འཇིགས་མེད་བློ་གྲོས།
རྩོད་གཞི་འདི་ནི་སྲིད་སྐྱོང་སེང་གེ་ཡིས་ཚོགས་ཟུར་སྤེན་པ་ཚེ་རིང་དོན་གཅོད་ནས་གནས་དབྱུང་བཏང་ཞིང་། དེ་དང་མཉམ་དུ་དོན་ཚན་བཅུ་ཅན་གྱིས་སྐྱོན་འཛུགས་རིམ་པར་བྱས་ཏེ། ཞུ་སྦྱོར་བ་སྤེན་པ་ཚེ་རིང་གི་མཚན་སྙན་གྲགས་ལ་གནོད་པ་བྱས་ཡོད། མི་ཞིག་གི་མཚན་སྙན་གྲགས་ལ་གནོད་པའི་ལས་ཀ་བྱས་ན་དེ་ལ་ཁྲིམས་ཀྱི་མདུན་ཏུ་མ་ཉེས་ཁ་གཡོག་གི་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པས། གྱོད་བདག་སྤེན་པ་ཚེ་རིང་གིས་མ་ཉེས་ཁ་གཡོག་གི་ཁྲིམས་ལུགས་ཀྱི་རྒྱབ་ལ་གཞི་བཅོལ་ཏེ། རང་ཉིད་ཀྱི་མཚན་སྙད་གྲགས་གཙང་བཟོ་བྱེད་གིན་ཡོད་པ་རེད། འདི་ནི་གྱོད་རྩ་ངོ་མ་དེ་རེད།
ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་མ་ཉེས་ཁ་གཡོག་གི་ཁྲིམས་ཀྱི་ཞུ་རྩའི་ནང་། སྲིད་སྐྱོང་དང་བཀའ་ཤག་ལ་དོན་གཅོད་གནས་དབྱུང་གཏོང་ཆོག་བའི་དབང་ཆ་ཡོད་པ་མ་རེད་ཞེས་རྩ་བ་ནས་བརྗོད་གིན་མེད་པར། ཁོང་གིས་སྲིད་སྐྱོང་དང་བཀའ་ཤག་གིས་བྱ་སྤུ་མནོན་དང་། མི་སྣ་མཇལ་འཕྲད། བུད་མེད་ལ་ངན་བསླབ། ས་ཡ་གཅིག་དང་ཕྱེད་ཀ ལས་བྱེད་གནས་སྤོ། དངུལ་ཁང་བདག་གཉེར། ཨ་རིའི་རོགས་དངུལ། དོལ་རྒྱལ་དང་ཨ་རི་གཞུང་གི་གསར་འགྱུར་མཁོ་གཏོང་མ་ཐུབ་པ། བཀའ་ཤག་ལ་བློ་འཚུབ་སྐྱེས་གིན་ཡོད་པ། ཡིད་ཆེས་བློ་འགེལ་མི་ཐུབ་པ་སོགས་ཁུང་མེད་ཀྱི་སྐྱོན་འཛུགས་རྣམས་རྒྱུད་ལམ་འདྲ་མིན་ཐོག་སྤེལ་ཏེ། ཁོང་གི་མཚན་སྙན་གྲགས་ལ་གནོད་པའི་ལས་ཀ་བྱེན་གིན་ཡོད་པ་དེར་ཁྲིམས་ཀྱི་མདུན་སར་བརྡར་ཤ་བཅད་དེ་གཙང་བཟོ་བྱེད་བཞིན་ཡོད་པ་འདི་ནི་ད་རབ་ཀྱི་རྩོད་གཞི་ཡི་སྙིང་པོ་རེད།
ཐེངས་འདིའི་མཚན་སྙན་གྲགས་ལ་གནོད་པའི་ལས་ཀ་ག་རེ་སྤེལ་བ་རེད་ཟེར་ན། གསར་འགྱུར་རྒྱུད་ལམ་ཁག་དང་། བརྙན་འཕྲིན་སོགས་སུ་སྲིད་སྐྱོང་དང་བཀའ་ཤག་གིས་གཏམ་བཤད་དང་ཡིག་ཆ་རིམ་པར་བཀྲམས་ཏེ། གྱོད་བདག་སྤེན་པ་ཚེ་རིང་ནས་ལས་ཀ་མི་འཇོན་ཚུལ་དང་། སྐྱོན་ཆ་དང་དོག་པ་ཡོད་ལུགས། ཡིད་ཆེས་མེད་ལུགས་ཞེས་བརྗོད་དེ། སྐབས་ཤིག་ལ་བཙན་བྱོལ་སྤྱི་ཚོགས་ནང་མི་མཛད་རྗེས་ཅན་དང་དབུ་ཁྲིད་གནང་མྱོང་མཁན། བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་གནང་མྱོང་མཁན། ཨ་རིའི་དོན་གཅོད་བྱས་མྱོང་མཁན། ལོ་ངོ་ཉི་ཤུའི་རིང་ལ་བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