པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༣ ཚེས་༡༣ ཉིན་བསྒྱུར།
Chaandini raat mein, ek baar tujhe dekhaa hai/
Khud pe itaraate hue, khud pe sharmaate hue/
Chaandini raat mein, ek baar tujhe dekhaa hai/
ཟླ་འོད་འཚེར་པའི་མཚན་མོ་དེར་ ང་ཡིས་ཁྱོད་ཉིད་ཐེངས་གཅིག་མཐོང་།།
རང་གིས་རང་ལ་ཞེ་ཁྲེལ་བཞིན་ རང་གིས་རང་ལ་ངོ་ཚ་བཞིན།།
ཟླ་འོད་འཚེར་པའི་མཚན་མོ་དེར་ ང་ཡིས་ཁྱོད་ཉིད་ཐེངས་གཅིག་མཐོང་།།
Nile ambar pe kahin jhule mein/
Saat rangon ke hasin jhule mein/
Naaz-o-andaaz se lehraate hue/
Khud pe itaraate hue, khud pe sharmaate hue/
Ek baar tujhe dekhaa hai/
སྔོ་བསངས་གནམ་མཁའི་དབྱིངས་ཀྱི་གུར་ཁྱིམ་དུ།།
ཡིད་འོང་འཇའ་ཚོན་སྣ་ལྔའི་དཔྱངས་ལིང་ལ།།
བྲོ་འཁྲབ་ལུས་ཀྱི་རྣམ་འགྱུར་སྟོན་བཞིན་དུ།།
རང་གིས་རང་ལ་ཞེ་ཁྲེལ་བཞིན་ རང་གིས་རང་ལ་ངོ་ཚ་བཞིན།།
ཟླ་འོད་འཚེར་པའི་མཚན་མོ་དེར་ ང་ཡིས་ཁྱོད་ཉིད་ཐེངས་གཅིག་མཐོང་།།
Jaagati thi leke saahil pe kahi/
Leke haathon mein koi saaz hasi/
Ek rangin gazaal gaate hue/
Phul barasaate hue, pyaar chhalakaate hue/
Ek baar tujhe dekhaa hai/
རང་བཞིན་ལྟ་ན་སྡུག་པའི་ཆུ་འགྲམ་ནས།།
ལག་ན་མཛེས་པའི་རོལ་ཆ་ཞིག་བསྣམས་ཏེ།།
ངག་ནས་སྙན་པའི་གླུ་དབྱངས་སྒྲོག་པའི་ངང་།།
མེ་ཏོག་གཏོར་བཞིན་བརྩེ་དུངས་འབྱོ་བཞིན་དུ།།
ཁྱོད་ནི་ང་ཡིས་ཐེངས་གཅིག་མཐོང་།།
Khulake bikhare jo mahakate kesu/
Ghul gai jaise havaa mein kushabu/
Meri har saans ko mahakaate hue/
Khud pe itaraate hue, khud pe sharmatee hue/
Ek baar tujhe dekhaa hai/
དྲི་ཞིམ་སྐྲ་ལོའི་མདུད་པ་འདི་ཞིག་སྐབས།།
རླུང་དང་དྲི་བསུང་འདྲེས་པ་ཇི་བཞིན་དུ།།
ང་ཡི་འབྱུང་རྔུབ་ཡོད་ཚད་འཐུལ་བྱས་ཏེ།།
རང་གིས་རང་ལ་ཞེ་ཁྲེལ་བཞིན་ རང་གིས་རང་ལ་ངོ་ཚ་བཞིན།།
ཁྱོད་ནི་ང་ཡིས་ཐེངས་གཅིག་མཐོང་།།
Tune chahare pe jhukaayaa chaharaa/
Maine haathon se chhupaayaa chaharaa/
Laaj se sharm se ghabaraate hue/
Phul barasaate hue, pyaar chhalakaate hue/
Ek baar tujhe dekhaa hai/
ཁྱོད་ཀྱིས་གདོང་གི་ཐད་དུ་གདོང་སྦྱོར་སྐབས།།
ངོ་ཚའི་དབང་གིས་སེམས་པ་འཚབ་བཞིན་དུ།།
ངས་ནི་ལག་པས་གདོང་པ་འགེབ་ཐབས་བྱས།།
མེ་ཏོག་གཏོར་བཞིན་བརྩེ་དུངས་འབྱོ་བཞིན་དུ།།
ཁྱོད་ནི་ང་ཡིས་ཐེངས་གཅིག་མཐོང་།།
རྒྱ་གར་གྱི་སྙན་ངག་ཇི་འདྲ་སྙན་པ་ལ་ཨང་། པདྨ་ལགས་བཀྲིན་ཆེ།