བོད་ཀྱི་སྒྲ་ཝོད་ཀྱང་མ་རེད་ལ་འོད་ཀྱང་མ་རེད། བ་དང་ཝ་དང་འ་དང་གསུམ༎། ཆུང་བྱིས་པ་ཡིན་ཡང་ཁ་ཁ་རེད། ཡིན་ནའང་། བོད་ལ་བོད་ཟེར་ནས་མི་འབོད་པར། ང་ཚོ་འོད་ཟེར་མཁན་ཨ་མདོ་མཚོ་ལྷོའི་ཁུངས་ཡོད་པ་རེད། དེ་ལ་གཞིར་བྱས་ནས། ཆབ་འགག་རྡོ་རྗེ་ཚེ་རིང་གིས་བོད་ཀྱི་ཐ་སྙད་འདིའི་འབྱུང་ཁུངས། འོད་གསལ་ལྷ་ཡི་གདུང་རྒྱུད་ནས་ཆད་པ་ལ་ཁུངས་གཏུགས་པའི་དཔྱད་བརྗོད་ཤིན་ཏུ་ནས་ཀྱང་བློ་ངོར་མི་འགྲོ་བ་ཞིག་སྤེལ་ཡོད་པ་མཐོང་མྱོང་།
སྔོན་མ་དབུས་གཙང་དུའང་བ་ལ་སྒྲ་གཅིག་ལས་མེད་པ་ཡིན་ནམ་མི་ཤེས། ཝ་ཡི་ཚབ་ལ་བ་འབྲི་མཁན། དུས་རབས་་དགུ་པའི་མགོ་སྟོད་དུ་འཁྲུངས་པའི་ལོ་ཙྰ་བ་འགོས་ཆོས་གྲུབ་ཁོ་ནའང་མིན་ཏེ། དུས་རབས་བརྒྱད་པའི་ནང་འཁྲུངས་པའི་ལོ་ཙྰ་བ་དེ་བ་ཙན་དྲ་ནས་ཀྱང་། པི་ཝང་ལ་པི་བང་ཞེས་བྲིས་འདུག་པས་དཔྱད་པ་ཡག་པོ་གཏོང་དགོས་པ་འདུག སྐད་ཀྱི་འཕེལ་རིམ་དང་འགྱུར་བ་དེ་ཚོའང་གསང་གནས་རང་ཞིག་མིན་པར་དཔྱད་ན་ངོ་འཕྲོད་རྒྱུ་ཞིག་ངེས་པར་ཡོད་པ་འདྲ།
ཨ་མདོའི་སྐད་འདིར། དཔྱད་པ་ག་ཚོད་ཀྱིས་བཏང་ན། བོད་སྐད་ཀྱི་ཕྱི་མོ་ལྟ་བུ་ཞིག་ཡིན་པ་ཁ་གསལ་དུ་གསལ་དུ་འགྲོ་གི་འདུག འདང་རྩིས་ཇེ་ཆེ་དང་ཇེར་ཆེ་འགྲོ་གི་འདུག སྔོན་མར། ངས་སྐད་ཡིག་གཅིག་གྱུར་སྐོར་མང་པོ་ཞིག་ལབ་པ་ཡིན། ད་ལྟའི་ཆར་ང་ལ་ཐེ་ཚོམ་ཞིག་སྐྱེ་གི་འདུག སྐད་ཡིག་གཅིག་གྱུར་ཟེར་ནས་ཨམ་སྐད་འདི་ར་མ་ལུག་གི་སྐད་ཅིག་ཏུ་བསྒྱུར་མི་ཉན་པ་འདྲ་ཞིག་མཐོང་། འདི་ལ་སྲུང་སྐྱོབས་དང་འདི་ལ་ཉམས་ཞིབ་བྱེད་དགོས་པ་འདྲ་ཞིག་མཐོང་གི་འདུག
སྔོན་མ། ངས་བོད་ཀྱི་མི་རྒྱུད་བྱང་ནས་འཕེལ་བ་ཡིན་ཚུལ་གྱི་ཚན་རིག་གི་བཤད་པ་གཞིར་བཞག་ནས་རང་རེའི་བོད་ཀྱི་ལོ་རྒྱུས་ཁག་ཏུའང་དེའི་སྐོར་བཤད་པ་ཅི་ཡོད་ལུང་འདྲེན་གནང་བ་དེའི་ནང་ཆད་སྐྱོན་ཞིག་བྱུང་བ་ནི། བོད་ཀྱི་རྩ་བའི་རུས་བཞི་ཡི་སྐོར་ཡིན། དེ་ལ་ཁ་གསབ་ཅིག་བྱེད་དགོས་བསམས་སོང་། རྩ་བའི་རུས་བཞི་ཡིན་པ་དང་། དེ་དག་ལ་ནང་གསེས་སུ་དབྱེ་ན་རུས་དྲུག་ཡིན་པ་རེད། དེའི་ནང