་རིམ་པར་སྒྲུབ་མྱོང་མཁན་གྱི་མི་ཞིག། ཨ་རིའི་དོན་གཅོད་ནང་སླེབས་རྗེས་མི་གོ་མི་ཆོད་པ། ཡིན་ཆེས་བློས་འགེལ་བྱེད་མི་ཐུབ་པའི་མི་ཞིག་ཏུ་སྒྱུར་བ་རེད། དངོས་ནས་བཤད་ན། ཞུ་སྦྱོར་པ་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་ལ་འབྱོར་བ་ནས་ཟླ་ངོ་ཁ་ཤས་ལ་འགྲོ་གིན་མེད་པས། གོ་ཆོད་མིན་དང་ཡིད་ཆེས་བྱེད་ཐུབ་མིན་གྱི་ཚད་འཇལ་པའི་གོ་སྐབས་དང་དུས་ཚོད་ཞིག་བྱུང་རན་མེད། གང་ལྟར་ཟླ་ངོ་ཁ་ཤས་རྗེས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་སྐྱོན་འདོགས་འདྲ་མིན་བྱས་ཏེ་མུན་ཁུང་ནང་དུ་གཡུགས་ཤིང་། ད་ལྟ་ཁོང་ཉིད་བོད་པའི་སྤྱི་ཚོགས་ནང་ཡིིད་ཆེས་བྱེད་མི་ཆོག་པ་དང་། ཞེ་སྣང་སྐྱེས་དགོས་པའི་མི་ཞིག་ཏུ་བཟོས་ཡོད་པ་རེད། འདི་ལྟ་བུའི་ཡིད་ཆེས་བྱེད་མི་ཆོག་པ་དང་། ཞེ་སྣང་བསྐྱེད་དགོས་བའི་ལས་འབྲས་ནི་རྩོད་ལན་པ་སྲིད་སྐྱོང་དང་བཀའ་ཤག་གི་བྱས་ཉེས་ལས་བྱུང་བ་ཤ་སྟག་ཡིན། སྲིད་སྐྱོང་དང་བཀའ་ཤག་གི་བྱས་ཉེས་ནི་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལས་སྣེ་ནས་གནས་དབྱུང་བཏང་བ་གཅིག་པུ་མ་ཡིན་པར། རོ་ཐོག་ལ་བྲོ་འཁྲབ་ཟེར་བ་ནང་བཞིན་གནས་དབྱུང་བཏང་འཕྲོར་སྐྱོན་འཛུགས་འདྲ་མིན་བྱས་ཏེ། ཁོང་གི་མཚན་སྙན་ལ་གནོད་པའི་ཐུབ་ཚོད་དང་བརྙས་བཅོས་བྱས་ཡོད། དེ་ལ་ཆོས་དོན་བཀའ་བློན་ཀརྨ་དགེ་ལེགས་ཀྱིས་ཨ་རིའི་དོན་གཅོད་ཀྱི་ལས་དོན་འཐུས་ཤོར་གཏོང་གིན་ཡོད་པ་དང་ཐུགས་བློ་མ་ཁེངས་པའི་གནས་སྟངས། ད་བཤད་ཡ་ཡག་ཀ་ཞིག་ཡོད་པ་མ་རེད་ད། ཞེས་སྐབས་དེའི་ཨ་རིའི་དོན་གཅོད་ཀྱི་བྱས་ཉེས་ཇི་འདྲའི་ཞེ་སྣང་ཚ་བོ་ཞིག་ཡིན་ལུགས་ཀྱི་རྣམ་པ་བསྟན་ཡོད།
དེ་བཞིན་ཏུ་སྲིད་སྐྱོང་གིས་ན་ནིང་གི་སུམ་ཅུའི་དུས་དྲན་ཐོག ད་ཁྲིམས་ཁང་ལ་ཤོག་དང་ཐག་གཅོད་བྱེད་ཞེས། འུར་གཏམ་སྤེལ་ཡོད། ད་དུང་ན་ནིང་གི་སྤྱི་འཐུས་གྲོས་ཚོགས་སུ་རྩོད་ལན་པས་ཞུ་སྦྱོར་པ་སྤེན་པ་ཚེ་རིང་དང་ཁོང་གི་ནང་མི་ད་དུང་ཨ་རི་ན་བསྡད་ཡོད་ཚེ། དེ་ནི་ཁྲིམས་འགལ་ཡིན་པས། གལ་སྲིད་ཞུ་སྦྱོར་བ་ཨ་རིའི་དོན་གཅོད་ཀྱི་ལས་ཀ་མཚམས་བཞག་ཉིན་ནས་རྒྱ་གར་དུ་ཚུར་མ་ལོག་ན་ཨ་རི་གཞུང་ལ་ཁ་པར་བཏང་སྟེ། སྤེན་པ་ཚེ་རིང་གིས་ཁྲིམས་འགལ་བྱེད་གིན་ཡོད་ལུགས་བཤད་ཆོག་ཅེས་འཇིགས་སྐུལ་བཏང་ཡོད།
