པདྨ་ཚེ་དབང་ཤཱསྟྲིས་བསྒྱུར།
Mehrban ho ke bula lo muje chaho jis waqt,
Main gaya waqt nahi hung ki phir aabhi na sakkung/
དགོས་པའི་དུས་ཚོད་ནམ་ཡིན་ལ།།
ང་ལ་སྐད་ཐོངས་ཐུགས་རྗེས་གཟིགས།།
ང་ནི་འདས་པའི་དུས་ཚོད་ལྟར།།
བསྐྱར་ལོག་བྱེད་རྒྱུ་མེད་པ་མིན།།
Hathon ki lakeeron pay mat ja ae Ghalib
Naseeb unkey bhi hoty hain jinky hath nahi hoty/
ལག་པའི་རི་མོ་དེ་དག་ལ།།
ཡིད་རྟོན་མ་བྱེད་གཱ་ལིབ་ཁྱོད།།
ལག་པ་མེད་པའི་མི་ལ་ཡང་།།
བསོད་ནམས་ལྡན་པ་མངོན་སུམ་མོ།།
Ham ko maalum hai jannat ki haqiqat lekin
Dil ko khush rakhne ka ghalib ye khayal achaa hai/
བདེ་ཅན་ཞིང་གི་དངོས་ཡོད་ཚུལ།།
ང་ལ་ཤེས་རྟོགས་ཡོད་མོད་ཀྱང་།།
གློ་བ་བྲིད་པར་བྱ་བའི་ཕྱིར།།
གཱ་ལིབ་རྣམ་རྟོག་འདི་བཟང་ངོ།།
Kahan mai-khane ka darvaza ghalib aur kahan vaaiz
Par itna jante hain kal vo jaata tha ki ham nikle/
ཆང་ཁང་སྒོ་དང་རྩ་ཆེའི་བླ་མ་དེ།།
གང་དུ་ཡོད་པ་ཤེས་སམ་གཱ་ལིབ་ཀྱེ།།
ཕྱི་ཉིན་ང་ནི་ནང་ལ་འཛུལ་སྐབས་དེར།།
ཁོ་པ་ཕྱི་ལ་ཐོན་པ་མཐོང་བྱུང་ངོ་།།
Mohabhat men nahin hai farq jiine aur marne ka
Usi ko dekh kar jiite hain jis kafir pe dam nikle/
ཕོ་མོའི་བརྩེ་དུངས་ཞེས་བྱའི་དངོས་པོ་དེར།།
ཤི་དང་གསོན་གྱི་ཁྱད་པར་ཡོད་མ་ཡིན།།
སྲོག་གི་རྒྱུ་བ་གཅོད་པའི་གཤེད་མ་དེར།།
བལྟ་བཞིན་ངང་ནས་འཚོ་བར་བྱེད་ཀྱི་ཡོད།།
Na tha kuch to khuda tha kuch na hota to khuda hota
Duboya mujh ko hone ne na hota main to kya hota/
ཅི་ཡང་མེད་པའི་སྐབས་དེར་ཁུ་དྷཱ་ཡོད།།
གང་ཡང་མིན་ན་ཁུ་དྷཱ་ཡིན་པ་ངེས།།
སྲིད་པའི་ཆོས་ཉིད་དེ་ཡིས་ང་ནི་བསླུས།།
སྲིད་པ་མེད་ན་ང་ནི་ཅི་ལ་འགྱུར་།།
མིར་ཛ་སྒ་ལེབ་སྙན་ངག་གིས།།
བདག་ནི་སྐྱེ་ཞིང་འཆི་ཞིང་སྐྱེ།།
དགོས་པའི་དུས་ཚོད་ནམ་ཡིན་ལ།།
ང་ལ་སྐད་ཐོངས་ཐུགས་རྗེས་གཟིགས།།
ང་ནི་འདས་པའི་དུས་ཚོད་ལྟར།།
བསྐྱར་ལོག་བྱེད་རྒྱུ་མེད་པ་མིན།།
ལན་དུ།
དགོས་པའི་དུས་ཚོད་ནམ་ཡིན་ལ། །
སྐད་ཐོངས་ཟེར་མཁན་གྭ་ལིབ་ཁྱོད། །
ང་ནི་འདས་པའི་དུས་ཚོད་ལྟར། །
བསྐྱར་ལོག་སྲིད་འདོད་བླུན་པོའི་ཚིག །
Urdu ཚིགས་དེ་བོད་སྐད་ལ་བསྒྱུར་ན་སྙན་པོ་དེ་ཙམ་མི་འདུག ཁོང་ཚོའི་སྙན་ངག་ལ་སྒྲ་གཅིག་པ་མང་པོ་འདུག དེ་བོད་སྐད་ལ་ཡོང་གི་མི་འདུག