པད་མ་ཚེ་དབང་ཤཱསྟྲིས་བསྒྱུར།
Jab mohabbat jawan hoti hai, har ada ek jaban hoti hai/
Tum jahan pyaar se kadam rakh do, who jamin aasaman hoti hai/
གང་ཚེ་བརྩེ་དུངས་གཞོན་ནུ་ཡིན་སྐབས་དེར། རྣམ་འགྱུར་མཐའ་དག་ངག་གི་རང་བཞིན་ཉིད།།
གང་དུ་ཁྱོད་ཀྱིས་བརྩེ་བའི་གོམ་སྟབས་བཤམས། དེ་ནི་གནམ་ས་གཉིས་ཀར་ཁྱབ་དང་འདྲ།།
Gunche gunche me hans rahe ho tum, inn kyalon me bas rahe ho tum/
Yung mere dil me bas rahe ho tum, jaise murali me tan hoti hai/
Jab mohabbat jawan hoti hai, har ada ek jaban hoti hai/
Tum jahan pyaar se kadam rakh do, who jamin aasaman hoti hai/
ཁྱོད་ཀྱི་དགོད་སྒྲའི་བྲག་ཆ་ལྷང་ལྷང་དང་། བརྩེ་དུངས་ཡིད་ལ་འཁོར་བཞིན་སྡོད་སྟངས་དེས།།
ཇི་ལྟར་རྒྱུད་མངས་ལས་བྱུང་དབྱངས་སྙན་བཞིན། ངའི་སྙིང་ལ་ཚིམ་པ་སྟེར་བཞིན་གནས།།
གང་ཚེ་བརྩེ་དུངས་གཞོན་ནུ་ཡིན་སྐབས་དེར། རྣམ་འགྱུར་མཐའ་དག་ངག་གི་རང་བཞིན་ཉིད།།
གང་དུ་ཁྱོད་ཀྱིས་བརྩེ་བའི་གོམ་སྟབས་བཤམས། དེ་ནི་གནམ་ས་གཉིས་ཀར་ཁྱབ་དང་འདྲ།།
Kuchh kaho toh kaha nahi jata, dard dil kaa saha nahi jata/
Bin tumhare raha nahi jata, hay mushkil me jan hoti hai/
Jab mohabbat jawan hoti hai, har ada ek jaban hoti hai/
Tum jahan pyaar se kadam rakh do, who jamin aasaman hoti hai/
ཤོད་འདོད་ཡོད་ཀྱང་ཤོད་ཚོད་མི་ཐིག་གདའ། སྙིང་གི་ན་ཟུག་བཟོད་སྒོམ་མི་ཐུབ་གདའ།།
ཇི་ལྟར་གདོས་བཅས་སྲོག་དང་བྲལ་བ་བཞིན། ཁྱོད་དང་བྲལ་ནས་གནས་སྡོད་དཀའ་མོ་གདའ།།
གང་ཚེ་བརྩེ་དུངས་གཞོན་ནུ་ཡིན་སྐབས་དེར། རྣམ་འགྱུར་མཐའ་དག་ངག་གི་རང་བཞིན་ཉིད།།
གང་དུ་ཁྱོད་ཀྱིས་བརྩེ་བའི་གོམ་སྟབས་བཤམས། དེ་ནི་གནམ་ས་གཉིས་ཀར་ཁྱབ་དང་འདྲ།།
Halka halka surur hota hai, dil toh masti me chur hota hai/
Bat jo bhi kahi nahi jati, woh nazar se bayan hoti hai/
Jab mohabbat jawan hoti hai, har ada ek jaban hoti hai/
Tum jahan pyaar se kadam rakh do, who jamin aasaman hoti hai/
སེམས་ལ་སྤྲོ་སྣང་ལྷང་ལྷང་ཡོང་བཞིན་གདའ། སྙིང་ནང་རྩེད་འཇོའི་རྦ་རླབས་འཕྱུར་བཞིན་གདའ།།
ངག་ནས་སྨྲ་བརྗོད་བྲལ་བའི་སྙིང་གཏམ་དེ། མིག་གི་རྣམ་འགྱུར་ཉིད་ལས་རྟོགས་ངེས་གདའ།།
གང་ཚེ་བརྩེ་དུངས་གཞོན་ནུ་ཡིན་སྐབས་དེར། རྣམ་འགྱུར་མཐའ་དག་ངག་གི་རང་བཞིན་ཉིད།།
གང་དུ་ཁྱོད་ཀྱིས་བརྩེ་བའི་གོམ་སྟབས་བཤམས། དེ་ནི་ས་གནམ་གཉིས་ཀར་ཁྱབ་དང་འདྲ།།
Jab mohabbat jawan hoti hai, har ada ek jaban hoti hai/
Tum jahan pyaar se kadam rakh do, who jamin aasaman hoti hai/
བརྩེ་དུང་པུ་གུ་ཡིན་དུས། སྐད་ཆའི་ནང་ནས་ཚང་མ་ཧ་གོ་གི་འདུག ཁྱེད་རང་གོམ་པ་སྤོ་ཡག་མང་དྲགས་ནས། རྐང་རྗེས་གང་ས་གང་ལ་བཞག་འདུག
Jab mohabbat jawan hoti hai, har ada ek jaban hoti hai/
Tum jahan pyaar se kadam rakh do, who jamin aasaman hoti hai/
་
གལ་སྲིད་བརྩེ་སེམས་ཡར་ནར་སོན་ན། ཡོད་ཚད་ལངས་འཚོས་ནར་སོན་རྒྱས་པ།
ཁྱོད་ཀྱིས་བྱམས་བརྩེས་གོམ་པ་སྤོས་དང་། ས་དེ་ནམ་མཁའི་དངོས་པོར་འགྱུར་རོ།