འདི་འདྲའི་འཇིགས་སྐུལདང་ཐུབ་ཚོད་། དམའ་འབབ་བཅས་བྱེད་སྐབས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ཁ་རོག་གེར་བསྡད་ན་སྲིད་སྐྱོང་དང་བཀའ་ཤག་ལ་བརྩི་བཀུར་རེད་དམ། ཡང་ན་རང་ཉིད་ཀྱིས་སྐྱོན་ཆ་དེ་རིགས་ངོས་ལེན་བྱས་པ་རེད།
ལས་དོན་དག་འདི་གཙང་བཟོ་ཡོང་བའི་ཆེད། ༢༠༡༧ ཟླ ༡༡ ཚེས་ ༢༧ ཉིན་རྡ་རམ་ས་ལར་མི་མང་གིས་ལས་འགུལ་སྤེལ་ཏེ། སྤྱི་འཐུས་གྲོས་ཚོགས་ལ་གནད་དོན་འདིའི་ཐད་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་ཐག་གཅོད་བྱེད་དགོས་བའི་རེ་བ་བཏོན་ཀྱང་། གྲོས་ཚོགས་ནས་ངོས་ལེན་བྱས་མེད།
ན་ནིང་སྤྱི་ཟླ ༡༢ ནང་གྱོད་བདག་སྤེན་པ་ཚེ་རིང་གིས་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་སྤེལ་ཏེ་རང་ཉིད་ཀྱི་ཅི་བྱས་དང་། སྲིད་སྐྱོང་དང་བཀའ་ཤག་གི་སྐྱོན་འཛུགས་ལ་གསལ་བཤད་རིམ་པར་ཡོད།
ད་ནི་སྤྱི་འཐུས་ལྷན་ཁང་གི་ཁ་ཡ་མ་བྱས་པ་དང། རྩོད་ལན་པ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་རྡ་རམ་ས་ལ་ན་ངུར་འབོད་བྱེད་གིན་ཡོད་པ། རང་དང་རང་གི་ནང་མི་རྣམས་འཇིགས་སྐུལ་འདི་ལས་མཐར་རྒྱུ། ཁུངས་མེད་ལུང་མེད་ཀྱི་སྐྱོན་འཛུགས་མི་དམངས་ཀྱི་མདུན་ནས་དཀར་འདོན་བྱེད་པའི་ལམ་ཁ་ཡག་ཤོས་ཏེ། ཁྲིམས་ཁང་ལ་སྐྱབས་བཅོལ་རྒྱུ་ལས་གཞན་མེད་པ་ཐག་བཅད་དེ། ད་ལོའི་སྤྱི་ཟླ ༥ བའི་ནང་ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་ཞུ་རྩ་ཕུལ་ཏེ་མ་མཉེས་ཁ་གཡོག་གི་ཁ་མཆུ་དངོས་སུ་འགོ་བཙུགས་པ་རེད།
ཞུ་སྦྱོར་པ་སྤེན་པ་ཚེ་རིང་གི་གསལ་བཤད་དང་ཞུ་རྩའི་ནང་། སྲིད་སྐྱོང་དང་བཀའ་ཤག་ལ་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་ཆོག་བའི་དབང་ཆ་ཡོད་པ་གཞིར་བཞག་དང་དེ་ལ་རྩོད་པ་མེད་ཀྱང་། དོན་ཚན་བཅུ་ཅན་གྱི་སྐྱོན་འཛུགས་སོགས་བགྲང་ཡོང་གིན་ཡོད་པ་འདིར་ཁྲིམས་ཐོག་ནས་རེ་རེ་བཞིན་བརྡར་ཤ་གཅོད་དགོས་པའི་རེ་བ་བཏོན་ཡོད་པ་དང་། དོན་ཚན་བཅུ་ཅན་གྱི་སྐྱོན་འཛུགས་སོགས་ནི་ད་རབ་ཀྱི་ཁྲིམས་ཀྱི་རྩོད་གཞི་ཡི་སྙིང་བོ་དེ་རེད།
