པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༡༩ ཟླ་༣ ཚེས་༡༥ ཉིན་བསྒྱུར།།
Gore rang pe na itna gumaan kar,
Gora rang do din mein dhal jaayega/
དཀར་མདངས་རྒྱས་ལ་འདི་འདྲའི་དྲེགས་མ་གནང་།།
དཀར་མདངས་ཉི་མ་གཉིས་ལ་ཡལ་གྱི་རེད།།
Main shama hoon tu hai parvaana,
Mujhse pahele tu jal jaayega/
Gore rang pe na itna gumaan kar,
Gora rang do din mein dhal jaayega/
ང་ནི་མར་མེ་ཁྱོད་ནི་ཕྱེ་ལེབ་གཟུགས།།
ང་ལས་སྔོན་ལ་ཁྱོད་ནི་འཚིག་འགྲོ་ལོ།།
དཀར་མདངས་རྒྱས་ལ་འདི་འདྲའི་དྲེགས་མ་གནང་།།
དཀར་མདངས་ཉི་མ་གཉིས་ལ་ཡལ་གྱི་རེད།།
Roop mit jaata hai ye pyaar ai dildaar nahi mitata/
Ho ho phool murjhaane se gulzaar o sarkaar nahi mitata/
Kya baat kahi hai hoy tauba,
Ye dil beimaan machal jaayega/
Gore rang pe na itna gumaan kar,
Gora rang do din mein dhal jaayega/
གཟུགས་ཕུང་རྒུད་ཀྱང་བརྩེ་དུངས་མི་རྒུད་སྙིང་ཉེ་མ།།
མེ་ཏོག་རྙིད་ཀྱང་སྐྱེད་ཚལ་མི་ཉམས་མཛའ་བོ་ལགས།།
མཆོག་གསུམ་མཁྱེན་ནོ་འདི་འདྲ་གསུངས་གྱུར་ན།།
མ་རབས་སེམས་འདི་ལམ་ནོར་ཐེབས་ས་རེད།།
དཀར་མདངས་རྒྱས་ལ་འདི་འདྲའི་དྲེགས་མ་གནང་།།
དཀར་མདངས་ཉི་མ་གཉིས་ལ་ཡལ་གྱི་རེད།།
Aapko hai aisa inkaar to ye pyaar yaheen chhodo,
Pyaar ka mausam hai bekaar ki takarar yaheen chhodo/
Hathoon mein haath zara de do,
Baaton mein waqt nikal jaayega/
Gore rang pe na itna gumaan kar,
Gora rang do din mein dhal jaayega/
གལ་ཏེ་ཁྱོད་ལ་འདོད་པ་མེད་ན་བརྩེ་དུངས་འདི་གར་མཚམས་འཇོག་གྱིས།།
ཕན་ཚུན་བརྩེ་བའི་ནམ་དུས་ཡིན་ཙང་དོན་མེད་འཐབ་རྩོད་མཚམས་འཇོག་གྱིས།།
ལག་པའི་ནང་དུ་ལག་པ་སྤྲོད་གནང་དང་།།
ཁ་བརྡའི་ངང་ནས་དུས་ཚོད་འཁྱོལ་འགྲོ་ལོ།།
དཀར་མདངས་རྒྱས་ལ་འདི་འདྲའི་དྲེགས་མ་གནང་།།
དཀར་མདངས་ཉི་མ་གཉིས་ལ་ཡལ་གྱི་རེད།།
Main tujhe kar daaloon masroor nashe mein choor to maanoge/
Tumse main ho jaaoon kuch door e magarur ho maanoge/
Tu laak bacha mujhse daaman,
Ye husn ka jaadu chal jaayega/
Gore rang pe na itna gumaan kar,
Gora rang do din mein dhal jaayega/
གལ་ཏེ་ངས་ཁྱོད་ཆང་གིས་བཟི་ལྟར་བཟོ་བར་བྱས་ན་ཉན་ནམ་ཅི།།
དྲེགས་ལྡན་ཁྱོད་ལས་ང་ནི་གང་འཚམས་རྒྱང་རིང་འགྲོ་ན་ཉན་ནམ་ཅི།།
དབང་ལྡན་ཁྱོད་ཀྱིས་ང་ལས་ཇི་ལྟར་གཡོལ་བྱས་ཀྱང་།།
ལང་ཚོའི་གཟུགས་འདིས་སྒྱུ་མའི་བྱ་བ་བྱས་འགྲོ་ལོ།།
དཀར་མདངས་རྒྱས་ལ་འདི་འདྲའི་དྲེགས་མ་གནང་།།
དཀར་མདངས་ཉི་མ་གཉིས་ལ་ཡལ་གྱི་རེད།།