པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༡༩ ཟླ་༣ ཚེས་༡༠ ཉིན་བསྒྱུར།
Khilte hain gul yahaan, khil ke bikharne ko/
Milte hain dil yahaan, mil ke bichharne ko/
བཞད་རྗེས་སུ་རྙིད་པའི་ཕྱིར་མེ་ཏོག་འདིར་བཞད་ཀྱི་རེད།།
འཕྲད་རྗེས་སུ་བྲལ་བའི་ཕྱིར་བློ་ཁ་འདིར་མཐུན་གྱི་རེད།།
Kal rahe naa rahe, mausam ye pyaar ka/
Kal ruke naa ruke, dola bahaar ka/
Chaar pal mile jo aaj pyaar mein guzaar de/
Khilte hain gul yahaan, khil ke bikharne ko/
Milte hain dil yahaan, mil ke bichharne ko/
སང་ཉིན་བསྡད་རུང་མ་བསྡད་རུང་བརྩེ་དུངས་ཀྱི་ནམ་དུས་རེད།།
སང་ཉིན་སྒུག་རུང་མ་སྒུག་རུང་དཔྱིད་དུས་ཀྱི་དཔྱངས་ལིང་རེད།།
གང་རྙེད་པའི་སྐད་ཅིག་མ་བཞི་འདི་དེ་རིང་བརྩེ་དུངས་ཆེད་དུ་ཐོངས།།
བཞད་རྗེས་སུ་རྙིད་པའི་ཕྱིར་མེ་ཏོག་འདིར་བཞད་ཀྱི་རེད།།
འཕྲད་རྗེས་སུ་བྲལ་བའི་ཕྱིར་བློ་ཁ་འདིར་མཐུན་གྱི་རེད།།
Jhilon ke honthon par, meghon ka raag hain/
Phoolon ke seene mein, thandi thandi aag hai/
Dil ke aaine mein tu ye sama utaar le/
Khilte hain gul yahaan, khil ke bikharne ko/
Milte hain dil yahaan, mil ke bichharne ko/
མཚོ་མོ་ཡི་མཆུ་རྩེ་རུ་སྤྲིན་ཕུང་གི་དབྱངས་སྙན་གདའ།།
མེ་ཏོག་གི་སྙིང་ཁ་རུ་གྲང་བསིལ་གྱི་མེ་རླབས་གདའ།།
སྙིང་ཁོང་གི་མེ་ལོང་དུ་ཁོར་ཡུག་འདི་གསལ་བར་གྱིས།།
བཞད་རྗེས་སུ་རྙིད་པའི་ཕྱིར་མེ་ཏོག་འདིར་བཞད་ཀྱི་རེད།།
འཕྲད་རྗེས་སུ་བྲལ་བའི་ཕྱིར་བློ་ཁ་འདིར་མཐུན་གྱི་རེད།།
Pyaasa hain dil sanam, pyaasi ye raat hain/
Honthon me dabi dabi koi mithi baat hain/
In lamhon pe aaj tu har khushi nisaar de/
Khilte hain gul yahaan, khil ke bikharne ko/
Milte hain dil yahaan, mil ke bichharne ko/
མཚན་མོ་འདི་སྐོམ་པ་ལྟར་ཁྱོད་སྙིང་ཡང་སྐོམ་ནས་འདུག །
ཞལ་མཆུ་ཡི་འདབ་མ་ལས་སྙན་འཇེབས་ཀྱི་ངག་ལྷང་ལྷང་།།
དེ་རིང་གི་ཡུན་ཐུང་འདིར་བདེ་དགའ་ཡོངས་སྩོལ་བར་མཛོད།།
བཞད་རྗེས་སུ་རྙིད་པའི་ཕྱིར་མེ་ཏོག་འདིར་བཞད་ཀྱི་རེད།།
འཕྲད་རྗེས་སུ་བྲལ་བའི་ཕྱིར་བློ་ཁ་འདིར་མཐུན་གྱི་རེད།།
འདི་ཡང་སྙན་པོ་བྱུང་། ཡིན་ཡང་དེང་གི་གཞས་ཀྱང་བྱུང་ན་ཁ་ཤས་བོད་བསྒྱུར་གནང་སྐྱོང་ཡོང་བ་ཞུ