རེད་དེ། རྩོད་ལེན་པ་སྲིད་སྐྱོང་དང་བཀའ་ཤག་ནས་དོན་ཚན་བཅུ་བོ་ལ་སོགས་རེ་རེར་ཁུངས་བསྐྱེད་ར་སྤྲོད་བྱེད་རྒྱུའི་ཚབ་དུ། ཁོང་ཚོ་ལ་དོན་གཅོད་འཕོ་འགྱུར་གཏོང་བའི་དབང་ཆ་དང་། ༧གོང་ས་མཆོག་གི་བཀའ་དབང་ཡོད་ལུགས་སོགས་ཀྱི་གནས་ལུགས་ཡང་དང་བསྐྱར་དུ་མནན་བཤད་གནང་གིན་ཡོད་ཀྱང་། དེའི་ལན་དུ་ད་རབ་ཁྲིམས་ཞིབ་ཁང་གིས་ཁ་མཆུ་དང་འབྲེལ་མེད། ཁ་མཆུ་ངོས་བཞེས་བརྩི་མེད། སྐུ་དབང་ཐོག་བསྒྲེ་མི་ཆོག་པ་བཅས་ཀྱི་ཞུ་ལན་སྣོན་འཕྲིའི་ལན་གསལ་གནང་ཡོད། ཞུ་ལན་སྣོན་འཕྲིའི་གསལ་བཤད་ཡི་གེ་འདི་ཁྲིམས་ཁང་ཞིག་ནས་ཡོང་སྐབས་འདི་ནི་རང་བཞིན་གྱི་ཞུ་ལན་སྣོན་འཕྲིའི་གསལ་བཤད་ཡི་གེ་ཞིག་མིན་པར་འདི་ནི་ཁྲིམས་གཅོད་རང་བཞིན་གྱི་ཞུ་ལན་སྣོན་འཕྲིའི་གསལ་བཤད་ཞིག་ཡིན། ཁྲིམས་གཅོད་རང་བཞིན་གྱི་ཡི་གེ་འདི་རྩོད་ལན་མཁན་སྲིད་སྐྱོང་བློ་བཟང་སེང་གེ་གཅིག་པུ་ལ་གནང་བ་ལས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་གནང་བ་ཞིག་མ་ཡིན། དེ་ལྟར་ཡིན་དུས་ཞུ་ལན་སྣོན་འཕྲིའི་ཡི་གེ་འདི་ལས་རྩོད་ལན་མཁན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ། ཁྲིམས་དང་ལུང་གི་བདེན་དཔང་གཞན་སྟོན་རྒྱུ་མེད་ཚེ་ད་རབ་ཀྱི་རྩོན་ལན་འདི་ཕྱིར་བསྡུ་གནང་རོགས་ཞེས་བཀའ་ཕབ་པ་དང། དེ་དང་མཉམ་ཏུ། གལ་སྲིད་ཁྲིམས་དང་ལུང་གི་ཁུངས་བསྐྱེད་ར་སྤྲོད་རེ་བྱེད་རྒྱུ་ཡོད་ཚེ་སྤྱི་ཟླ་དང་བའི་ཚེས ༡༥ སྔོན་ལ་ཁྱེར་ཤོག་ཅེས་གོ་སྐབས་ཐེངས་གཉིས་བ་ཞིག་གནང་ཡོད་པ་དང་། གོ་སྐབས་ཐེངས་གཉིས་བའི་ནང་གལ་སྲིད་རྩོད་ལན་པ་སྲིད་སྐྱོང་སེང་གེ་ཡིས་ཁྲིམས་ཁང་ལ་འདོད་པ་འཁེངས་བའི་བདེན་དཔར་ར་སྤྲོད་ཞིག་བྱེད་མ་ཐུབ་ཚེ། ཞུ་སྦྱོར་བ་སྤེན་པ་ཚེ་རིང་གི་མ་མཉེས་ཁ་གཡོག་གི་ཁ་མཆུ་ལ་རྒྱལ་ཁ་ཐོབ་པ་རེད།
གསལ་བོར་བཤད་ན། རྩོད་ལན་པ་སྲིད་སྐྱོང་སེང་གེ་ཡིས་བཅའ་ཁྲིམས་དོན་ཚན་དང་པོ ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་འུ་ཚུགས་ཀྱིས་ཐེངས་འདིའི་ཁ་མཆུའི་ཁྲོད་ཡང་ཡང་འཁྱེར་ཡོང་ཏེ། རང་ཉིད་སྐྱོབ་པའི་ཐབས་ཤེས་ཤིག་འཚོལ་བཞིན་ཡོད་པ་འདིར། ཁྲིམས་ཀྱི་མདུན་སར་གོ་མི་ཆོད་པ་ཐག་ཆོད་ཅིང་། སྲིད་སྐྱོང་སེང་གེར་ད་རབ་སྤེན་པ་ཚེ་རིང་ལ་རྒོལ་བའི་རྩལ་ཧ་ལམ་རྫོགས་ནས ༧གོང་ས་མཆོག་གི་སྐུ་དབང་ལ་ལག་པ་འཇུས་ཏེ་རང་ཉིད་སྐྱོབ་ཐབས་བྱེད་གིན་ཡོད་པ་འདི་ནི། སྡིག་ཅན་ཡིན་ན་སངས་རྒྱས་ཀྱི་སློང་བཟེད་འོག་ནའང་མཐར་ས་མེད་པ་གསལ་བོར་བསྟན་ཡོད། དེ་ལ་ང་ཚོ་བོད་པས། སྡུག་ཅན་བླ་མས་མི་འདྲོངས།། ནག་ཅན་ནམ་མཁས་མི་ཁེབས།། ཞེས་རང་གི་བྱས་ཉེས་ལ་སུས་ཀྱང་སྐྱོབ་མི་ཐུབ་བསྟན་ཡོད།