་གི་རུས་ལྡོང་འདི་རྩ་བ་གལ་ཆེན་ཞིག་ཡིན་པ་མ་ཟད་ད་ལྟའང་ད་རུང་མདོ་ཁམས་ཕྱོགས། ལྡོང་གི་ཤུལ་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད་སོགས། སྡེ་བ་ཚོ་བའི་མིང་། མི་ཚང་གི་མིང་བྱས་ནས་ངོས་འཛིན་དུ་ཡོད་པ་རེད། མདོ་ཁམས་གཅིག་པོ་མིན་པར། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེར་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་སྟེ། ། སོགས་བོད་ཁོངས་ཡོངས་སུ་ཡོད་པ་རེད། ནང་གསེས་ཀྱི་དབྱེ་བ་གསལ་བོ་འདི་འདྲའི་ཞིབ་ཚགས་ཤིག་རུས་གཞན་པ་ཚོར་བཤད་དུ་མེད་པ་རེད། དེ་རྒྱུ་མཚན་ག་རེ་རེད། ཡིན་ནའང་འདི་ནི་ངས་བཤད་བྱ་གཙོ་བོ་མིན།
ངས་བཤད་བྱ་གཙོ་བོ་ནི། འབྱུང་རྩིས་ཉེར་མཁོ་བུམ་བཟང་ལས། ཡང་ན་མདོ་ཁམས་སྨད་འདི་ནི།། གདོང་(ལྡོང)ནི་ས་ཁམས་ཤ་བ་བླ།། འབྲུ་ནི་ཆུ་ཁམས་གཡག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ།། སྒོ་ནི་མེ་ཁམས་ར་ལ་བླ།། སྒ་ནི་ཤིང་ཁམས་ལུག་ལ་བླ།། རུས་པ་གཙང་མར་མ་ཤེས་ན།། དེ་ཡང་གདོང་ལ་བསྡུ་ཞེས་ཟེར།། ཞེས་པ་འདི་རེད། འདིའི་ནང་གནད་འགག་ཅན་གྱི་དོན་ཚན་གཉིས་ཡོད་པ་རེད་སྙམ།
གཅིག། ལྡོང་ནི། འབྱུང་བ་ལྔ་ཚང་མ་གཅིག་གྱུར་གྱི་འབྱུང་ཁུངས་ས་ཡིན་པར་བཤད་པ་འདི་ལའང་བརྟག་རྒྱུ་ཞིག་མེད་དམ་སྙམ། གཉིས། རུས་པ་གཙང་མར་མ་ཤེས་ན། དེ་ཡང་གདོང་ལ་བསྡུ་ཞེས་ཟེར། རུས་ཚང་མ་གདོང་ལ་བསྡུས་པ་འདི་ཡང་ངོ་མཚར་བའི་གསང་གནས་ཤིག་ངེས་པར་ཡིན་དུ་མཆི། འདི་ནི་སྔོན་མ་ངས་བོད་ཀྱི་མི་རྒྱུད་བྱང་ཕྱོགས་ནས་ཆད་པར་སྨྲ་བ་དེའི་ཁ་གསབ་ཡིན།
་་་་ཨ་མདོའི་སྐད་འདིར། དཔྱད་པ་ག་ཚོད་ཀྱིས་བཏང་ན། བོད་སྐད་ཀྱི་ཕྱི་མོ་ལྟ་བུ་ཞིག་ཡིན་པ་ཁ་གསལ་དུ་གསལ་དུ་འགྲོ་གི་འདུག །་་་ ཟེར་ན། ང་དབུས་གཙང་པས། འོ་ན་ཐོན་མི་བཀའ་དྲིན་ཅན་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཨ་མདོ་བ་ཡིན་ནམ་ཞེས་འདྲི་བར་འདོད། ཡིན་ན་ཡང་ངས་ཨམ་སྐད་ཁུངས་དག་མི་ཤེས་པས། ཨ་མདོ་བའི་མི་རིགས་དེ་སྔར་ཆོས་རྒྱལ་སྐབས་ནས་དབུས་ནས་དེར་ཕྱོགས་སུ་དམག་སར་ཕྱིན་ནས་སྔར་གྱི་དབུས་ཀྱི་ཡུལ་སྐད་གྲ་མ་ཉམས་པར་གནས་ཡོད་རེད་ཟེར་ན། འདི་ལ་དཔྱད་དགོས་ཏེ། དཔེར་ན་ད་ལྟའི་ལ་དྭགས་པའི་བོད་ཡིག་ཀློག་སྟངས་བཞིན་ནོ།
