རོང་པོ་བློ་བཟང་རིན་ཆེན།
དེ་རིང་དགེ་བཤེས་དམ་བཅའི་ཉིན་ལྔ་པ་རེད་འདུག དགེ་འདུན་པ་རྣམས་སྔར་བཞིན་ཆེས་བག་ཕེབས་ཀྱི་ངང་ནས། རྒོལ་སྔ་ཕྱི་གཉིས་ཀྱི་རིགས་པའི་བརྒལ་ལན་ལ་གཟབ་ནན་གྱིས་ཉན་བཞིན་བཞུགས། ལ་ལས་ལེགས་བཤད་གསེར་ཕྲེང་དང་སྐབས་བབས་ཀྱི་གཞུང་། རྒྱལ་རབས་དང་ལོ་རྒྱུས། སློབ་གསོ་དང་དཔྱད་རྩོམ་སོགས་ཀློག་བཞིན་གསེར་ལས་ལྷག་པའི་དུས་ཚོད་དམ་འཛིན་བྱེད་པའི་ངང་ཚུལ་དེ་མཐོང་སྐབས། གུས་འདུད་དང་དགའ་སྤྲོ་རང་བཞིན་དུ་འཕེལ་བ་ཞིག་རེད། དེ་ནས་ངས་ཀྱང་སྔར་བཞིན་ <<ཡབ་ཀྱི་བུ་མོར་སྤྲངས་པའི་འཕྲིན་>>གྱི་<<འགྲོ་བ་མི་བྱུང་ཚུལ་>>ཞེས་པའི་ལེ་ཚན་འདི་ཀློག་བརྩམས།
མི་ནི་བཀླགས་བྱང་སྔོན་མའི་ནང་དུ་གསལ་པ་ལྟར་རྣག་ཉ་ལྟ་བུའི་ཉ་སོབ་ཀྱི་རིགས་ཇེ་ཉུང་དང་ཕྱི་ཤིན་མཁྲེགས་པའི་རིགས་ཀྱི་སེམས་ཅན་རྣམས་ཇེ་འཕེལ་དུ་སོང་བ་དང་བསྟུན། འགྲོ་བ་མི་ཡིས་ཡར་རྒྱས་གོང་འཕེལ་དུ་བརྩོན་པས་ད་གཟོད་སྟོབས་ཤུགས་རབ་ཏུ་ཆེ་བའི་སྟག་དང་གླང་ཆེན་སོགས་ལས་རྣམ་པར་རྒྱལ་བ་རེད།
མེ་བཀོལ་ཤེས་པ་ནི་འགྲོ་བ་མིས་ཆེས་གསར་རྙེད་ཀྱི་ཤེས་བྱའི་རིགས་ཤིག་ཡིན། མེ་བཀོལ་ཤེས་པ་ནས་དགུན་ཁའི་གྲང་ངར་གྱིས་མནར་བ་ཉུང་བ་མ་ཟད་། རང་འགར་ལྟོགས་ཤུ་ཐེབས་པ་དང་། སྲོག་ཆགས་སྟོབས་ཤུགས་ཅན་ཚོའི་གནོད་འཚེ་ལའང་ཏན་ཏན་ཕན་ཐོག་བྱུང་ཡོད། དེ་ལྟ་དེ་ལྟར་འགྲོ་བ་མིས་གསར་གཏོད་དང་བཅོས་བསྒྱུར་ཡང་ཡང་བགྱིས་པ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་ད་ལྟའི་གྲུབ་འབྲས་འདི་ཐོབ་པ་རེད་ཅེས་གདམས་ཡོད།
ཚན་པ་འདིར་སྤྱིར་སྟངས་ཀི་ཉ་ལྟ་བུའི་སྲོག་ཆགས་ཀྱིས་སྒོ་ང་འཇོག་སྐབས། སྒོ་ང་སྟོང་ཕྲག་དུ་མ་འཇོག་ན་ཡང་། ཕ་མས་བདག་སྐྱོང་དང་རང་གི་བུ་ཡིན་པའི་འདུ་ཤེས་མེད་པའི་སྟབས་ཀྱིས་དེ་དག་ལས་རེ་ཟུང་མ་གཏོགས་ཤི་འགྲོ་བ་རེད་ཟེར་བ་ནི་ང་ལ་མཚོན་ན་སྐད་ཆ་གསར་པ་ཞིག་རེད། ད་དུང་ནེ་རུ་ཁོང་གིས་མཐོ་རིམ་སྲོག་ཆགས་དང་དམའ་རིམ་སྲོག་ཆགས་ཀྱི་ཁྱད་པར་ཞིག་ཕྱེས་འདུག དེ་ནི་ཕལ་ཆེར་རང་ཉིད་ཀྱི་ཕྲུ་གུར་བརྩེ་བ་སྤྲོད་མིན་གྱི་ཐོག་ནས་ཕྱེས་པ་ཨེ་ཡིན་སྙམ་བྱུང་། ཡང་ཁོ་གིས་མཐོ་རིམ་སྲོག་ཆགས་ལ་འོ་འཐུང་སྲོག་ཆགས་ཀྱི་ཐ་སྙད་སྦྱར་བར་སེམས་ཚེ། འོ་མ་དང་མཐོ་རིམ་སྲོག་ཆགས་ལ་འབྲེལ་བ་ཞིག་ཡོད་པ་མ་ཟད། འོ་མ་དང་བྱམས་བརྩེ་གཉིས་གྱི་བར་ལ་གཞན་གྱིས་རྟོགས་མི་ནུས་པའི་གསང་བ་གལ་ཆེན་ཡོད་པར་སྙམ།
2019/1/20/ལ་རང་ཤག་ཏུ་བྲིས།
རོང་པོ་བློ་བཟང་རིན་ཆེན་ལགས། ཧ་ཅང་ཡག་པོ་བྲིས་གནང་འདུག ཆ་ཚང་བཀླགས་ཚར། མུ་མཐུད་དུ་ཡིན་ད།
སྲིད་བློན་ནེ་རུའི་གསུང་འཕྲིན་སྐར་ཚོགས་འདྲ།
སྲིད་བློན་ནེ་རུའི་མཁས་ཉམས་རི་བོ་འདྲ།
སྲིད་བློན་ནེ་རུའི་མཛད་འཕྲིན་གཙང་ཆུ་འདྲ།
སྲིད་བློན་ནེ་རུའི་དགོང་པ་རྒྱ་མཚོ་འདྲ།
སྐར་ཚོགས་གསུང་འཕྲིན་ཀློག་ལ་དུས་ཁོམ་དགོས།
མཁས་ཉམས་རི་བོ་རྫེགས་ལ་སྦྲག་རྩལ་དགོས།
གཙང་ཆུ་དཱངས་མ་འཐུང་ལ་ཆུ་འདོད་དགོས།
རྒྱ་མཚོ་གཏིང་མཐའ་ལོན་ལ་ཆུ་སྐྱལ་དགོས།
སྲིད་བློན་ནེ་རུའི་རྩམ་དེབ་གསུང་འཕྲིན་སོགས།
བརྒྱ་ཕྲག་ཕྱེད་ལ་ཉེ་བའི་གླེག་བམ་ཁག།
བལྟ་ཀློག་རྒྱུས་ལོན་བོད་མི་རེ་ཙམ་ལས།
བརྒྱ་ཆ་དགུ་དགུའི་མཇལ་བའི་སྒོ་སྐབས་དབྱེན།
ཕས་བུ་མོར་སྤྲེངས་པའི་ཕྲིན་ཡིག