པད་མ་ཚེ་དབང་ཤཱསྟྲིས་བསྒྱུར།
Ek pyaar kaa nagmaa hai maujon kaa ravaani hai/
Zindagi aur kuchh bhi nahi tere mere kahaani hai/
བརྩེ་དུངས་ཀྱི་གླུ་ཞིག་དང་། རྦ་རླབས་ཀྱི་འགྲོས་ཤིག་རེད།།
མི་ཚེ་ནི་ཅི་ཡང་མིན། ང་གཉིས་ཀྱི་གཏམ་རྒྱུད་རེད།།
Kuchh paakar khona hai kuchh khokar paana hai/
Jeevan ka matlab toh aanaa aur jaana hai/
Do pal ke jeevan se ek umr churaani hai/
Zindagi aur kuchh bhi nahi tere mere kahaani hai/
Ek pyaar ka nagmaa hai………….
ཐོབ་པ་ཞིག་བརླག་འགྲོ་ངེས། བརླག་པ་ཞིག་རྙེད་འགྲོ་ངེས།།
མི་ཚེ་ཡི་གོ་དོན་ནི། ཡོང་རྒྱུ་དང་འགྲོ་རྒྱུ་རེད།།
ཡུད་ཙམ་ཞིག་སྡོད་རིང་ལ། ཚེ་གང་གི་དུས་ཡུན་བརྐུ།།
མི་ཚེ་ནི་ཅི་ཡང་མིན། ང་གཉིས་ཀྱི་གཏམ་རྒྱུད་རེད།།
བརྩེ་དུངས་ཀྱི་གླུ་ཞིག་དང་། རྦ་རླབས་ཀྱི་འགྲོས་ཤིག་རེད།།
Tu dhaar hai nadiyaa ki main tera kinaraa hoon/
Tu mera saharaa hai main tera saharaa hoon/
Aankhon main samandar hai aashaaon ka paani hai/
Zindagi aur kuchh bhi nahi teri meri kahaani hai/
Ek pyaar ka nagmaa hai…………
ཁྱོད་གཙང་པོའི་ཆུ་རྒྱུན་དང་། ང་ཁྱོད་ཀྱི་གྲམ་པ་ཡིན།།
ཁྱོད་ང་ཡི་སྐྱོར་རོགས་དང་། ང་ཁྱོད་ཀྱི་སྐྱོར་རོགས་ཡིན།།
མིག་ནང་གི་རྒྱ་མཚོ་ནས། རེ་བ་ཡི་ཆུ་རྒྱུན་འཚོལ།།
མི་ཚེ་ནི་ཅི་ཡང་མིན། ང་གཉིས་ཀྱི་གཏམ་རྒྱུད་རེད།།
བརྩེ་དུངས་ཀྱི་གླུ་ཞིག་དང་། རྦ་རླབས་ཀྱི་འགྲོས་ཤིག་རེད།།
Toofan to aanaa hai aakar chale jaanaa hai/
Baadal hai ye kuchh pal kaa chaakar dhal jaanaa hai/
Parchaaiyaan reh jaati reh jaati nishaani hai/
Zindagi aur kuchh bhi nahi tere mere kahaani hai/
Ek pyaar kaa nagmaa hai……..
རླུང་འཚུབ་ནི་ཡོང་གི་རེད། སླེབས་གྱུར་ཀྱང་འགྲོ་གི་རེད།།
སྤྲིན་ཕུང་འདི་ཡུད་ཙམ་རེད། འཁྲིགས་རྗེས་སུ་ཡལ་གྱི་རེད།།
གྲིབ་གཟུགས་ནི་སྡོད་ཀྱི་རེད། དྲན་རྟེན་ཡང་སྡོད་ཀྱི་རེད།།
མི་ཚེ་ནི་ཅི་ཡང་མིན། ང་གཉིས་ཀྱི་གཏམ་རྒྱུད་རེད།།
एक प्यार का नगमा है मौजों की रवानी है
Ek pyaar kaa nagmaa hai maujon kaa ravaani hai/
ཨེག པེཡར་ ཀ་ ནག་མ་ ཧེ། མོ་ཇོང་ ཀ་ ར་ཝ་ན་ ཧེ།
བརྩེ་གདུང་གཅིག་ནི་གླུ་ཞིག་རེད། ཆུ་བོའི་རླབས་ཕྲེང་ཞིག་རེད།
་
जिंदगी और कुछ नही तेरी मेरी कहानी है,,