ཨ་མདོའི་སྐད་དག་མ་དག་དང་དབུས་སྐད་དག་དག་མདག་བཤད་པར་ངོས་ནས་བསམ་འཆར་ཞིག་ཞུ་སྙིང་འའདོད། མ་གཞི་རང་རང་དབུ་མ་པ་ཡིན་པར་འདོད་པ་ནི་འགྲོ་བ་ཀུན་གྱི་རྒྱུད་ལ་རང་བྱུང་དུ་ཡོད་པ་ཞིག་རེད།
དེ་ཡིན་དུས་དགེ་འདུན་ཆོས་འཕེལ་གྱིས་བཤད་པ་བཞིན་ཀུན་གྱིས་འདོད་པའི་ཚད་མ་ཞིག་ཧ་ཅང་གི་དཀའ།
ངོས་ནས་ཕྱོགས་ལྷུང་གི་ལྟ་བ་སྤངས་ནས་བདེན་པ་ཞིག་བཤད་ན་ཁྱེད་ཚོས་ཉན་འདོད་ད་ཡོད་རྒྱུ་མ་རེད།
ཡིན་ནའང་བསམ་བློ་གཏོང་གཞི་ཞིག་ཆགས་སྲིད་སྙམས་ནས་བྲིས་པ་ཡིན།
བོད་སྐད་དག་ཤོས་ནི་སྟོད་པའི་སྐད་ཡིན་པ་ལུང་དང་རིག་པ་ལོ་རྒྱུས་སོགས་གང་གིས་ཐད་ནས་ལྟས་ཀྱང་ཀུང་ཐུབ་ཞིག་ཏུ་མཐོང་
ཡིད་མ་ཆེས་ན་བསམ་བློ་ཞིབ་ཏུ་གཏོང་དང་ངེས་པ་ཞིག་རྙེད་ཐུབ།
རྩོམ་པ་པོས་གསུངས་པ་བཞིན། ཨ་མདོའི་སྐད་དེ་བོད་སྐད་ཕྱི་མའི་ཁོངས་སུ་གཏོགས་པ་རེད་ཟེར་ན། བོད་ཀྱི་ལོ་རྒྱུས་དང་མི་མཐུན། དགེ་འདུན་ཆོས་འཕེལ་དང་དེ་བཞིན་ལོ་རྒྱུས་སྨྲ་བ་གཞན་གྱིས་མདོ་སྨད་ཀྱི་མིའི་འབྱུང་ཁུངས་དེ་དབུས་ལ་འདྲེན་གྱི་འདུག
འབྲོང་བུ་ལགས་ཀྱི་དངོས་ཡོད་དང་མཐུན་པ་ཞིག་གསུངས་འདུག་།
དེ་ནས་ཡར་དེད་འགྲོ་ན་ད་རུང་སྟོད་སྐད་ལས་ཀྱང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྐད་འདི་ ཡིག་སྐད་དང་མཐུན་ཆེ། དཔེར་གཅིག་བཞག་ན་ ཧི་མ་ལ་ཡའི་མི་རིགས་ཚོས་རང་གི་སྤུན་མཆེད་འོག་མ་བུ་མོ་ལ་༼ནུ་མོ་༽ཞེས་འབོད་ཀྱི་ཡོད་ འོན་ཀྱང་ང་ཚོས་བོད་ཀྱི་མཁས་པ་ཡིན་ན་འདྲ་ བླུན་པོ་ཡིན་ན་འདྲ་ ཚིག་དེ་བད་སྤྱོད་གཏོང་མཁན་མི་འདུག་། མི་དགོས་པ་སྐད་ཆ་རིང་པོ་ ༼ངི་གི་སྤུན་འཇགས་འོག་མ་བུ་མོ༽ འདི་འདྲ་ཤོད་ཀྱི་འདུག་།
སྐད་ཆ་འདི་གནད་འགག་ཅན་ཞིག་རེད། དེང་གི་བོད་སྐད་འདིའི་ཁུངས་གཏུགས་ས་ཞིག་བཙལ་དགོས་བྱུང་ན་ཕལ་ཆེར་ཨ་མདོ་ཡི་སྐད་ལ་ཁུངས་གཏུགས་ན་བོད་སྐད་ཀྱི་སྒྲ་གདངས་ཕྱི་མོ་དེ་རྙེད་སྲིད་པ་ཞིག་རེད།