སྤྱིར་ཡིན་ན། སྨྲ་བརྗོད་རང་དབང་གི་མཚན་ཉིད་ནི་མི་ཞིག་གིས་གཏམ་བཤད་དང་རྩོམ་ཡིག་ཇི་ལྟར་སྤེལ་ཀྱང་དེ་ལ་བཀག་འགོད་མེད་ནའང། རང་ཉིད་ཀྱིས་ཅི་བྱས་དང་ཇི་བསྒྲགས་ཀྱི་མཇུག་འབྲས་ནི་རང་ཉིད་ཀྱིས་འགན་འཁུར་ལེན་དགོས་པ་ཞིག་ལ་བརྗོད་ཅིང་། གལ་སྲིད་རང་ཉིད་ཀྱིས་ཇི་བསྒྲགས་ཀྱིས་གཞན་ལ་གནོད་པར་བྱས་ན། དེ་ལ་རང་ཉིད་ཀྱིས་ཁྲིམས་ཀྱི་འགན་འཁུར་དགོས་བ་ལས་གཞན་ལ་ཁག་དཀྲིས་ས་ཅི་ཡང་མེད། དེ་བཞིན་ཏུ་ད་རབ་ཀྱི་ཁ་མཆུ་འདིའི་ཁྲིམས་ཀྱི་འགན་འཁུར་ཡོངས་རྫོགས། རྩོད་ལན་པ་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་ཤག་གཅིག་པུས་ཁྲིམས་ཀྱི་འགན་འཁུར་རྒྱུ་ལས། གཞན་སུ་ལའང་ལག་པ་ཕྱིས་ས་མེད་པ་ཐག་ཆོད་རེད། དེ་ལ་མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་བདེན་པ་གཞན་ལ་སྤོ་མིན་པའི།། ཆོས་ཉིད་བདེན་པ་ཐོབ་པས་གྲོལ་བར་འགྱུར།། ཞེས་གསུང་བ་ལས་རང་གི་བྱས་འབྲས་དང་བདེ་སྡུག་རང་གཅིག་པུས་འགན་འཁུར་དགོས་པ་ལས་དེ་ལ་སངས་རྒྱས་ཀྱིས་ཀྱང་སྐྱོབས་ཐུབ་མེད་པ་བསྟན་ཡོད།
དེ་བས་སེང་གེ་ཡིས་རང་གིས་ཅི་བྱས་རང་གིས་འགན་འཁུར་རྒྱུ་ལས། གཞན་ལ་གཡོག་ས་བཅོལ་ས་མེད་པ་ཤེས་དགོས་ལ། རྩལ་དང་བདེན་པ་ཡོད་ན་མར་ཁྲིམས་རྭའི་ནང་མངོན་རྒྱུ་ལས་ད་ནི་ཡར་གངས་རའི་སྦུགས་ན་སྦ་ས་དང་གོང་དཀོན་མཆོག་གི་མདུན་ན་སྐྱབས་བཅོལ་ས་ཞིག་མེད་པ་ཁོ་ཐག་རེད།
མ་གཞི་ནས་ད་དུང་། རྩོད་ལན་པ་བློ་བཟང་སེང་གེ་དང་བཀའ་ཤག་ནས་ཞེ་འཁོན་ཅན་གྱི་གཏམ་བཤད་འགའ་སྤེལ་བ་དེ་དག་ཁྲིམས་ཀྱི་མདུན་སར་ཉེས་དོན་ལྟར་ཐག་གཅོད་ཀྱང་བྱས་ཆོག་པ་ཞིག་ཡིན་ཞིང་། ཞེ་འཁོན་ཅན་གྱི་གཏམ་བཤད་ཀྱི་མཚན་ཉིད་ནི་མི་ཞིག་ལ་ཚིགས་མཚོན་དང་གཏམ་འཆལ་སྤེལ་ཏེ་ཕར་རྒོལ་བྱེད་པ་དེ་ལ་བརྗོད་ཅིང། སྲིད་སྐྱོང་དང་བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་སྔུན་གཞུག་ཏུ། དམངས་ཚོགས་ཀྱི་མདུན་སར་འཁུན་དགོད་དང་ཧ་དགོད་ཀྱིས་ཚིགས་མཚོན་དང་དམའ་འབབ། འཇིགས་སྐུལ་བཅས་བྱས་པ་དེ་དག ཉེས་དོན་ཁྲིམས་ལུགས་ཀྱི་ལམ་ནས་ཐག་གཅོད་བྱས་ཆོག་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད་པས། གལ་སྲིད་བོད་མིའི་སྒྲིགས་འཛུགས་ལ་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཤིག་ཡོད་ན། ད་རབ་ཀྱི་ཁ་མཆུ་འདི་ཉེས་དོན་ཁྲིམས་ཁང་ལ་འགྲོ་རྒྱུ་ལས་སྤྱི་མང་གཏུག་བཤེར་ཁང་ཁོ་ནས་བརྡར་ཤ་གཅོད་རྒྱུ་ཞིག་རེད་མི་འདུག་སྙམ། གལ་སྲིད་ཁ་མཆུ་འདི་ཉེས་དོན་ཁྲིམས་ཁང་ཞིག་ཏུ་ཕྱིན་ན་ཁྲིམས་ཆད་ཡོངས་རྫོགས་ཉེས་དོན་ལྟར་ཐག་གཅོད་བྱེད་སྲིད། ཉེས་དོན་གྱི་ཁྲིམས་ཆད་ནི་སྤྱི་མང་ཁྲིམས་ཁང་ལྟར་དངུལ་གྱི་ཆད་པ་གཅོད་པ་གཅིག་པུ་མ་ཡིན་པར་བཙོན་འཇུག་གི་ཆད་པའང་གཅོད་གི་རེད།
