པད་མ་ཚེ་དབང་ཤཱསྟྲིས་བསྒྱུར།
Karvatein badalte rahe saari raat ham, aap ki kasam/
Gam na karo din judai ke bahut hain kam, aap ki kasam/
གཡས་གཡོན་བརྗེ་ཞིང་མཚན་གང་ངས་བསྐྱལ། ཁྱེད་རང་ཉིད་ཚད་བཙུགས།།
ཐུགས་ཁྲལ་མ་གནང་བྲལ་བའི་ཉི་མ་ཐུང་ནས་ཐུང་དུ་འགྲོ་ངེས། ཁྱེད་རང་ཉིད་ཚད་བཙུགས།
Yaad tum aate rahe ek hook si uthti rahi/
Nind mujse Nind se mein bhagti chhupti rahi/
Raat bhar beran bhigodi chandini chupti rahi/
Aag si jalti rahi girti rahi shabnam, Aap ki kasam
ཁྱེད་རང་དྲན་ནས་མགྲིན་པའི་ནང་ནས་ཨིག་སྐད་ཤོར་བའི་ངང་དུ་གནས།།
གཉིད་ལས་ང་དང་ང་ལས་གཉིད་གཉིས་ཡིབ་བྲོས་བྱེད་རེས་བྱས་ཏེ་གནས།།
མཚན་གང་གཉིད་ལ་རྗེས་འདེད་བྱས་ཀྱང་ཟླ་འོད་ཚེར་མའི་ཚུལ་དུ་ཟུགས།།
མེ་ལྟར་འཚིག་པའི་གནས་སྐབས་སུ་ཡང་ཟིལ་པས་འཇོག་འཇོག་བྱས་ལྟ་བུ།། ཁྱེད་རང་ཉིད་ཚད་བཙུགས།
Jheel si aankhon main aashiq dub ke kho jaayega/
Julf ke saaye mein dil armaan bhara so jaayega/
Tum chale jao nahin to kuchh na kuchh ho jaayega/
Dagmaga jaayegi aise haal mein kadam, Aap ki kasam/
མཚོ་མོ་འདྲ་བའི་མིག་གི་ནང་དུ་འདོད་ལྡན་ཐིམ་ནས་ཡལ་གྱི་རེད།།
ལན་བུའི་གྲིབ་བསིལ་སྣུམ་པའི་འོག་ཏུ་བློ་བདེར་གཉིད་དུ་ཡུར་གྱི་རེད།།
ཁྱེད་རང་ཕར་ལ་ཕེབས་ན་མ་གཏོགས་ག་རེའང་ཡོང་རྒྱུ་ངེས་པ་རེད།།
གནས་སྐབས་འདི་དང་འདྲ་བའི་ནང་དུ་གོམ་ནོར་ཐེབས་པ་ཡོང་ཡང་སྲིད། ཁྱེད་རང་ཉིད་ཚད་བཙུགས།
Rut jaaye ham to tum hamko mana lena sanam/
Dur ho to paas hamko tum bula lena sanam/
Kuchh gila ho to gale humko laga lena sanam/
Tut na jaaye kabhi ye pyaar ki kasam, Aap ki kasam/
ང་རང་ཁྲོས་པ་དེ་འདྲ་བྱུང་ན་བློ་འགུག་བྱེད་རོགས་མཛའ་བོ་ལགས།།
ཐག་རིང་དྲགས་འདུག་སྙམ་པ་བྱུང་ན་ཉེ་བར་སྐད་ཐོངས་མཛའ་མོ་ལགས།།
མ་འགྲིག་གནས་སྐབས་དེ་འདྲ་བྱུང་ན་སྐེ་ལ་འཐམ་རོགས་མཛའ་བོ་ལགས།།
ནམ་ཡང་མི་ཞིག་བརྩེ་བའི་མདུད་པ་དམ་པོར་གནས་པའི་སྨོན་ལམ་འདེབས།། ཁྱེད་རང་ཉིད་ཚད་བཙུགས།།
Karvatein badalte rahe saari raat ham, aap ki kasam/
Gam na karo din judai ke bahut hain kam, aap ki kasam/
ཁྱེད་རང་ཚད་བཙུགས། ང་ནི་མཚན་གང་མལ་ནང་གཉིད་མེད་གཡས་གཡོན་བརྗེས་ནས་བསྐྱལ་བ་ཡིན།
ཁྱེད་རང་ཚད་བཙུགས། ཐུགས་ཁྲལ་མ་གནང་ང་གཉིས་ཁ་བྲལ་ཉི་དེ་ཞེ་དྲགས་ཐུང་ཐུང་འོངས།
https://www.youtube.com/watch?v=G6pt7nij6WQ
སྒྲ་བསྒྱུར་ལེགས་པོ་ཞེ་དྲག་གནང་འདུག ཐུགས་རྗེ་ཆེ། ཚེ་དབང་ལགས།
ཁྱེད་རང་ཚད་བཙུགས། ང་ནི་མཚན་གང་མལ་ནང་གཉིད་མེད་གཡས་གཡོན་བརྗེས་ནས་བསྐྱལ་བ་ཡིན།
ཁྱེད་རང་ཚད་བཙུགས། ཐུགས་ཁྲལ་མ་གནང་ང་གཉིས་ཁ་བྲལ་ཉི་དེ་ཞེ་དྲགས་ཐུང་ཐུང་འོངས།
་
འདི་བོད་སྐད་སྲོལ་རྒྱུན་ལྟར་བྱས་ན།
་
དཀོན་མཆོག་ཚད་བཙུགས། ང་ནི་མཚན་གང་གཉིད་མེད་ཕར་སློག་ཚུར་སློག་བསྐྱལ།
ཁྱེད་རང་ཚད་བཙུགས། ད་ཁྱེད་མ་ཞེད་ཁ་བྲལ་ཉིན་དེ་ད་འོང་རན།