ཡིན་ན་ཡང་། གཞི་འཛིན་སའི་གང་ཟག་དེ་ནི་རབ་བྱུང་ན་ཡི་གེ་སྣ་གཅིག་ཀྱང་མི་ཟེས་པའི་མི་རབས་རྒན་པ་དེ་ཚོའི་སྐད་ཆར་གཞི་བཅོལ་བ་ལས་ཁ་སང་དེ་རིང་གི་རྒྱ་བཙུགས་སློབ་གྲྦ་འགྲིམས་མྱོང་བའི་ཨ་མདོ་བ་དེ་ཚོའི་སྐད་ལ་གཞི་བཅོལ་ས་གཏན་ནས་མི་རུང་། རྒྱ་བཙུགས་སློབ་གྲྦ་འགྲིམས་མྱོང་བའི་མི་དེའི་སྐད་ནི་བོད་སྐད་ཀྱི་ཕྱི་མོ་ཕད་ཟད་ཨ་མདོ་ནང་ཁུལ་དང་། ཕ་མ་བུ་ཕྲུག་གི་དབར་ལའང་སྐབས་འགར་གོ་བརྡ་མ་འཕྲོད་ཡོང་གི་ཡོད།
འདི་ལྟར་བཤད་ན་ལ་ལ་ཞིག་ལ་ཐུགས་ཕོག་འབྱུང་སྲིད། ཡི་ཡང་དེའི་ཁོངས་སུ་ང་རང་ཡང་ཚུདཡོད་པས་ཡིན་པ་དེ་ཡིན་པར་ཁས་བླངས་ན་ད་གཟོ་བདེན་པར་འགྱུར་གི་རེད།
མདོ་ལྷས་བཤད་པ་ཅུང་སྣང་བ་འགྲོ་བའི་སྐད་ཆ་ཞིག་རེད། ཨ་མདོ་ནས་ཡིན་པའི་ཡི་གེ་སྣ་གཅིག་མི་ཤེས་མཁན་གཅིག་དང། དེ་བཞིན་དབུས་གཙང་གི་དེ་ལྟའི་རྒན་པོ་གཉིས་ཀྱི་སྐད་ཆ་ལ། མདོ་དབུས་ཁམས་གསུམ་གྱི་སྐད་ལ་སྦྱང་བ་དང། མྱོང་བ་མི་དམན་པའི་གཟུར་གནས་དཔྱོད་ལྡན་འགས་ལེགས་པར་དབྱེ་ཞིབ་ཅིག་བྱེད་ཐུབ་ན། གངས་ཅན་པའི་སྐད་ཡིག་ཟུང་གི་རྩ་བར་གྱུར་བའི་བོད་སྐད་དངོས་མ་གང་ཡིན་དེ། ངོས་ཟིན་ན་མ་གཏོགས་རང་ལྟ་མཆོག་འཛིན་གྱི་ལམ་ལས་མ་བརྒལ་ཚེ། འདི་དག་དང་འདི་མ་དག་སོགས་ཅི་ཙམ་སྨྲས་ཀྱང་དོན་མེད་རྩོད་རྙོག་གི་རྒྱུ་ལས་མཐོང་གི་མི་འདུག
ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཚུལ་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། ང་ཚོ་བོད་ཀྱི་ལོ་རྒྱུས་དག་ཏུ་ཨ་མདོ་བ་རྣམས་བོད་ཀྱི་མཐའ་མཚམས་བསྲུང་བའི་ཕྱིར་བཏང་བའི་དམག་མི་རྣམས་དེར་གཞི་ཆགས་པ་ལས་མི་རིགས་མཆེད་ཚུལ་གསུང་བ་ལ་གཞིགས་ན། ཁོང་ཚོའི་སྐད་དེ་ཁུངས་དག་པ་ཡོད་ཅེས་བཤད་པ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད། དཔེར་ན་Denmarkཌེན་མག་རང་དུ་ཡོད་པའི་ཁོང་ཅག་གི་མི་རིགས་དང་། Canadaཁེ་ན་ཌ་སོགས་ཡུལ་ལུང་གཞན་དུ་གནས་སྤོ་བྱས་པའི་ཁོང་ཅག་གི་མི་རིགས་གཉིས་ཀྱི་དབར་སྐད་ལ་ཞིབ་འཇུག་བྱས་ཚེ། ཡུལ་ལུང་གཞན་དུ་སྤོས་པ་དག་གི་སྐད་དེ་བསྲེ་ལྷད་མེད་པར་གནས་ཐུབ་འདུག་ཅེས་བརྗོད་ཀྱི་འདུག