རེད་དེ་ད་རབ་ཀྱི་ཁ་མཆུ་འདི་སྤྱི་མང་གཏུག་བཤེར་ཀྱི་ཁ་མཆུ་ཞིག་ལ་ཕྱིན་ཡོད་ཙང་། འདི་ཉིད་སྤྱི་མང་གཏུག་བཤེར་གྱི་གཞི་རྩའི་རྩ་དོན་ལྟར་ཐག་གཅོད་བྱེད་རྒྱུ་ནི་གལ་ཆེན་པོ་རེད། དེ་ལྟར་མ་ཡིན་པར། གལ་སྲིད་ད་རབ་ཆེས་མཐོ་ཁྲིམས་ཞིབ་ཁང་གིས། ཁྲིམས་བཟོ་ལྷན་ཁང་ལྟར་བཀའ་ཤག་གི་དབང་འཛིན་འོག་ཏུ་སོང་ཏེ། རང་གི་ཁྲིམས་ཀྱི་དབང་ཚད་ཡོངས་སུ་སྤྱོད་མ་ཐུབ་ཚེ་དེ་ནི་དམངས་གཙོ་ཀ་བ་གསུམ་གྱི་ཁྱད་ཆོས་ལས་ལྡོག་ཅིང་། བོད་མིའི་སྒྲིགས་འཛུགས་ཀྱི་དམངས་གཙོའི་གཞུང་ལུགས་དང་འགལ་བ་རེད་ལ། དེ་ལྟ་བུའི་དབང་ཆ་གཅིག་སྡུད་ཀྱི་ལས་འབྲས་དེར་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཟེར་བ་ལས་དམངས་གཙོའི་ལུགས་ཞེས་བརྗོད་ལུགས་མེད།
དེའི་ཕྱིར། ཆེས་མཐོ་ཁྲིམས་ཞིབ་ཁང་གིས་རང་གི་ལག་ཏུ་ཡོད་པའི་ཁྲིམས་ལུགས་ཀྱི་དབང་ཤུགས་ཡོད་ཚད་བཀོལ་དེ། ཐེང་འདིའི་ཁ་མཆུ་ཡི་བདེན་འཛིན་གྱི་དབྱེ་བ་གསལ་བོ་འབྱེད་རྒྱུ་འདི་ནི། སྤྱིར་བཏང་གི་ཁ་མཆུ་དབྱེ་འབྱེད་བྱེད་པའི་ཐག་གཅོད་ལྟ་བུར་མ་ཡིན་པར། ཐེངས་འདིའི་ཁ་མཆུའི་ཐག་གཅོད་འདི་ནི་བོད་མིའི་སྒྲིགས་འཛུགས་འདི་ཉིད་ཆབ་སྲིད་ཀྱི་གཞུང་ལུགས་གང་ཞིག་ཏུ་སྐྱོད་བཞིན་ཡོད་པ་ར་སྤྲོད་དང་ཐད་ཀར་འབྲེལ་བ་ཆགས་ཡོད་ཕྱིར། རེ་བར་ད་རབ། ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཚོས་བདེན་འཛིན་གྱི་ཡང་ལྗིད་འཇལ་བའི་རྒྱ་མ་ལག་ཏུ་ཐོགས། ཕྱོགས་ཞེན་དང་འཐེན་འཁྱེར་གྱི་སྤྱན་ཟུང་ཡོངས་ནས་སྒྲིབས། བཙན་པོ་ཁྲིམས་ཀྱི་རལ་གྲི་མེ་འབར་མ་དགོང་ལ་འཕྱར་ཏེ་དཀར་ནག་དབྱེ་མཚམས་ཀྱི་དར་ཐག་དུམ་སེ་གཅོད་རྒྱུ་ནི་ང་ཚོ་བོད་འབངས་མང་བོའི་རེ་བ་ཡིན།
སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིར་ས་གཞི་རྡུལ་དག ནམ་མཁའ་གཡའ་དྭངས། བཀྲ་ཤིས་ལོ་ལེགས་བྱུང་ནས་བསྡད་ན་ཡག་མོད་ཀྱང། སྲིད་སྐྱོང་བློ་བཟང་སེང་གེ་ཡིས་རང་གི་སྒྲུབ་དགོས་པའི་ལྔ་དང་ལྔ་བཅུའི་ལས་དོན་མི་སྒྲུབ་པར། འཁོན་སེམས་ཀྱི་སྡེར་མོ་དང་ཆོལ་ཞེན་གྱི་གཡུ་རལ་མངོན་ཏེ་བོད་སྤྱི་ཚོགས་ནང་ཁུལ་དུ་བརྙས་བཅོས་དང་ཐུབ་ཚོད་བཏང་ན། རལ་སྡེར་འདི་གཉིས་གཅོད་པ་ལ་རྒྱལ་ཁྲིམས་ཀྱི་རལ་གྲི་འདི་མ་གཏོགས་ཐབས་ཤེས་གཞན་གང་ཡོད་དམ།