Zindagi aur kuchh bhi nahi tere mere kahaani hai/
ཇིན་ད་གི ཨོོར་ ཀུཆ་ ན་ཧི་ ཏེ་རི་ མེ་རི་ ཀ་ཧ་ནི་ ཧེ།
ང་གཉིས་ཀྱི་ལོ་རྒྱུས་ལས་ལྷག མི་ཚེ་ནི་ཅི་ཡང་མེད།
ཀརྡོས།
ཧིན་ཡིག་དང་མཉམ་སྦྱར་བྱས་ན། ང་དང་ང་འདྲ་བར་ཕན་པ་འབྱུང་ས་རེད།
༄༅། སྙིང་རྗེ་བོ་བསྒྱུར་འདུག་་་་བཀྲིས་བདེ་ལེགས་ཡོད།
བོད་སྐད་དུ་གོ་བདེ་བོ་ཕལ་སྐད་ཐོག་བསྒྱུར་ན་་་གཞོན་གསར་ཚོའི་་གོ་སླ་བོ་ཡོང་གི་འདུག།
ངས་་ཕོ་གསར་་་གཅིག་ལ་ཀློག་བཅུག་པ་ཡིན། ཧིན་རྡིའི་ཐོག་བྲིས་་པ་དེ་ལམ་སེང་ཤེས་ཀྱི་འདུག་
བོད་ཡིག་ཐོག་ཀློག་དུས་མང་ཆེ་བ་་ཧ་གོ་གི་མི་འདུག།
གཅིག་བྱས་ན།
རང་སྐད་མི་ཤེས་ལོག་སྐད་འདྲ།
གཞན་སྐད་ལམ་སེང་ཤེས་པ་སྐྱོ།
དེ་ནི་ཐམས་ཅད་ཚིག་ལས་ཡིན།
གོ་བདེ་ཕལ་སྐད་ཐོག་ནས་བྲིས།
ཕལ་པ་རྣམས་ནས་ངེས་ཤེས་དགོས།
གོ་བདེ་པོ་བསྒྱུན་ན་ལེགས། དོན་མ་ཤེས་ན་གང་། ཡག་པོ་འདུག ལོ་ཙཱ་འདིས་གང་ལྟར་སྒྱུར་བཅོས་ཞིག་ཁྲིད་ཡོང་གི་འདུག
དེ་སྔོན་གྱི་བོད་པའི་ན་གཞོན་ལོ་ཙཱ་བ་མང་པོས་བསྒྱུར་པ་རྣམས་དུས་ཚོད་ཆུད་གཟོད་ལྟ་བུ་རེད། མི་མང་ཆེ་བས་མི་གོ་བས། ཀློག་མི་འདོད། ཀློག་པ་པོ་ལ་བསམ་ཤེས་མེད་པའི་ལོ་ཙཱ་བ་ང་རྒྱལ་ཅན་དེ་ཚོར་དགའ་པོ་མེད། མི་དམངས་ཀྱི་ཆུ་ཚད་ལ་མི་བལྟོས་པར་ཁོང་ཚོའི་ཤེས་བྱ་དང་དཔུང་ངོམས་ནས་ཚིག་མཁྲེགས་པོ། དོན་རྟོགས་དཀའ་བོ། ནང་དོན་འཇུ་ཁག་པོ་ཤ་སྟག་བོད་པའི་སྤྱི་ཚོགས་ནང་གཡུགས་ནས་བོད་ཀྱི་རྩོམ་རིག་བང་མཛོད་ནང་ལ་གད་སྙིགས་སྤུངས་པ་ནི་ཤིན་དུ་ཐབས་ཟད་རེད།
एक प्यार का नगमा है मौजों की रवानी है
ཨེག པེཡར་ ཀ་ ནག་མ་ ཧེ། མོ་ཇོང་ ཀ་ ར་ཝ་ན་ ཧེ།
་
བརྩེ་གདུང་གཅིག་ནི་གླུ་ཞིག་རེད། ཆུ་བོའི་རླབས་ཕྲེང་ཞིག་རེད།
ཡང་ན།
ངེད་གཉིས་བརྩེ་གདུང་གླུ་གཞས་འདྲ། ཆུ་བོའི་རླབས་ཕྲེང་ཞིག་དང་འདྲ།
་
जिंदगी और कुछ नही तेरी मेरी कहानी है,,
ཇིན་ད་གི ཨོོར་ ཀུཆ་ ན་ཧི་ ཏེ་རི་ མེ་རི་ ཀ་ཧ་ནི་ ཧེ།
་
ང་གཉིས་ཀྱི་ལོ་རྒྱུས་ལས་ལྷག མི་ཚེ་ནི་ཅི་ཡང་མེད།
ཡང་ན།
ངེད་གཉིས་བརྩེ་སེམས་ལས་ལྷག་པ། མི་ཚེ་འདི་ནང་ཅི་ཡང་མེད།
ཀརྡོས།
जिंदगी और कुछ नही तेरी मेरी कहानी है,,
ཇིན་ད་གི ཨོོར་ ཀུཆ་ ན་ཧི་ ཏེ་རི་ མེ་རི་ ཀ་ཧ་ནི་ ཧེ།
་
རྒྱ་གར་སྐད་ཀྱི་སྐད་གདངས་མཚུངས་པར་གཞས་གཏོང་འདོད་ན།
འགྱུར་འདི་ལྟར་དགོས་ཏེ།
་
ཇིན་ད་གི ཨོོར་ ཀུཆ་ ན་ཧི་ ཏེ་རི་ མེ་རི་ ཀ་ཧ་ནི་ ཧེ།
མི་ཚེ་་་་་་་ འདི་ལ་་་་་་་ གང་ཡང་་་་ཡོད་་་་མ་རེད། ཁྱོད་དང་་་་ ང་ཡི་་་་་ལོ་རྒྱུས་་་་ རེད།