དེ་ལ་གཞིགས་ན་ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཞེས་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། དེ་བཞིན་དུ་ཁམས་པ། སྟོད་པ། ལ་དྭགས་པ་ལའང་རྒྱུ་མཚན་མཚུངས་པར་སྙམ་མོ། །
older-brother = ཕུ་བོ། གཅེན་པོ།
younger brother = ནུ་བོ། གཅུང་པོ།
older sister = ཨ་ཅེ།། དང་ ཨ་ཅག གཅེན་མོ།
younger sister = ནུ་མོ། གཅུང་མོ།
སྤྱིར་སྟངས་བུད་མེད་རྒན་པ་ལ་ཨ་ཆེ་ཞེས་འབོད་ན་ཞེ་སར་འགྱུར་ངེས་འདུག
དྷ་སར།
༼ངི་གི་སྤུན་འཇགས་འོག་མ་ བུ་མོ༽= མོ་ངེད་ཀྱི་སྤུན་མཆེད་བུ་མོ་”འོག་མ་”ཆུང་བ་རེད།
ངས་ཨ་མདོའི་སྐད་དེ་བོད་སྐད་ཀྱི་ཕྱི་མོ་ལྟ་བུ་ཞིག་དང་སྐད་རྙིང་པ་ཡིན་པའི་སྐོར་ཤོད་ཀྱི་ཡོད་ཀྱང་། ཁྱེད་ཚོས་དག་མ་དག་སྐོར་བགྲོ་གླེང་གི་བྱེད་གི་འདུག་ག ལུང་པ་རེ་ལ་སྐད་རེ། སེའུ་བོ་རེ་ལ་ལུང་རེ་ཟེར་བ་རེད། དེ་དག་མི་དག་བཤད་ན་མི་ཤེས།
ཨ་མདོའི་ཁུངས་བོད་དམག་ལ་གཏུགས་ནས་སྐད་དག་པ་རེད་ཟེར་ན་དེ་ངོ་མ་དགོད་ཤོར་བའི་གཏམ་ཞིག་ཏུ་སྣང་། ཨ་མདོ་ན་བོད་དམག་གི་རྒྱུད་པ་ད་ལྟ་ངོས་འཛིན་རྒྱུ་ཡོད་པ་དེ་འདྲ་ཡོད་པ་རེད། དེ་ཚོའི་སྐད་ལོགས་སུ་རེད། བོད་དམག་མ་ཡོང་སྔོན་ལ་ཨ་མདོའི་ས་ཆ་དེ་སྟོང་པ་ཡིན་དགོས་པ་ཐུག་པའི་སྐད་ཆ་དེ་འདྲ་མ་བཤད།
༡ གནའ་རྫས་ལས་ཤེས་ཐུབ་པ་ནི། རྡོ་ཆས་གསར་རྙིང་སྐབས་ནས་ས་དེ་རུ་མི་གནས་པའི་རྗེས་ཤུལ་ཡོད་པ་རེད།
༢ གནའ་སྔ་མོའི་རྒྱའི་ལོ་རྒྱུས་ནང་གི རྒྱ་ནག་ནུབ་ཕྱོགས་སུ་གནས་པའི་སྐད་ལུགས་མི་གཅིག་པའི་མི་རིགས་
ཆང་(་འཇང་ངམ་སྤྱང་ཡང་ན་བྱང་། མིན་ན་ལྡོང་ཟུར་ཆགས་སྐད)གི་མིང་སྔ་ཤོས་དེ། རུས་པའི་ཐོག་བྲིས་པ་དེ་ལ་ལོ་སྟོང་བཞིའི་ལོ་རྒྱུས་ཡོད་པར་སྨྲ།