་་་་་་་་ད་རབ་ཀྱི་ཁ་མཆུ་འདི་ཉེས་དོན་ཁྲིམས་ཁང་ལ་འགྲོ་རྒྱུ་ལས་སྤྱི་མང་གཏུག་བཤེར་ཁང་ཁོ་ནས་བརྡར་ཤ་གཅོད་རྒྱུ་ཞིག་རེད་མི་འདུག་སྙམ།
་་་་་་གོང་སྨྲས་འདིའི་དོན་གོ་མ་སོང་།་་་་་་ག་རེ་རེད་དམ།
སྤྱིའི་ཆ་ནས་བློ་སང་དང་ལོ་ངོ་ཉི་ཤུ་ལྷག་སུ་གང་ཞིག་གི་བསྒྲིག་གི་མི་སདུག་ཟེ་བའི་སྐད་ཆ་སྣ་གཅིག་མེད་པའི་ཚོགས་ཟུར་དང་དོན་ཟུར་སྤེན་པ་ཚེ་རིང་གཉིས་ཀྱི་གནས་ཚུལ་ནི་ལྐུག་པས་ལྟ་བ་ཡིན་ནའང་གདེན་འཛུན་དབྱེ་བར་ཁྲིམས་ཁང་ལ་འགྲོ་དགོས་དོན་ཅི་ནས་མེད་འོན་ཀྱང་བློ་སང་གིས་ཧམ་པ་ཀྱང་ཀྱང་བཤད་ ་མ་ཉེས་ཁ་གཡོག་བྱས་དེའི་རྒྱབ་དུ་སྔ་བར་ཕྱི་གསུམ་དུ་སྡིག་པ་མིག་གཙུམ་གྱིས་ལས་ངན་བྱ་རྒྱུར་ཤིན་ཏུ་ནས་དགའ་བའི་མདོ་སྟོད་པ་རེ་ཟུང་ཞིག་གིས་བློ་བཟང་དུད་འགྲོ་སེང་གེའི་མིང་ཅན་་ཁོ་པར་པག་སྐྱེས་བསླང་ནས་དུད་འགྲོ་སེང་གེ་དེ་ཡིས་དེ་བས་སོ་སོ་རང་ཉིད་མ་འོང་པར་མིའི་སྤྱི་ཚོགས་ནང་ལི་ཐང་ཨ་ཐར་ནང་བཞིན་ཆགས་ཀྱི་ཡོད་པ་ཞིག་མི་དྲན་པར་ཚད་ལས་འགལ་བའི་ཐོག་ནས་གཙན་བྱོལ་སྒྲིག་འཛུག་ཧྲ་ཐག་ཐག་ཡོད་པ་དེ་གཏོར་ཤིག་ཆགས་འཇིག་དུ་འགྲོ་ལ་ཉེ་བ་སླེབས་པའི་ཁར་དུད་འགྲོ་སེང་གེས་གདེན་པ་ཡོད་འདོག་གིས་ཁྲིམས་ལ་གཏུག་ཤོག་ཟེ་བ་སོགས་འུར་གཏམ་མང་དག་ཤིག་བཤད་པའི་ཁར་ཁོ་པ་ཆུ་ལ་འཐེན་མཁན་བརྒྱབ་བསྐྱོར་བ་ཡིན་ཟེ་མཁན་དེ་ཚོས་གདེན་པ་རྫུན་མ་བཟོས་རྫུན་མ་གདེན་པ་བཟོས་ཡོང་དུས་གུས་པར་འོས་པའི་སྤྱི་ཟུར་སྤེན་པ་ཚེ་རིང་ནས་མཁས་མཛང་ལྡན་པའི་ཐོག་ནས་ཁྲིམས་ཐོག་ནས་གདེན་པ་གདན་ཐོགས་ཏུ་བསྐྱེལ་བཞིན་པར་དཀར་ཕྱོགས་བསྐྱོང་བའི་ལྷ་མི་ཡོངས་ཀྱིས་གདེན་པ་རྒྱལ་བའི་སྨོན་ལམ་ཞུ།
བློ་སེང་འདིའི་ཁ་ནས་བཤད་པ་དོན་ལ་མ་གནས་སྟབས་ང་ཚོ་བོད་རིགས་མི་མངནང་ཁུལ་ལ་དཀའ་ངལ་མང་དག་ཅིག་འཕྲད་རྒྱུ་ཡིན་པ་གསལ་བོ་རེད།
སྲིད་སྐྱོང་བློ་སངས་ལ་རང་མདོག་འདི་ལས་མེད་པ་གངས་ཅན་སྐྱིད་གཤོངས་ན་ཕྱག་ལས་གནང་མཁན་གྱི་ལས་བྱེད་རྒན་གཞོན་བར་གསུམ་དང་། གནས་རིམ་ཆེ་མ་ཆུང་གསུམ་ཀུན་ཀྱིས་ཤེས་གསལ་ཡིན་ནའང་། ཆོལ་ཁའི་ཕྱོགས་ཞེན་གྱི་དུག་གིས་མྱོས་པའི་རོ་སྦྱོར་དག་དང་། རྨོངས་རྒན་དག་ཀི་ཧི་ཧི་དང་། བློ་སངས་རང་གི་ཁ་ལ་བདག་པོ་རྒྱག་མ་ཐུབ་པ་ལས་འདི་བྱུང་རེད།
