྱི་མོས་ཐོག་བསྐྱར་བཅོས་གནང་ནས་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་ ༼ ཡུལ་མིའི་རྒྱལ་ཁབ་ ༽ ( Republic ) དེ་དག་ནག་སྲུབ་བཏང་ནས་གོ་རྟོགས་མ་ཐུབ་པའི་ཐ་སྙད་གསར་པ་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་པ་ནས་༼ ཡུལ་མིའི་སྲིད་སྐྱོང ༽ཟེར་བའི་ཐ་སྙད་འདི་མང་གཙོ་གང་གི་ལམ་ལུགས་སམ་ལྟ་སྒྲུབ་དང་མཐུན་པ་ཞིག་ཡིན་དེ་ཡང་ཤེས་ཐུབ་མ་སོང་ན་འདིར་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་མཐུན་པའི་ཁྲིམས་མཐུན་གྱི་འབྲེལ་བཤད་གནང་ཐུབ་མཁན་ཡོད་ན་དགའ་བསུ་ཡོད་ལ་ང་ཚོ་བོད་ཀྱི་མང་གཙོའི་ལམ་ལུགས་དེ་འཛམ་གླིང་གི་མང་གཙོ་སྤྱིའི་ལྟ་སྒྲུབ་དང་མ་མཐུན་པའི་མང་གཙོའི་ལམ་ལུགས་ཞིག་ཟུར་དུ་གསར་གཏོད་གནང་གི་ཡོད་ན་དེ་ནི་འདས་པའི་མི་ལོ་སྟོང་ཕྲག་མང་པོའི་རིང་ང་ཚོ་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་ནས་གངས་རིའི་འཕྲོད་དུ་ཡུན་རིང་གཅིག་པོར་ལྷག་པའི་ང་ཚོར་འཕྲད་པའི་ཕམ་ཉེས་ལ་ང་ཚོའི་འགན་ཁུར་ནས་བསླབ་བྱ་ལེན་དགོས་པ་དེ་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་བསམ་ན་ནམ་ཡང་རྗེས་ལུས་ཐེབ་མི་ཉན་པ་དང་ང་ཚོ་མི་ཡུལ་དུ་འབྱོར་མ་ཐག་གོང་ས་མཆོག་གི་དུས་གསུམ་གསལ་གཟིགས་འོག་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་ཐོག་བཙན་བྱོལ་སྒྲིག་འཛུགས་ནང་ཆོལ་ཁ་དང་ཆོས་ལུགས་ལས་སྒྲུབ་པའི་མང་གཙོའི་སྒྲིག་འཛུགས་གསར་འཛུགས་གནང་ནས་མི་མང་ནས་འོས་འདེམས་གནང་བའི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་་ (. Legislature ) དང་འཛིན་སྐྱོང་བཀའ་ཤག་ ( Executive ) དང་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ ( Judiciary ) བཅས་མང་གཙོའི་གཞུང་སྐྱོང་མཁན་གྱི་སྒྲིག་འཛུགས་འདི་གསུམ་ལ་མང་གཙོའི་ཀ་བ་གསུམ་ ( three Pillar of Democracy ) ཟེར་བ་དང་མང་གཙོའི་ཀ་བ་བཞི་པ་དེ་གསར་འགྱུར་སྡེ་ཚན་ ( Media ) དེ་ཡིན་པ་དང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་གསར་ཤོག་དང་གསར་འགྱུར་སྡེ་ཚན་ཉུང་བ་ནས་མི་མང་གི་བསམ་བློའི་གནས་ཚད་དང་རྒྱལ་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་ལམ་ཁ་མེད་པ་ནས་བཙན་བྱོལ་མི་མང་གི་ཤེས་ཚད་ད་ལྟ་ཡང་དམའ་བོ་ཡིན་པའི་ཚོར་སྣང་ཡོང་གི་འདུག་ན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མི་མང་གི་བསམ་ཚུལ་ཕྱི་ལ་སྟོན་སའི་རང་དབང་ཅན་གྱི་གསར་ཤོག་གི་རྒྱུད་ལམ་མང་དུ་འགྲོ་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ་དེ་སྔོན་ལོ་རབས་བརྒྱད་བཅུའི་ནང་ཟླ་གསར་དུས་དེབ་དང་མ་ཁྱོགས་དྲང་ཐིག་དང་དམངས་གཙོའི་གསར་ཤོག་སོགས་བཙན་བྱོལ་སྤྱི་ཚོགས་ནང་སྐྱེས་མ་ཐག་ཏུ་ཚར་ལོངས་མ་ཐུབ་ནས་ཞི་བར་བཤེགས་པ་དང་དམངས་གཙོའི་གསར་ཤོག་གི་ཡང་སྲིད་དུ་བོད་ཀྱི་དུས་བབ་སྐུ་འཁྲུངས་ནས་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་ཀྱི་གཞུང་འབྲེལ་མ་ཡིན་པའི་རང་དབང་ཅན་གྱི་གསར་ཤོག་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་དང་ཕ་ཡུལ་དྲ་རྒྱ་དང་ཁ་བརྡ་དྲ་རྒྱ་སོགས་ཡོད་ན་ཡང་་བཙན་བྱོལ་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་ཤོག་དང་དྲ་རྒྱ་ཉུང་སྐྱོན་ལས་མང་སྐྱོན་མེད་ན་མང་གཙོའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་ཤོག་དང་དྲ་ལམ་ག་ཚོད་མང་ན་དེ་ཚོད་ཀྱི་མི་མང་གི་བསམ་བློའི་གནས་ཚད་དང་གོ་རྟོགས་ཀྱི་ནུས་པ་སྤེལ་རྒྱུའི་རྒྱུད་ལམ་ཡག་ཤོས་དེ་རང་དབང་ཅན་གྱི་གསར་འགྱུར་སྡེ་ཚན་་ ( MEDIA )ལ་རག་ལས་པ་ནས་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་རང་དབང་ཅན་གྱི་གསར་འགྱུར་རྒྱུད་ལམ་གང་མང་སྐྱེས་སྲིངས་ཐུབ་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་འོག་འགན་ཁུར་ནས་རང་མིང་གསལ་སྟོན་གྱིས་དགེ་སྐྱོན་གླེང་ཐུབ་པའི་གདེང་སྤོབས་དགོས་པ་དེ་མང་གཙོའི་ཐོབ་ཐང་དང་ལས་འགན་ཁྲིམས་མཐུན་ལ་ངོས་འཛིན་བྱེད་ཆོག་པ་བཅས་མང་གཙོའི་ལམ་ལུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བའི་གང་ཟག་གམ་ཚོགས་སྐྱིད་སོགས་སུ་གཅིག་མེད་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཟེར་བ་ནས་ཤེས་ཐུབ་པ་བཅས་མང་གཙོའི་སྒྲིག་འཛུགས་ནང་མི་མང་གི་མངོན་འདོད་དང་བསམ་འཆར་གཞི་ལ་བཞག་ནས་ཁྲིམས་བཟོ་གྲོས་ཚོགས་ནས་ཁྲིམས་ལུགས་དང་སྲིད་ཇུས་སོགས་གཏན་འབེབས་རྒྱུད་ནས་འཛིན་སྐྱོང་སྡེ་ཚན་ནས་འགན་ཁུར་དགོས་པ་དང་མི་མང་ནས་ག་དུས་ཡིན་ཀྱང་གཞུང་གི་ལས་དོན་ཐོག་བྱ་ར་ ( watch dog ) བྱས་ནས་གཞུང་སྲུང་མ་ཐུབ་ཚེ་མང་གཙོ་གཉིད་ཤོར་ (sleeping democracy ) ལ་ཁ་ཕྱོགས་ནས་གཞུང་འཛིན་མི་སྣས་རང་སྣང་གང་དྲན་དང་ཁྲིམས་འགལ་སྒྲིག་འགལ་རྒྱུད་ནས་སྤྱི་ཚོགས་ལ་འགན་ཁུར་སྲིད་པ་བཅས་མང་གཙོའི་ལམ་ལུགས་དང་འགན་དབང་ལ་དཔྱད་པའི་གཏམ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དང་མང་གཙོའི་འགན་དབང་སྐོར་ལ་གོ་རྟོགས་ཆེ་ཙམ་ཐུབ་པའི་མཚམས་སྦྱོར་དུ་བདེན་པ་ཉིད་རྒྱལ་རྒྱུར་གཅིག།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༢ པའི་ཚེས་ ༢༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་མེ་འཁོར་བབས་ཚུགས་སུ་ཟིན་བྲིས་སུ་བཏབ།
༄༅། རྗར་རྗོར་མང་པོ་བྲིས་འདུག་པ་གང་ཡིན་གང་མིན་མི་ཤེས།
དངོས་བདེན་དྲང་ཅན་གང་ཡིན་བརྗོད་རྒྱུ་སྔ་དྲག་འདུག་
བརྗོད་དོན་ཚང་མ་་་་ཡིན་གྱི་རེད། བསམ་གྱི་འདུག་ ཡིན་ན་ས་རེད།
མིན་ནམ་སྙམ་པ་སོགས་མ་གཏོགས་གཞན་ཁུངས་འཕེར་གང་ཡང་མི་འདུག་གོ།
ལྷག་བསམ་བཟང་པོའི་བསྐུལ་བའི་དཔྱད་གཏམ་ལ།
ལེགས་ཉེས་མཆན་འདེབས་རང་རང་གོ་བས་སྦྱིན།
ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ།
བུ་རིག་རྩལ་སུ་ཆེའི་བདག་ཏུ་འཛིན།
༄༅། སྔོན་སྨོན་ལམ་བཟང་པོའི་མི་ལུས་ཐོབ། བོད་ཆོས་ལྡན་ཞིང་སྐྱེས་སྐལ་པ་བཟང།
དུས་དེང་སང་རང་ཡུལ་སྙིང་ནས་དྲན། ཁ་བ་གངས་རིའི་ལྗོངས་ལ་གླུ་ཞིག་ལེན།
རྒྱ་དམར་པོས་བོད་དེ་བཙན་གྱིས་འཕྲོག། འབངས་མི་སེར་རྣམས་ནི་གཞན་ཡུལ་འགྱར།
ལྷ་ཆོས་སྐྱོང་སྲུང་མ་གང་ན་བཞུགས། མཐུ་ནུས་པས་སྐྱོབ་ཐབས་མི་འདུག་གམ།
འབྲེལ་མེད་མཆན་འདེབས་སྤྱི་ཚོགས་དཀྲུགས་པའི་གཞི།
མིང་རྫུན་འགན་ཁུར་དྲ་ནང་འཛུལ་བ་་ནོར།
ཕོ་རྒོད་ཡིན་ན་རང་མིང་གསལ་སྟོན་འོག།
དྲང་གཏམ་བཤོད་པའི་གདེངས་སྤོབས་ཚང་ལ་འཇུག །
འབྲེལ་མེད་མཆན་འདེབས་སྤྱི་ཚོགས་དཀྲུགས་པའི་གཞི།
མིང་རྫུན་འགན་ཁུར་དྲ་ནང་འཛུལ་བ་་ནོར།
ཕོ་རྒོད་ཡིན་ན་རང་མིང་གསལ་སྟོན་འོག།
དྲང་གཏམ་བཤོད་པའི་གདེངས་སྤོབས་ནུས་པ་དགོས།
ནུས་མེད་དྲ་བུ་ཁ་བརྡ་འཛུལ་བ་ནོར།
ནུས་མེད་དྲ་བུ་མིང་རྫུན་འོག་ཏུ་འཚོ།
ནུས་མེད་དྲ་བུ་དཀྲུགས་ཤིང་འོག་ཏུ་འཚོ།
ནུས་མེད་དྲ་འབྲུ་འཐོ་་འཇརདམའ་སྡང་འོོག།
ནུས་མེད་དྲ་འབུ་ཁ་བརྡར་ཚང་བ་ནོར།
ནུས་མེད་དྲ་འབུ་མིང་རྫུན་འོག་ཏུ་འཚོ།
ནུས་མེད་དྲ་འབུ་དཀྲུགས་ཤིང་འོག་འཚོ།
ནུས་མེད་དྲ་འབུ་མཐོ་འབྱར་དམའ་ལ་དཱངས།