༣ བོན་གྱི་ལོ་རྒྱུས་གཞིར་བཟུང་ན། སྟོན་པ་གཤེན་རབས་སྐབས་ནས་མདོ་སྨད་དུ་མཁས་པ་དེ་འདྲ་བྱུང་ཚུལ་འདུག་པ་མ་ཟད། གནམ་གྱི་ཁྲི་བདུན་སྐབས་ནས་དགོན་གནས་ཀྱང་དུ་མ་ཞིག་བྱུང་བའི་ལོ་རྒྱུས་འདུག
མདོ་སྨད་བྱང་བརྒྱུད་དུ་བོན་བསྟན་དར་ཚུལ་རགས་ཙམ་བརྗོད་པ་ཕན་བྱེད་སྨན་གྱི་རིལ་བུ་ཞེས་པའི་ནང་འདི་ལྟར་བཀོད་འདུག
་་་སྔོན་དང་པོ་སྟོན་པ་གཤེན་རབ་ཀྱི་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་འཛམ་གླིང་མཁས་པ་དྲུག་བྱོན་པའི་ནང་གི་ཁྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་མཚོ་སྔོན་ཕྱོགས་འདིར་འཁྲུངས་པ་ཡིན། དེ་ནས་བཟུང་། རྨ་ཁྲོམ་ར་གསུམ་ཞེས་རྨ་རྒྱལ་ཆུ་གླིང་དང་ཁྲོམ་ཁྲི་གཤོག་རྒྱལ་མོའི་མཚོ་མོ། ར་རྒྱ་ཁྱུང་མགོན་སོགས་སུ་བོན་བསྟན་དར། དེ་ནས་བོད་རྒྱལ་ཏིང་ཁྲི་བཙན་པོའི་རིང་མདོ་ཁམས་ཁམས་དབྱར་མོ་ཐང་ཞེས་པར་ཀ་ཅུའི་༼ཀ་ཆུ༽མཁན་པོ་གཙུག་ཕུད་རྒྱལ་བ་འཁྲུངས་ནས། མཚོ་ཁའི་བོན་པོ་གདོང་སྣ་དང་འདུལ་བའི་བླ་རྣམ་དུ། བྲག་དཀར་རྩེ་མཐོར་སྒོམ་ལ་གནས། ཞེས་གསུངས་པ་བྲག་དཀར་༼རྨ་རི་ཏེའུ་གསུམ༽གྱི་གྲུབ་གནས་སོགས་སུ་་མདོ་སྔགས་གཉིས་ཀ་དར་བར་མཛད་པ་པོ་ནི། ཁྲོམ་གཤེན་རྔམ་པ་ལྕེ་རིང་དང་མཁན་ཆེན་མུ་ཟི་གསལ་བཟང་སོགས་ཡིན་པ་ཀུན་གྱིས་ཤེས་ལ་དེ་དག་གནམ་གྱི་ཁྲི་བདུན་རིང་ཡིན་པའང་ཀུན་གྱིས་ཤེས་ཐུབ་བོ། ཞེས་སོགས་གསལ། མང་དུ་ལྟ་འདོད་ན་བོན་མང་དྲ་རྒྱའི་ནང་ལྟོས།
ངས་ནི། ཨ་མདོའི་སྐད་ནང་ལ་བོད་སྐད་ཀྱི་ཕྱི་མོའི་ཁུངས་གཏུགས་ས་ཡོད་ན་དབུས་དམག་དེར་སོང་བ་ཚོས་འཁྱེར་ཡོད་པ་འདོད་ཀྱང་། ཨ་མདོ་ཡུལ་སྐད་ཡིན་ན་དབུས་དམག་གིས་འཁྱེར་བའི་སྐད་ཡིན་པས་ཁྱབ་པ་ཁས་བླངས་མེད་དོ། ངས་སྔར་གར་ཞྭ་མཚན་ཉིད་སློབ་གྲྭར་དགེ་རྒན་བྱེད་དུས་རྒྱ་གར་རྒྱལ་ཡོངས་བོད་ཀྱི་རིགས་གནས་སྐོར་ལ་ཚོགས་འདུ་འཚོགས་སྐབས་ཡུལ་མིའི་མཁས་པ་ཅིག་གིས་གར་ཞྭ་ལུང་ཆུང་ཆུང་འདིའི་ནང་སྐད་རིགས་ཅུང་ཟད་ཅུང་ཟད་མི་འདྲ་བ་༼༩༽དགུ་ཡོད་རེད་བཤད་སོང་། དེ་བདེན་ན་ཡུལ་ཁག་གཞན་ལ་ཡང་སྐད་རིགས་ལ་མཐའ་མེད་པ་རེད།