ད་དུང་རང་གི་མི་རབས་ཚ་རྒྱུད་དང་རིགས་རྒྱུད་རྣམས་མགོ་བོ་འགྱོག་མི་ཐུབ་པའི་ལོ་རྒྱུས་དེབ་ཕྲེང་ཡང་ཁ་ཉིན་ཐོན་ཡོད་པ་འདྲ། ཨ་ཁཁཁ
ངོས་ནས་བློ་སང་མཐོང་བ་དང་ཁོ་པའི་སྐད་ཆ་བཤད་ཏང་ཐོག་མ་དེ་ཨ་རིའི་མེ་ནི་སོ་ཀྲར་རུ་འོད་མི་གཞན་གཉིས་དང་གཉམ་དུ་ཡོང་ནས་ང་སྲིད་བསྐྱོང་ལ་བཀོད་རོག་ང་སྲིད་བསྐྱོང་ལ་བཀོད་ན་ངས་བརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན་ངས་གཅིག་བསྒྲིལ་བཟོ་གི་ཡིན་ངས་གསར་སྟོས་བྱེད་ཀྱི་ཡིན་ངས་རང་འགོ་རང་གསོ་བཟོ་གི་ཡིན་ཟེ་བ་མི་དམངས་མགོ་བསྐོར་གྱི་ཧམ་བཤད་བྱེད་སྐབས་ཁོ་པ་མཐོང་བ་དང་ཁོ་པའི་སྐོར་ལ་གོ་བ་དང་པོ་དེ་ཡིན་པ་དང་དེ་མ་ཐག་ནས་མི་དེའི་རྣམ་འགྱུར་དང་བཤད་ཏང་སོགས་ནས་ང་རང་མི་དེ་དང་སྔོན་ཆད་འབྲེལ་བ་གང་ཡང་མེད་ནའང་མི་དེར་བསུན་སྣང་བསྐྱེས་སོང་། སྐབས་དེ་དུས་ནས་ངོས་ཀྱི་བསམ་པར་གད་སྲིད་མི་དེ་སྲིད་བསྐྱོང་ལ་བཀོད་ན་ང་ཚོ་བོད་ཀྱི་དུས་ཚོད་གལ་ཆེན་ཞིག་གི་སྐབས་ལ་ང་ཚོ་བོད་པར་དགོས་པའི་དོན་དག་ཕར་བཞག་བོད་པའི་སྤྱི་ཚོགས་ལ་གཏོར་ཤིག་ཚབས་ཆེན་ཞིག་གཏང་གི་ཡོད་པ་འཚོར་སྣང་དུ་བསླེབས་བྱུ་། ད་ལྟ་གོང་གི་ལོ་ངོ་བདུན་ཙམ་ང་ཚོ་བོད་མིར་གྱོང་གུས་འགྲོ་ཚར་བ་རེད་འོན་ཀྱང་ང་ཚོ་བོད་མིའི་ཀླད་པའི་ནང་ལ་མིའི་ཀླད་པ་ཡོད་ན་རྒྱ་ཆེའི་བོད་མི་ཡོངས་ཀྱི་བདེ་སྡུག་ཐོག་དགོང་པ་བཞེས་པ་ལས་ལུང་པ་ཆུང་ཆུང་ཞིག་གི་གཞེན་ཁོག་འཁྱེར་ཏེ་མུད་མཐུད་མདོ་སྟོད་པ་རེ་ཟུང་ནས་སྡིག་པ་མིག་གཙུམ་གྱིས་བློ་སང་ལ་བརྒྱབ་བསྐྱོར་ཡིན་འདོག་གིས་ཁོ་པ་མི་ཀླད་སྟོང་དེར་པག་སྐྱེས་བསླང་ནས་བོད་པ་ནང་ཁུལ་དུ་དཀྲུག་ཤིང་བརྒྱབ་ན་གྱོང་གུས་ང་ཚོ་གཉམ་དུ་རག་གི་ཡོད་པ་མཁྱེན་གསལ་རེད་ད་ལྟའི་བཀའ་ཤག་ནང་ལ་གཟིགས་དང་རྡ་སའི་ལས་བྱེད་དྲག་པ་མང་པོ་གནད་མི་འཐུབ་པར་ལས་གནས་ནས་འགྲོ་ཚར་བ་རེད་དེ་མིན་བཀའ་ཤག་ནང་ལ་ད་ལྟ་གནད་སྡད་པ་དེ་ཚོར་གཟིགས་དང་ཆོས་རིག་བཀའ་བློན་ནང་སྲིད་བཀའ་བློན་ལ་སོགས་མི་དེ་ཚོ་ཕྱོགས་པང་ཕྱོར་ནག་རེད་མི་འདུག་གམ། ཕྱི་སྲིད་བཀའ་བློན་ནི་ཁོ་པ་བློ་སང་རང་ཉིད་ཀྱིས་བྱེད་ཀྱི་ཡོད་པ་རེད་གང་ཡིན་ཟེ་ན་ལོ་གཉིས་ཀྱི་རྗེས་ཁོ་པ་ཨ་རིར་ལོག་སྐབས་སོ་སོ་རང་མགོ་རང་གསོའི་གྲ་བསྒྲིག་དེ་ཕྱི་སྲིད་ཐོག་ནས་ཡོང་དགོས་པས་སོ།།